དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དམངས་ཕྱུག་དང་གྲོང་རྡལ་སྟོབས་ལྡན་གྱི་སྲ་ཞིང་བརྟན་པའི་བཙན་རྫོང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་ཏང་ཨུད་ཀྱིས་རང་ངོས་ས་ཁོངས་ཀྱི་ལེཌ་ཆར་གཞི་ཚུཌ་ཏེ་དམངས་འཚོ་ལེགས་གཏོང་བྱ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་པ། གཞི་ཁྱོན་ལྡན་པའི་འདེབས་འཛུགས་གསོ་ཚགས་ལས་རིགས་དང་སྣོད་བཅུད་ཡུལ་སྐོར་ལས་རིཌ་གཙོ་གནད་ཐོག་གཏོད་པ་བཅས་བྱས་པས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་བྱུང་བ་རེད།

        ཁྱད་ལྡན་གྱི་ཏང་འཛུགས་སྐྱོང་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ། བརྒྱད་གཅིག་གྲོང་རྡལ་ཏང་ཨུད་ཀྱིས “ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཁྲི་ཤོར་བ་ཞིག་ཡིན་པའི ”འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཙོ་གནད་དུ་བཞག་པ་དང་། འཚོལ་ཞིབ་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་ཡོད། གྲོང་ཚོའི་ལས་བྱེད་པས་མཉམ་སྡེབ་ཀྱི་དཔལ་འབྱོར་ལ་དམ་འཛིན་བྱེད་པའི་ལྕག་སྐུལ་ལམ་སྲོལ་བཙུགས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་ནི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཀྲི་པུས་དངུལ་བཏོན་ནས་བྱ་བ་སྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་རེད། “གཉིས་རོགས་གཅིག་ཁྲིད ”ཀྱི་བྱེད་སྒོ་སྤེལ་ཞིང་བརྒྱད་གཅིག་གྲོང་རྡལ་གྱི་ཏང་ཨུད་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་རུ “གཉིས་རོགས་གཅིག་ཁྲིད ”ཀྱི་བྱེད་སྒོ་སྤེལ་རྒྱུ་བཏོན་པ་སྟེ། གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མིས་ཏང་ཡོན་གཅིག་ཕྱུག་འགྱུར་འཇོན་ཐང་ཅན་དུ་འགྱུར་རྒྱུར་རོགས་རམ་བྱས་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་གཅིག་ཏང་ཡོན་ལ་འཕེལ་རྒྱས་གཏོང་རོགས་བྱས་པ། དུད་ཚང་དབུལ་པོ་གཅིག་ཕྱུར་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་བཅས་དང་འབྲེལ་བྲག་ཕྱིབས་གྲོང་ཚོར་སྔོན་ལ་ཚོད་ལྟ་བྱས་པ་རེད། “སྐར་ལྔ་རིམ་པའི ”ཏང་ཡོན་གྱི་དཔྱད་འདེམས་ཆེ་མོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། གྲོང་ཚོའི་ནོར་དོན་གྲོང་རྡལ་གྱིས་དོ་དམ་བྱས་ཏེ་གྲོང་ཚོར་སྤྱོད་པའི་ལམ་ལུགས་ཁྱབ་གདལ་བཏང་ཞིང་གྲོང་ཚོ་རིམ་པའི་ནོར་དོན་དོ་དམ་སྔར་བར་ཚད་ལྡན་ཡོང་བ་བྱེད་ཆེད་གྲོང་ཚོའི་མ་དངུལ་སྤྱོད་དབང་འགྱུར་ལྡོག་མི་གཏོང་བའི་གནས་ཚུལ་འོག་གྲོང་ཚོའི་མཉམ་སྡེབ་ཀྱི་མ་དངུལ་ཚང་མ་གྲོང་རྡལ་ནོར་སྲིད་ཁང་གིས་ཁོངས་སུ་བཅུག་ནས་ཆེད་མངགས་གསོག་ཉར་བྱ་རྒྱུ་དང་འབྲེལ་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་ཏན་བྱས་པ་རེད།

        “གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག ”བཏོད་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱ་རྒྱུ་སྣེ་ཁྲིད་བྱས་པ། གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་བྱ་གཞག་ཁག་ས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་མདུན་གྲས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་གྲོང་རྡལ་ཏང་ཨུད་ཀྱི་ཚན་ཁག་གཅིག་གི་མིས་རྟོག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཚོ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས “དམངས་འཚོར་དོ་སྣང་བྱེད་པ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱེད་པ། ‘གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག ’བཏོད་པ། ཐོན་ལས་ཁུལ་ཆེ་གྲས་གསུམ་དམ་འཛིན་ཡག་པོ་བྱེད་པ། ཡུལ་སྐོར་ཞབས་ཞུ་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ། དམངས་ཕྱུག་དང་གྲོང་རྡལ་སྟོབས་ལྡན་གྱི་གོམ་སྟབས་མགྱོགས་སུ་བཏང་བ ”བཅས་ཀྱི་འཕེལ་རྒྱས་གཏོང་ཕྱོགས་གཏན་འཁེལ་བྱས་ཏེ་བརྒྱད་གཅིག་གྲོང་རྡལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།

        དམངས་འཚོ་ལེགས་གཏོང་ལ་དོ་སྣང་བྱས་ཏེ་གྲོང་གསེབ་གསར་པའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། བརྒྱད་གཅིག་གྲོང་རྡལ་ཏང་ཨུད་ཀྱིས་མང་ཚོགས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ལ་ལོངས་སུ་སྤྱོད་དུ་བཅུག་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོ་ལེགས་གཏོང་གི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།