དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སློབ་གླིང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་མཁན་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུའི་གཞི་རྩའི་ལས་འགན་དེར་དམིགས་ནས་བོད་ལྗོངས་སློབ་གྲྭ་ཆེ་མོའི་བཟོ་སྐྲུན་སློབ་གླིང་ཏང་ཨུད་ཀྱིས “སུའི་ཆེད་དུ་གསོ་སྐྱོང་བྱེད་པ་དང་། མི་ཇི་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱེད་པ ”བཅས་ཀྱི་གཞི་རྩའི་གནད་དོན་དེ་དམ་འཛིན་གྱིས་མཐོ་སློབ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་དེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་པ། བྱ་ཐབས་གསར་གཏོད་བྱས་པ། བྱ་ཐབས་ནུས་ལྡན་སྤྱད་པ་བཅས་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བྱུང་བ་དང་ཕན་ཐོག་མངོན་གསལ་དོད་པོ་བྱུང་ཡོད་ཅིང་། སློབ་གླིང་ཏང་ཨུད་ལོ་གཉིས་བསྟུད་མར “བོད་ལྗོངས་སློབ་གྲྭ་ཆེ་མོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”ལ་བདམས་པ་རེད།

        སིམ་འཛུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དམ་པོར་བཟུང་ཞིང་། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བསམ་བློའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་མངོན་གསལ་དོད་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་སློབ་གླིང་གི་དངོས་ཡོད་དང་བསྟུན་ནས་སློབ་གླིང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་བྱས་པ་དང་། སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་བ། སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་པ་བཅས་ལས་སློབ་གླིང་ཡོངས་ཀྱི་ཏང་ཡོན་དགེ་སློབ་ཚོས་སློབ་སྦྱོང་བྱ་རྒྱུར་དགའ་བ་དང་། སློབ་སྦྱོང་བྱེད་མཁས་པ། རང་འགུལ་ངང་སློབ་སྦྱོང་བྱེད་པ། ཚེ་གང་སློབ་སྦྱོང་བྱེད་པ་བཅས་ཀྱི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས “རླབས་ཆེན་མེས་རྒྱལ་ལ་བཀའ་དྲིན་འཇལ་བ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི ”གཏམ་བཤད་འགྲན་བསྡུར་དང “གསར་བརྗེའི་གླུ་གཞས་ཚང་མས་ལེན་པ ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་སློབ་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་འདུ་ཤེས་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་སྤྱང་གྲུང་དང་བློ་གྲོས་ལེཌ་སྐྱེས་འབུལ་བའི་ཕུཌ་བསམ་ཆེན་པོ་ལྡན་པ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

        བྱ་ཐབས་གསར་གཏོད་བྱས་ནས་སློབ་གླིང་གི་གཞི་རིམ་ཏང་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། གཞི་རིམ་ཏང་རྩ་འཛུགས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་གཤམ་དུ་འཇོག་རྒྱུར་སྐུལ་འདེད་བཏང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པའི་ལས་དོན་ལ་འབད་བརྩོན་བྱས་པས་སློབ་གླིང་དུ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཧུར་ཐག་སྤེལ་ཏེ་གཅིག་ནས་སྔ་ཙམ་བློ་སྒོ་འབྱེད་པ་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བ་དང་། གཉིས་ནས་སྔ་ཙམ་ཞིབ་བཤེར་བྱེད་པ་དང་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་བ། གསུམ་ནས་སྔ་ཙམ་འདེམས་པ་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་བ་བཅས་བྱས་ཡོད་པ་རེད། ལས་སྟེགས་ཧུར་ཐག་བསྐྲུན་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མིག་སྔར་སློབ་གླིང་གིས་ཁྱོན་བསྡོམས་རྒྱལ་ཁབ་ཀྱི “973”དུས་འགོའི་ཞིབ་འཇུག་ཆེད་དོན་དཔྱད་བཞི་དང་། རང་བྱུང་ཚན་རིག་གི་ཐེབས་རྩའི་རྣམ་གྲངས། གློག་རྡུལ་འཕེལ་རྒྱས་ཐེབས་རྩའི་རྣམ་གྲངས། སློབ་གསོ་པུའི་ཚན་རྩལ་གསར་གཏོད་འདུ་འགོད་ཀྱི་གལ་ཆེའི་རྣམ་གྲངས། ཚན་རྩལ་པུའི་གསར་གཏོད་ཐེབས་རྩའི་རྣམ་གྲངས་སོཌ་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་20ལྷག་ཙམ་སྒྲུབ་འགན་འཁུར་ཡོད་པས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།