དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མང་ཚོགས་ལ་ཕྱུག་འགྱུར་ཤེས་དཔལ་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་བ་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲི་པུས་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ་དོ་དམ་ལེགས་སུ་གཏོང་རྒྱུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་བྱེད་པའི་གཙོ་གནད་དུ་བརྩིས་ཤིང་། ཚན་ཁག་ལ་དམ་འཛིན་གྱིས་སྲོག་ཤིང་སྟོབས་ཆེར་གཏོང་བ་དང་། འཕེལ་རྒྱལ་ལ་དམ་འཛིན་གྱིས་འབབ་འཕར་ཡོང་བ་བྱེད་པ། དོ་དམ་ལ་དམ་འཛིན་གྱིས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཞབས་ཞུར་དམ་འཛིན་གྱིས་མཐུན་སྦྱོར་གཏོད་པ་བཅས་ཀྱི་ཐོག་ནས་སྡེ་ཁུལ་ཏང་འཛུཌ་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་དང་མང་ཚོགས་ལ་ཕྱུག་འགྱུར་ཤེས་དཔལ་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་བ་བྱས་ཡོད། 2009ལོར་སྡེ་ཁུལ་དེའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་ཁྲི་5ཟིན་ཡོད་པ་རེད།

        ལམ་ལུགས་ལ་དམ་འཛིན་བྱས་ནས་མིར་དོ་དམ་ཡག་པོ་བྱས་ཤིང་། “གཞི་རྩའི་གླ་ཕོགས་དང་གྲུབ་འབྲས་དཔྱད་ཞིབ་གཉིས་ཟུང་འབྲེལ ”གྱི་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་ལས་འབྱོར་ཐུབ་ཚད་དང་གླ་ཕོགས་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས་ལོ་མཇུག་ཏུ་བྱ་དགའ་ཆད་གཅོད་ལག་བསྟར་ནན་པོ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲི་པུས་ལོ་རེར་མ་མཐར་ཡང་ཏང་ཡོན་3འཕེལ་རྒྱས་བཏང་བ་དང་། ཏང་ཡོན་12ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱས་པ། ཕུལ་བྱུང་ཕྱུག་འགྱུར་སྣེ་ཁྲིད་པ་15ཏང་ཡོན་དུ་གསོ་སྐྱོང་བྱས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་8སྡེ་ཁུལ་གྱི་ལས་བྱེད་པར་གསོ་སྐྱོང་བྱས་ཡོད་པ་རེད།

        འཕེལ་རྒྱས་ལ་དམ་འཛིན་གྱིས་འབབ་འཕར་ཡོང་བ་བྱས་ཤིང་། བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དེ་ལམ་འཁྲིད་དུ་བྱས་ཏེ་སྡེ་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་། མཉམ་སྡེབ་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་གཏོང་བ། གྲོང་མིས་བྱ་གཞག་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་སྡེ་ཁུལ་གྱི་གྲོང་མིར་འབབ་འཕར་ཕྱུག་འགྱུར་བྱེད་པའི་ལམ་བུ་ཞིག་བཏོད་ཡོད། 1993ལོར་གྲྭ་བཞི་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་དངོས་ཚན་གྱི་ཤང་གྲོང་ཁེ་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུ་ཁང་དང་པོ་དེ་བཙུགས་པ་དང་ལོ་མང་འབད་བརྩོན་བྱས་པ་བརྒྱུད་མ་རྩ་དེ་ཐོག་མའི་སྒོར་ཁྲི་92ནས་མིག་སྔའི་གཏན་འཇགས་མ་དངུལ་སྒོར་ཁྲི་6000ལྷག་ཙམ་དང་རྒྱུན་འཁོར་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བར་འཕེལ་རྒྱས་བྱུང་བ་དང་རིམ་རྩིས་བྱས་ན་རྒྱལ་ཁབ་ལ་དཔྱ་ཁྲལ་སྒོར་ཁྲི་100ལྷག་ཙམ་འཇལ་བ་དང་མང་ཚོགས་ལ་བགོ་འགྲེམས་སྒོར་ཁྲི་1700ལྷག་ཙམ་བརྒྱབ་ཡོད་པ་རེད།

        ཞབས་ཞུར་དམ་འཛིན་གྱིས་མཐུན་སྦྱོར་བཏོད་ཅིང་། “སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་། སྡེ་ཁུལ་གྱི་དམངས་སེམས་བརྟན་པོ་ཡོང་བ་བྱ་རྒྱུ། མང་ཚོཌ་ལ་ཞབས་འདེགས་ཞུ་རྒྱུ་ངེས་པར་དུ་དམིགས་སར་འཁེལ་བ་བྱ་རྒྱུ ”བཅས་ཀྱི་ལས་དོན་བསམ་ཕྱོཌ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་གཞིར་བཟུང་ཞབས་ཞུའི་གཞི་བརྟེན་བཏོད་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་མཐུན་སྦྱོར་སྡེ་ཁུལ་འཛུགས་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད། ཏང་ཡོན་གྱིས་ཡོངས་བསྒྲགས་ངང་ཁས་ལེན་བྱེད་པའི་ལམ་ལུགས་ཁྱབ་གདལ་བཏང་སྟེ་བསྒྲུབ་རྒྱུ་100ལྷག་ཙམ་ཡོངས་བསྒྲཌ་སུ་ཁས་ལེན་བྱས་པ་དང་ཁ་དན་ཚིག་ལ་གནས་ཚད་95%ཡན་ཟིན་ཡོད། དྲོ་སྐྱིད་སྦྱིན་པའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཤིང་། 2008ལོ་ཤར་ཚུན་རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་64བཏང་ནས་ཕྱོགས་མི་109ཡི་ལས་ཞུཌ་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།