དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞིས་རྩེ་ས་ཁུལ་གྱིས“བྱེད་ཐབས་བཞི”སྤྱད་དེ་ཕྱོགས་མིའི་ཏང་ཡོན་ལ་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི 《2010ལོར་མཐའ་མཚམས་ཤང་གྲོང (གྲོང་ཚོ )དུ་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས་དང་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )དུ “ཚན་རྩལ་ཁྱབ་གདལ་གྱི་ཁྱམས་རིང་བསྐྲུན་རྒྱུའི་སྐོར་གྱི་བརྡ་ཐོའི 》དགོངས་དོན་གཞིར་བཟུང་འདི་ལོ་གཞིས་རྩེ་ས་ཁུལ་གྱིས་མཐའ་མཚམས་རྫོང་གི་ཤང་གྲོང (གྲོང་ཚོ )7ལ “ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས ”བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་ཚན་རྩལ་ཁྱབ་གདལ་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

        གཞིས་རྩེ་ས་ཁུལ་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བུ་ཆུང་གིས་ས་ཁུལ་དེའི་ཚན་རྩལ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འདི་ལོ་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་བཏང་བའི་མ་དངུལ་སྒོར་ཁྲི་38དེ་ས་ཁུལ་དེའི་གྲོ་མོ་དང་། འབྲོང་པ། དིང་རི། སྐྱིད་གྲོང་། ཁང་དམར། གམ་པ། གཉའ་ནང་སོགས་མཐའ་མཚམས་རྫོང་གི་ཤང་གྲོང (གྲོང་ཚོ )7དུ “ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས ”བསྐྲུན་རྒྱུའི་ཐད་སྤྱད་ཡོད། “ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ས་ཚིགས ”བསྐྲུན་པར་གཙོ་བོ “ཚན་རྩལ་ཁྱབ་གདལ་གྱི་པར་རིས ”འགྲེམས་སྟོན་དང་བྱེད་སྒོ་སྤེལ་ཡུལ་འཛུགས་པ་དང་། སྒྲིག་ཆས་དང་ཚན་རྩལ་ཁྱབ་གདལ་གྱི་དཔེ་དེབ་ཉོ་བ། དྲིལ་བསྒྲགས་སྒྲོམ་སྟེགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཚན་རིག་གོང་ན་བཀུར་རྒྱུ་དང་། རྨོངས་དད་སེལ་རྒྱུ། གོམས་གཤིས་ངན་པ་མེད་པ་བཟོ་རྒྱུ། ཤེས་དཔལ་ལོངས་སུ་སྤྱོད་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཏན་ཏིག་བཏང་ཐོག་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།