གཞི་རིམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྨང་གཞི་བརྟན་པོ་ཞིག་འདིང་བ།
ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ།
གཞི་རིམ་རྩ་འཛུགས་ཀྱི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བས་ཏང་གི་གཞི་རིམ་རྩ་འཛུགས་ཁྱོན་ཡོངས་སུ་ཁྱབ་ཡོད་ཅིང་། 2009 ལོའི་ལོ་མཇུག་བར་ལྗོངས་དེ་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ 12000 ལྷག་ཙམ་ཡོད་པ་དང་གང་དུ་ཏང་ཡོན་ཡོད་ཚེ་དེ་གར་འཐུས་སྒོ་ཚང་བའི་ཏང་རྩ་འཛུགས་ཡོད་པ་བྱས་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་གྱི་ནང་དོན་དང་བྱ་ཐབས་གསར་གཏོད་བྱས་ནས་ཏང་གི་ལས་དོན་ཁྱོན་ཡོངས་སུ་ཁྱབ་པ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་འཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས “གསུམ་ཡོད་པ ”བྱས་པ་དང་ 2007 ལོ་ནས་བཟུང་ལྗོངས་དེ་ཡོངས་ཀྱིས་གྲོང་ཚོ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ 9600 ལྷག་ཙམ་གསོ་སྐྱོང་བྱས་ཡོད། གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་ཀྱི་ལས་བྱེད་པ་གྲོང་ཚོར་ལས་དོན་བསྒྲུབ་རྒྱུར་སྐྱོད་ཡོད་ཅིང་། 2005ལོ་ནས་བཟུང་ལྗོངས་དེ་ཡོངས་སུ་ཏང་ཡོན་52000ལྷག་ཙམ་འཕེལ་རྒྱས་བཏང་བ་དེས་ལྗོངས་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་གྱི་བཞི་ཆ་གཅིག་ལྷག་ཙམ་བཟུང་ཡོད་པ་དང་། ཏང་ཡོན་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་བས་ཞིང་འབྲོག་ཁུལ་དུ “གསོ་སྦྱོང་གསུམ ”ཁྱོན་ཡོངས་ནས་ཁྱབ་པ་དང་2005ལོ་ནས་བཟུང་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་5200ལྷག་ཙམ་ཏང་ཡོན་ལ་གསོ་སྦྱོང་བྱས་པ་དང་། ཏང་ཡོན་5000ལྷག་ཙམ་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱས་པ། ཕྱུག་འགྱུར་སྣེ་ཁྲིད་ཏང་ཡོན་5300ལྷག་ཙམ་གྲོང་ཚོའི་ལས་བྱེད་པར་གསོ་སྦྱོང་བྱས་པ་བཅས་དང་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་དེ་བས་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པ་ཚང་མར་སློབ་གསོ་ཐོབ་པ་དང་གསོ་སྦྱོང་བྱས་ཡོད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་ཏང་ནང་ཁུལ་དུ་ཐུགས་ཁུར་དང་རོགས་སྐྱོར་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ་དེ་ཁྱོན་ཡོངས་ནས་ཁྱབ་པ་བྱས་པ་དང་། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཁྱོན་ཡོངས་སུ་ཁྱབ་པ་བྱས་པ་དང་2006ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཚོའི (གྲོང་ལྷན )རྩ་འཛུགས་ཀྱི་བྱེད་སྒོ་ཁང་5453 གསར་སྐྲུན་བྱས་པ། ལམ་ལུགས་འཛུགས་སྐྱོང་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་དང་རྩ་བ་ཡིན་པའི་ལམ་ལུགས་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུ་དེ་གཙོ་རྐང་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་གཏིང་ཟབ་བྱེད་པའི་བྱེད་སྒོ་དང་སྔོན་གཏོད་ལེཊ་བརྩོན་གྱི་བྱེད་སྒོ་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་གཞི་རིམ་ལ་དམ་འཛིན་བྱེད་པ་དང་རྨང་གཞི་བཏིང་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་བཏང་བས་ཏང་གི་གཞི་རིམ་རྩ་འཛུགས་མ་ལག་སྔར་བས་འཐུས་ཚང་དུ་སོང་བ་དང་། ཏང་གི་རྩ་འཛུགས་ཁྱབ་ཚད་དང་ལས་དོན་ཁྱབ་ཚད་སྔར་བས་རྒྱ་ཆེར་སོང་བ། ཏང་ཡོན་དཔུང་ཁག་སྔར་བས་འཕེལ་རྒྱས་སྟོབས་ཆེར་སོང་བ། ཏང་གི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ཀྱི་ནུས་པ། འབོད་སྐུལ་ནུས་པ་བཅས་དང་ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་དང་སྐྱེ་སྟོབས་སྔར་བས་ཆེ་རུ་སོང་བ་བཅས་ཀྱི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཕྱིར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
