དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དང་ཏང་དར་ལ་གཟི་བརྗིད་བསྣན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ནག་ཆུ་ས་ཁུལ་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གྱི་གྲོང་ཚོ་9པ་བོད་བྱང་ཐང་གི་ལྟེ་བར་གནས་ཡོད་པ་སྟེ་གདང་ལ་རི་བོ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་པ་དང་རྒྱ་མཚོའི་ངོས་ལས་སྨི་4500ལྷག་ཙམ་ཡོད་ཅིང་། གྲོང་ཚོ་9པར་གྲོང་མི་ཚོགས་ཆུང་2ཡོད་པ་དེར་དུད་ཚང་31དང་མི་186དང་ཁྱོན་ཏང་ཡོན་17ཡོད་པ་དང་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ཁོངས་མི་5ཡོད། ཉེ་ལམ་ལོ་ཤས་ནང་གྲོང་ཚོ་9པ “རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་གྲོང་ཚོ ”དང “ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”ལ་སྔ་རྗེས་སུ་བདམས་ཐོན་བྱུང་བ་དང་ལྷ་རི་རྫོང་གིས “སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”དང་། “རྒྱལ་གཅེས་རིང་ལུགས་ཀྱི་དཔེ་སྟོན་གྲོང་ཚོ ”“བདེ་སྡོད་ལས་གྲྭའི་དཔེ་སྟོན་གྲོང་ཚོ ”“དུས་བདེའི་གྲོང་ཚོ་ཨུ་ལྷན ”བཅས་ལ་ཐེངས་མང་བདམས་པ་རེད།

        རྣོ་ངར་ཆེ་ལ་ཪྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་དཀའ་ཚེགས་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་གྲོང་ཚོ་9པའི་ཏང་ཀྲི་པུས “ལེགས་པོ་ལྔའི ”བླང་བྱར་གཞིགས་ནས་ཏང་ཀྲི་པུའི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ཞིག་ཆགས་པ་བྱས་ཚེ་གཞི་ནས་སྔར་བས་ལེགས་པའི་སྒོ་ནས་སྲོག་ཤིང་གིས་ལྟེ་བ་ལ་སྐུལ་འདེད་དང་དམངས་སེམས་གཅིག་དུ་བསྡུ་ཐུབ་པ་དང་། གཞི་ནས་སྔར་བས་ལེགས་པའི་སྒོ་ནས་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ནུས་འདོན་སྤེལ་བྱེད་པ། ཐོན་སྐྱེད་ཀྱི་ནུས་པ་མཐོ་རུ་གཏོང་བ་བཅས་བྱེད་ཐུབ་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད།

        གྲོང་ཚོ་9པའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་ཅིག་བཏོད་པ་རེད། ད་ཆ་གྲོང་ཚོ་9པའི་སྤྱི་ཚོགས་དུས་བབ་བརྟན་ལྷིང་དང་། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པ་བཅས་བྱུང་ཡོད་པ་རེད།

        གྲོང་ཚོ་9པ་ནི་ལུང་ཁུག་ཏུ་གནས་པས་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཁར་དབྱར་དུས་ཀྱི་འབྲོག་ར་དང་རྒྱང་ཐག་རིང་བ་དང་། འབྲོག་པ་མང་ཚོགས་ཚོས་མི་རབས་ནས་མི་རབས་བར་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པས་དུས་ཡུན་རིང་པོའི་ནང་འབབ་འཕར་ཡོང་ཐབས་བྲལ་བར་གྱུར་བ་རེད། དེར་བརྟེན་གྲོང་ཚོའི་ཏང་ཀྲི་པུས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། མང་ཚོགས་ལ་ཡོང་འབབ་འཕར་རོགས་བྱེད་པ་བཅས་ལས་འགན་ཨང་དང་པོར་བརྩིས་ནས་གྲོང་ཚོ་9པར་འཕྲད་པའི་ཐོབ་པར་དཀའ་བའི་གོ་སྐབས་ལ་དབྱེ་ཞིབ་ནན་ཏན་དང་དེ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་མིའི་སྣེ་ཁྲིད་དེ་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཡོང་འབབ་འཕར་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་རང་ངོས་དང་འཚམ་པའི་ཕྱུག་འགྱུར་ལམ་ཞིག་རིམ་གྱིས་གཏོད་ཐུབ་པ་བྱུང་བ་རེད།

        གྲོང་ཚོ་9པའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ “མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ ”ཏང་ཀྲི་པུའི་དམག་འཐབ་བཙན་རྫོང་གི་ནུས་པ་མངོན་གསལ་དོད་པོ་བྱུང་མིན་ཚད་འཇལ་བྱེད་པའི་ཚད་གཞི་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་དང་དམངས་ཀྱི་དཀའ་ངལ་དང་འབྲེལ་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཤིང་། ཉེ་བའི་ལོ་གཉིས་ཀྱི་ནང་གྲོང་ཚོ་དེས་ངལ་ནུས་མི་ཐེངས་ཁྲི་123ཕྱིར་གཏོང་བྱས་པ་དེས་གྲོང་ཚོ་དེའི་ངལ་རྩོལ་ནུས་ཤུགས་ཀྱི་95%ཡན་བཟུང་བ་དང་ངལ་ནུས་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་བྱུང་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1880འཕར་ཡོད། 2009ལོར་གྲོང་ཚོ་དེ་ཡོངས་ཀྱི་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6553བྱུང་བ་མ་ཟད་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་31གི་མི་186ཚང་མ་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་ཁང་པ་གསར་པའི་ནང་སྤོས་པ་རེད།

        གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་དུས་ཐུང་ལོ་ཤས་ནང་གྲོང་ཚོ་9པ་དེ་ཕྱེད་བཀག་ནང་སྡོམ་གྱི་དབུལ་པོའི་གྲོང་ཚོ་ཞིག་ནས་མང་ཚོགས་བདེ་སྡོད་ལས་བརྩོན་དང་འཚོ་བ་བལྟོས་བཅས་ཀྱིས་ཕྱུག་པོ་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།