དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁེ་ལས་ཏང་འཛུགས་སྐྱོང་གི་ལེའུ་གསར་པ་ཞིག་བརྩམས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་མཁའ་ལམ་ཚོགས་པ་ཀུང་སིར་ལས་བཟོ་1221ཡོད་པ་དང་ཏང་ཡོན་293ཡོད། ཚོགས་པའི་ཏང་ཨུད་ཀྱིས “དཔལ་འབྱོར་ལ་དམིགས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”ལས་ཀའི་བསམ་ཕྱོཌ་ལ་གཞིཌ་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ནས་ཁེ་ལས་རིཌ་བསྒྱུར་བྱེད་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་ཆེད་སྟོབས་ལྡན་གྱི་བསམ་བློའི་སྒུལ་ཤུགས་དང་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད་པ་རེད། ཚན་པར་དམ་འཛིན་བྱེད་པ་དང་ལམ་ལུགས་བཙུགས་ཏེ་སྲོག་ཤིང་ལ་བརྟེན་ནས་མཁའ་ལམ་དེ་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་པ། ཚོགས་པའི་ཏང་ཨུད་ཀྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ལ་སྐུལ་འདེད་དང་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ཚན་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཚན་པའི་ཁོངས་མིའི་ཐབས་ཇུས་ཀྱི་ཆུ་ཚད་དང་འཕེལ་རྒྱས་གཏོང་ནུས་དང་མཉམ་ལས་བྱེད་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བས་ཁེ་ལས་ཀྱི་རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་ཆེད་དུ་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད། ཚོགས་པའི་ཏང་ཨུད་ཞུགས་པའི་འོག་ཀུང་སིས “རྐང་དབང་མཉམ་འབྲེལ་བྱེད་པ་དེ་སྒྲོག་ཐག་ཏུ་བྱས་ཏེ་རྐང་འཛིན་འགྲན་རྩོད་བྱེད་ནུས་སྐྱེད་སྲིང་བྱེད་པའི་རྨང་གཞིའི་ཐོག་འོས་འཚམ་གྱི་འབྲེལ་ཡོད་སྣ་མང་ཅན་ལག་བསྟར་བྱེད་པའི ”འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ནས་བོད་རང་སྐྱོང་ལྗོངས་ཆུ་བེད་འཕེལ་རྒྱས་ཀུང་སི་དང་འཕྲལ་ཐག་ཆོད་པོས་ཟླ་སྒྲིལ་བཏང་ནས་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པའི “མཁའ་ལམ་གྱི་མྱུར་ཚད ”གསར་གཏོད་ཐུབ་པ་བྱུང་བ་རེད།

        མ་ལག་འཛུགས་པ་དང་ནུས་པ་ཤུགས་ཆེར་བཏང་སྟེ་མཁར་རྫོང་སྲ་བརྟན་དུ་བཏང་ནས་མཁའ་ལམ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་རྣམ་པའི་ཏང་ཀྲི་པུའུ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་གྱིས་ཚོགས་སྤྱིའི་ལས་དོན་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་རྩ་འཛུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་དང་འབྲེལ་ཡོད་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་སྲ་བརྟན་དུ་བཏང་བས་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་རྒྱུན་མཐུད་དང་ཕན་ཆེའི་སྒོ་ནས་སྤེལ་རྒྱུ་འགན་ལེན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ་རེད།

        དཔུང་ཁག་སྟོབས་ཆེར་གཏོང་བ་དང་གདོང་ལེན་པ་བྱས་ཏེ་ཏང་ཡོན་ཕུལ་བྱུང་ལ་བརྟེན་ནས་མཁའ་ལམ་རྒྱུན་སྲིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། “ཏང་ཨུད་ཀྱིས་སྟེགས་བུ་ལེགས་པོ་འཛུགས་པ་དང་ཀྲི་པུས་མཐུ་རྩལ་ལེགས་པོ་སྦྱོང་བ ”དང “ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པ ”མཐའ་འཁྱོངས་བྱས་ཏེ་ཏང་ཡོན་གྱི་ཏང་གཤིས་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་དང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཁྲོད་ཏང་ཡོན་གྱིས “གདོང་ལེན་པ་བྱེད་པ་དང་། གཡུལ་ས་མདུན་མ་བཟུང་བ། ལེགས་སྐྱེས་འབུལ་བ ”བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། བྱ་ཐབས་སྣ་ཚོགས་སྤྱད་ཐོག་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་“དམངས་གཙོའི་དཔྱད་བསྡུར་དང་། འགྲན་རྩོད་ལས་ཞུགས། ལེགས་འདེམས་བཀོལ་སྤྱོད། མཐོ་དམན་གཉིས་ལྡན ”བཅས་ཀྱི་ལས་བྱེད་པ་བསྐོ་སྤྱོད་ལམ་སྲོལ་དང་དུས་བཀག་དཔྱད་བསྡུར་ལམ་སྲོལ་བཙུགས་པ་རེད། “ཏང་ཡོན་གྱི་གདོང་ལེན་བྱེད་སྒོ ”ཤུགས་ཆེན་སྤེལ་ནས་ཚོགས་པའི་མི་ཁག་གཅིག་ཏང་རྩ་འཛུགས་ནང་ཞུགས་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་བསྐངས་ཡོད།

        མི་རྩ་བར་འཛིན་རྒྱུར་མཐོང་ཆེན་དང་། མི་སེམས་གཅིག་སྡུད་བྱས་ཏེ་རིག་གནས་སྔོན་ཐོན་ལ་བརྟེན་ནས་མཁའ་ལམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་པ། “གོང་བུ་འགྲིལ་ཤུགས་ཀྱི་འདུ་འགོད ”ལག་བསྟར་བྱས་ཏེ་སྔོན་ཐོན་རིག་གནས་ཀྱིས་ལས་བཟོ་གོང་བུ་བསྒྲིལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་ཐོག་གཅིག་གྱུར་ཡོང་བ་བྱས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཤིང་། ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་སྒོར་ཁྲི་121.6ཞལ་འདེབས་བརྒྱབ་པ་དང་ས་ཆ་དེ་གའི་ལས་མི་རིམ་རྩིས་བྱས་ན་མི་16422གླས་ཏེ་ཞིང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར་2.5ལྷག་ཙམ་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།