ཁེ་གསུམ་གྲོང་མི་ཨུ་ལྷན་དེ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ལྷོ་ངོས་སྤྱི་ལེ་7 གྱི་སར་གནས་པ་དང་དེ་ནི་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཨང་དང་པོ་དང་། ཞིང་པའི་མཐུན་ཚོགས་ཨང་དང་པོ། མི་དམངས་ཀུང་ཧྲེ་ཨང་དང་པོ། སློབ་ཁྲིད་ས་ཚིགས་ཨང་དང་པོ་བཅས་ཡིན་པས “དམར་མདངས་བཀྲ་བའི་ས་གཞི ”ཞེས་བརྗོད་ཀྱི་ཡོད། ཁེ་གསུམ་གྲོང་མི་ཨུ་ལྷན་དུ་ད་ཆ་ཞིང་དུད་218དང་མི་འབོར་845ཡོད་པ་དེའི་ཁྲོད་ཏང་ཡོན་54དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་20ཡོད། 2009ལོར་གྲོང་ཚོ་དེ་ཡོངས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1224.27ལོན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7656ཟིན་ཡོད། ཁེ་གསུམ་གྲོང་མི་ཨུ་ལྷན་ལ་སྣེ་གདོང་རྫོང་གི “ཕྱོགས་བསྡུས་བཅོས་སྒྲིག་གི་དཔེ་སྟོན་གྲོང་ཚོ ”དང་། ལྷོ་ཁ་ས་ཁུལ་གྱི “ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་ཁྲོད་ཀྱི་སྔོན་ཐོན་ཚན་པ ”རང་སྐྱོང་ལྗོངས་ཀྱི “སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད་པ་རེད།
“ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་ཏང་ཀྲི་པུའུ་དེར་ད་ཡོད་ལས་བྱེད་པ་8ཀྱི་ཁྲོད་སློབ་ཆེན་ཐོན་པའི “གྲོང་དཔོན ”1དང་བུད་མེད་ལས་བྱེད་པ་1ཡོད་པའི་ཆ་སྙོམས་ལོ་ཚད་44རེད། ཁེ་གསུམ་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུས་ཕྱུག་འགྱུར་འཇོན་ཐང་ཅན་དང་། དམག་ཞབས་ཐིམས་པའི་དམག་མི། འབྲིང་རིམ་ཆེད་ཚན་གྱི་སློབ་ཐོན་སློབ་མ་བཅས་ཀྱི་ཁྲོད་ནས་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ་གཙིགས་སུ་འཛིན་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པའི་མཛོད་དང་ཡིག་ཚགས་བཟོས་ཏེ་གནས་གཏན་འཁེལ་གྱི་གསོ་སྐྱོང་དང་རྗེས་སྙེག་རྟོག་ཞིབ་བྱས་ནས་སྟབས་བསྟུན་གྱི་དོ་དམ་བྱེད་ཀྱི་ཡོད།
ཁེ་གསུམ་གྲོང་མི་ཨུ་ལྷན་གྱིས་འཕེལ་རྒྱས་གཏོང་ཐབས་ཟམ་མི་ཆད་པར་གསར་གཏོད་དང་འབབ་འཕར་ཡོང་ཐབས་ལ་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་དཔལ་འབྱོར་གྱི་དངོས་ཤུགས་ཆེ་རུ་བཏང་ཞིང་། བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཨང་དང་པོ་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་གསར་བརྗེའི་ཐོན་ཁུངས་སྤྱད་དེ་གསར་བརྗེའི་ཡུལ་སྐོར་སྤྲོ་འཆམ་དང་མི་རིགས་ཀྱི་ཁྱད་ལྡན་སྤྲོ་གསེང་ལྟ་སྐོར་གྱི་ཡུལ་སྐོར་སྤྲོ་འཆམ་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་གྲོང་མི་ཨུ་ལྷན་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བཏང་བས་2009ལོ་ཁོ་ནར་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་20ཙམ་བྱུང་ཡོད། འདེབས་འཛུགས་དང་གསོ་ཚགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་པོ་ནས་བརྩོན་ལེན་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ནང་འདེབས་འཛུགས་བྱེད་པའི་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་པ་མ་ཟད་རིགས་གཅིག་མཁས་ཅན་གདན་ཞུས་ཀྱིས་སྔོ་ཚལ་འདེབས་འཛུགས་ལག་རྩལ་མི་སྣ་གསོ་སྦྱོང་བྱས་ནས་གྲོང་མིའི་དངུལ་སྨར་ཡོང་འབབ་མང་དུ་བཏང་ཡོད་པ་རེད།
ཁེ་གསུམ་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུས་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའི་གནས་ཪྙིང་ཨང་དང་པོ་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་ལོ་རྒྱུས་ཧུར་ཐག་སྤྱད་དེ་གསར་བརྗེའི་རྒྱུ་རྐྱེན་གཙོ་བོ་དང་། གསར་བརྗེའི་རིག་གནས། གསར་བརྗེའི་སྙིང་སྟོབས་བཅས་སྔོག་འདོན་ཧུར་ཐག་བྱས་ཏེ་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཨང་དང་པོ་དང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེར་བཏང་ཡོད། མ་དངུལ་སྒོར་ཁྲི་160བརྩོན་ལེན་བྱས་ཏེ་གྲོང་གསེབ་ཀྱི་ཏང་ཀྲི་པུའི་གནས་ཪྙིང་ཨང་དང་པོར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་རིག་དངོས་གཙོ་བོ་དང་། ལོ་རྒྱུས་ཀྱི་དཔྱད་གཞི་བསྡུ་རུབ། སྲུང་སྐྱོང་། ལེགས་སྒྲིག་ལས་དོན་བཅས་ཡག་པོ་བསྒྲུབ་ནས་སློབ་གསོའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་སློབ་གསོའི་ཕན་ནུས་རྒྱ་ཆེར་བཏང་བ་བཅས་རེད།