གཞི་རིམ་རྩ་འཛུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཏང་གི་གཞི་རིམ་རྩ་འཛུགས་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། མི་རིགས་ཁག་གི་མང་ཚོགས་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུར་དམིགས་ཏེ་གཞི་རིམ་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཏང་གི་རྩ་འཛུགས་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ལོ་རྒྱུས་ཐོག་ལུས་པའི་ཏང་ཀྲི་པུའུ་མེད་པའི་གྲོང་ཚོ་258དུ་ཏང་ཀྲི་པུའུ་འཛུགས་རྒྱུ་དང་གྲོང་ཚོ་མཉམ་འབྲེལ་ཏང་ཀྲི་པུའུ་མེད་པ་བཟོ་རྒྱུའི་གནས་ཚུལ་ཐག་གཅོད་བྱས་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་682དང་སྲིད་འཛིན་གྲོང་ཚོ་5261བཅས་ཚང་མར་ཏང་རྩ་འཛུགས་ལོགས་སུ་བཙུགས་པས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཐུས་ཚང་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་ཏང་གི་གཞི་རིམ་རྩ་འཛུགས་ཞིང་འབྲོག་ཁུལ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་བཙུགས་པས་ལྗོངས་ཡོངས་ཀྱི་ཁྲོམ་གཞུང་10དང་སྡེ་ཁུལ་192ཚང་མར་ཏང་རྩ་འཛུགས་བཙུགས་ནས་ཏང་གི་གཞི་རིམ་རྩ་འཛུགས་སྡེ་ཁུལ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ། མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ སློབ་གྲྭ་འབྲིང་ཆུང་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ལས་ཁུངས་དང་། གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ངང་དམ་འཛིན་ཡག་པོ་བྱེད་པ། གཞི་ཁྱོན་ཅན་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་གཙོ་གནད་དུ་འཛིན་ནས་ཆ་རྐྱེན་མཐུན་པའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཚང་མར་ཏང་རྩ་འཛུགས་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་བླང་བྱ་དང་མཐུན་པ་བྱེད་པ། ཕྱིར་སྐྱོད་ཏང་ཡོན་གཅིག་སྡུད་ངང་ལས་ཞུགས་དང་ཚོང་གཉེར་བྱེད་སར་འཁོར་རྒྱུག་ཏང་རྩ་འཛུགས་བཙུགས་པས་ཏང་གི་གཞི་རིམ་རྩ་འཛུགས་སྤྱི་ཚོགས་ལས་དོན་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་བཅས་རེད། 2009ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་12000ལྷག་ཙམ་བཙུགས་པས་གང་དུ་ཏང་ཡོན་ཡོད་ཚེ་དེ་གར་འཐུས་སྒོ་ཚང་བའི་ཏང་རྩ་འཛུགས་ཡོད་རྒྱུ་མངོན་འགྱུར་བྱུང་བ་རེད།
གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ནང་དོན་དང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ལས་དོན་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། ཞིང་འབྲོག་ཁུལ་དང་། ཁྲོམ་གཞུང་དང་སྡེ་ཁུལ། སློབ་གྲྭ་བཅས་གཙོ་གནད་གསུམ་པོ་དེར་དམ་འཛིན་ནན་པོ་བྱེད་པ་དང་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་གི་ཡོད། ཞིང་འབྲོག་ཁུལ་དུ “ཡག་པོ་ལྔ ”(ཚན་ཁག་ཡག་པོ་གཅིག་དང་། བསམ་ཕྱོགས་ཡག་པོ་གཅིག འཆར་འགོད་ཡག་པོ་གཅིག སྒྲིག་སྲོལ་ཡག་པོ་གཅིག གཡུལ་ས་ཡག་པོ་གཅིག་བཅས་སོ )དེ་དམིགས་ཚད་དུ་བྱེད་པ་དང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་། ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ལ་དམིགས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱེད་ཀྱི་ཡོད། ཁྲོམ་གཞུང་དང་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་། མི་སེམས་གཅིག་ཏུ་སྒྲིལ་རྒྱུ། དོ་དམ་ལེགས་སུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ལ་དམིགས་པ་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཉམས་མྱོང་ལ་གཞི་འཛིན་ནས་ལྗོངས (གྲོང་ཁྱེར )དང་། ཁྲོམ་གཞུང་། སྡེ་ཁུལ་བཅས་སུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུའི་རིམ་གསུམ་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ་དང “ཡོད་པ་གསུམ་དང་འགྱུར་བ་གཅིག ”ལ་དམ་འཛིན་ཤུགས་ཆེན་བྱས་ནས “ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་པ ”དང་། “ལས་ཀ་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པ ” “ ལས་བྲལ་དང་ངལ་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱིས་སློབ་རོགས་ཁྲིད་བཅས་བྱེད་པ ” “འཁོར་རྒྱུག་ཏང་ཡོན་གྱིས་རང་འགུལ་ངང་རྩ་འཛུགས་ཀྱི་བྱེད་སྒོའི་ནང་ཞུགས་པ ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་ཡོན་གྱིས་སྣེ་ཁྲིད་དེ་དང་བླངས་པའི་བྱེད་སྒོའི་ནང་ཞུགས་པར་ལྕག་སྐུལ་བྱེད་པ་དང་ཏང་ཡོན་ཁས་ལེན་ལམ་ལུགས་བཟོ་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཤེས་དཔལ་དང་མཐུན་སྦྱོར་ལྡན་པའི་གྲོང་ཚོ་འཛུགས་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད། སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འཁེལ་བའི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་ལས་འགན་གཙོ་བོ་དེར་དམིགས་ནས “སུ་ཡི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱེད་པ ”བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་ནས་ཏང་ཡོན་སློབ་ཁྲིད་ཚན་རིག་ཞིབ་འཇུག་དང་རྒྱབ་ཕྱོགས་ཞབས་ཞུའི་དཔེ་སྟོན་ལས་གནས་འཛུགས་པ་དང་། “ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་དང་དགེ་རྒན་ཀུན་སྤྱོད་ཀྱི་དཔེ་མཚོན ”བརྩོན་ལེན་བྱེད་པ། ཏང་ཡོན་དང་བླངས་པའི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ སློབ་གྲྭ་འབྲིང་ཆུང་བཅས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་སློབ་གསོའི་གཡུལ་ས་གཙོ་བོ་དེ་སྟངས་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱས་པ་རེད།
གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས “ངེས་པར་དུ་ཡོད་པ་གསུམ ”ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། གྲོང་ལྷན་དང་ཡུལ་ལྷན་རྩ་འཛུགས་ཀྱི་སྐབས་བརྗེ་དང་ཟུང་འབྲེལ་གྱིས་གྲོང་ལྷན་དང་ཡུལ་ལྷན་གྱི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་བཀོད་སྒྲིག་ཡག་པོ་བྱེད་པ་དང་ལྷག་པར་དུ་གྲོང་ལྷན་དང་ཡུལ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་འདེམས་ཐོན་དང་བཀོད་སྒྲིག་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་གཙོ་བོར་འཛིན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། མང་ཚོགས་ཁྲོད་སྙན་གྲགས་ཆེ་བ། ཕྱུག་འགྱུར་དང་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་མི་སྣ་གྲོང་ལྷན་དང་ཡུལ་ལྷན་གྱི་ཚན་ཁག་ནང་འདེམས་ཐོན་བྱས་པ་དང་། “རྒན་དར་གཞོན ”བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ན་དང་རིག་གནས་ཁོ་ནར་མི་བལྟ་བར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ནུས་པ་མངོན་གསལ་དོད་པོ་འདོན་སྤེལ་བྱེད་མཁན་ལས་བྱེད་པ་རྒན་གྲས་སོར་ཉར་བྱས་པ་མ་ཟད། མི་གསར་པ་མང་པོ་ཞིག་འཐུས་ཚང་དུ་བཏང་བ། གྲོང་ལྷན་དང་ཡུལ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་དང་ཡུལ་ལྷན་གྱི་ཀྲུའུ་རེན་གྱི་འགན་མི་གཅིག་གིས་འཁུར་བ་དང “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མི་བརྗེ་རེས་ངང་འགན་འཁུར་རྒྱུ་ཁྱབ་སྤེལ་ཤུགས་ཆེན་བཏང་བས་གྲོང་ལྷན་དང་ཡུལ་ལྷན་གྱི་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་དང་ཡུལ་ལྷན་གྱི་ཀྲུའུ་རེན་གྱི་འགན་མི་གཅིག་གིས་འཁུར་མཁན་ཁྱོན་མི་2800ལྷག་ཙམ་ཡོད་པ་དེས་ལྗོངས་ཡོངས་ཀྱི་གྲོང་ལྷན་དང་ཡུལ་ལྷན་སྤྱི་འབོར་གྱི་51%བཟུང་བ་དང “ཨུ་ལྷན་གཉིས ”ཀྱི་ཁོངས་མི་བརྗེ་རེས་ངང་འགན་འཁུར་མཁན་ཁྱོན་མི་11800ལྷག་ཙམ་ཡོད་པ་དེས་གྲོང་ལྷན་དང་ཡུལ་ལྷན་གྱི་ལས་བྱེད་པའི་བསྡོམས་འབོར་གྱི་44.35%བཟུང་བ་དེ་2005ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་15དང་བརྒྱ་ཆའི་གྲངས་9.5འཕར་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་སྲོག་ཤིང་གི་གནས་བབ་སྔར་བས་བརྟན་དུ་སོང་བ་རེད།
གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་འཕེལ་བ་བྱས་ནས་ལས་ཁུངས་ཀྱི་ལས་བྱེད་པ་གྲོང་ཚོའི་ནང་ལས་ཀ་བྱེད་པར་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། ལས་ཀའི་གཙོ་གནད་གཤམ་འོག་ཏུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་ཕུལ་བྱུང་ལས་བྱེད་པ་སྔོན་ལ་གཞི་རིམ་ལ་བཀོད་སྒྲིག་བྱས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་འཕེལ་བ་བྱས་ཡོད། སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་ཐོན་སློབ་མ་འདེམས་གཏོང་དང་། ཡོངས་བསྒྲགས་ངང་དཔྱད་ཞིབ་བསྡུ་ལེན། ལས་ཁུངས་ནས་གཤམ་གཏོང་། གནས་གཏན་འཁེལ་གྱི་གསོ་སྐྱོང་། སློབ་ཆེན་སློབ་མ་གྲོང་ཚོའི་ནང་ལས་གནས་འཁུར་བར་སྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་ལ་དགོས་མཁོ་ཆེ་བའི་རྐང་འཛིན་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཡོད། 2007 ལོ་ནས་བཟུང་གཞི་རིམ་དུ་ལས་བྱེད་པ་31000 ལྷག་ཙམ་གསོ་སྐྱོང་བྱས་ཡོད། རྫོང་དང་ཤང་ལས་ཁུངས་ནས་ཕུལ་བྱུང་ལས་བྱེད་པ་ 2470 ལྷག་ཙམ་ལས་ཀའི་ལྷུ་ཚིགས་ཞན་པ་དང་གནས་ཚུལ་ཪྙོག་འཛིང་ཆེ་བའི་གྲོང་ཚོར་ལས་འགན་འཁུར་བར་འདེམས་མངགས་བྱས་པའི་ནང་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་མཁན་590 ལྷག་ཙམ་ཡོད་པ་རེད། བོད་ཀྱི་དོན་དངོས་དང་བསྟུན་ནས་སློབ་ཆེན་ཐོན་པའི་སློབ་མའི་ཁྲོད་ནས་གནས་གཏན་འཁེལ་གྱིས་ཤང་དང་གྲོང་རྡལ་གྱི་གཞུང་ལས་པ་960 དཔྱད་ཞིབ་བསྡུ་ལེན་བྱས་ཏེ་སློབ་ཆེན་ཐོན་པའི “གྲོང་དཔོན ”གྱི་འགན་འཁུར་དུ་བཅུག་སྟེ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་380 ལྷག་ཙམ་གྱི་གྲོང་ཚོ་900 ལྷག་ཙམ་ལ་ལས་འགན་འཁུར་བར་ལས་བགོས་བརྒྱབ་ཡོད། ལོ་དེ་དག་ནང་གཞི་རིམ་དུ་མངགས་པའི་ལས་བྱེད་པའི་རིག་གནས་ཆུ་ཚད་མཐོ་ཙམ་ཡོད་པ་དང་ལས་ཀའི་མཐོང་རྒྱ་ཆེ་ཁར་གཞི་རིམ་ལས་བྱེད་པའི་བརྒྱུད་རོགས་ཁྲིད་གསུམ་གྱི་སྣེ་ཁྲིད་འོག་ཁོར་ཡུག་དང་གང་མགྱོགས་འཚམས་ཐུབ་པ་མ་ཟད། ལས་འགན་འཁུར་མཁན་དུའང་གྱུར་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་དང་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པས་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཡོངས་ཁྱབ་ངང་ཐོབ་ཡོད།
ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི “གསོ་སྐྱོང་གསུམ ”ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། གཞི་རིམ་དུ་ཡོད་པའི་ཏང་གི་སྟོབས་ཤུགས་གཙོ་གནད་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་བོད་དུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་བརྟན་དུ་བཏང་བ་དང་ཞིང་འབྲོག་ཁུལ་དང་། ཁྲོམ་གཞུང་དོན་གཅོད་ཁང་། སློབ་གྲྭ ཁེ་ལས་བཅས་སུ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཞིང་འབྲོག་པའི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གཙོ་གནད་དུ་ཡག་པོ་སྒྲུབ་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ས་དང་པོ་དང་ཤེས་ཡོན་ཆུ་ཚད་མཐོ་བའི་ཚོགས་སྤྱི་དང་། གཞོན་སྐྱེས། བུད་མེད། གྲངས་ཉུང་མི་རིགས་བཅས་ཀྱི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་དོ་ཁུར་བྱེད་པ་བཅས་བྱས་པས་རང་སྐྱོང་ལྗོངས་དང་། ས་ཁུལ། གྲོང་ཁྱེར་བཅས་སུ་ཏང་ཡོན་འཕེལ་རྒྱས་ཀྱི་འཆར་འགོད་ཡོད་པ་དང་། རྫོང་དང་ཤང་ལ་ཏང་ཡོན་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞི་ཡོད་པ། གྲོང་ཚོ་ཁག་ཏུ་ཏང་ཡོན་འཕེལ་རྒྱས་ཀྱི་ལོ་འཁོར་དམིགས་ཚད་ཡོད་པ་བཅས་བྱེད་ཐུབ་པ་བྱུང་ཡོད། “གསོ་སྐྱོང་གསུམ ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད་2005 ལོ་ནས་བཟུང་ཕྱུག་འགྱུར་སྣེ་ཁྲིད་པ་5200 ལྷག་ཙམ་ཏང་ཡོན་ལ་གསོ་སྐྱོང་བྱས་པ་དང་། ཏང་ཡོན་5000ལྷག་ཙམ་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་5300ལྷག་ཙམ་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པར་གསོ་སྐྱོང་བྱས་པ་བཅས་ཀྱིས་ཏང་ཡོན་དཔུང་ཁག་གི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད།
གཞི་རིམ་ཏང་ཡོན་ལས་བྱེད་པར་སེམས་ཁུར་དང་དགའ་གཅེས་བྱས་ནས་ཏང་ནང་ཁུལ་དུ་སེམས་ཁུར་དང་རོགས་རམ་བྱེད་པའི་སྐུལ་མ་གཏོང་རྒྱུ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། ནོར་སྲིད་ཀྱི་རོགས་རམ་དང་། ཏང་དངུལ་ནས་སྤྲོད་པ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་ཞལ་འདེབས་འབུལ་བ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཏང་ནང་རོགས་སྐྱོར་མ་དངུལ་སྒོར་ཁྲི་ 3000 འཛུགས་རྒྱུའི་སྐུལ་མ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་ཁྲོད་བྱ་སྤྱོད་མངོན་གསལ་དོད་པའི་ཏང་ཡོན་དང་དཀའ་ངལ་ཡོད་པའི་ཏང་ཡོན་ 2900 ལྷག་ཙམ་ལ་བྱ་དགའ་དང་། རོགས་རམ། རྣམ་གྲངས་ཀྱི་རོགས་སྐྱོར་བཅས་བྱ་རྒྱུར་སྤྱད་ཡོད། 2006 ལོའི་ཟླ་10 ཚེས་1 ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་གསེབ་དང་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་བཅས་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད་པ་དང་མིག་སྔར་སྒོར་400 དང་། སྒོར་250 སྒོར་200 བཅས་སོ་སོར་མཐོ་རུ་བཏང་ཡོད། འདི་ལོ་ཟླ་དྲུག་པའི་ཟླ་མཇུག་བར “རྒན་གྲས་གསུམ ”གྱི་མི་སྣ་17000 ལ་ཁྱོན་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་1.07 སྤྲད་པར་ཞིང་འབྲོག་ཁུལ་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་ཏང་ལ་དགའ་ཞེན་བྱེད་པའི་རྒྱ་ཆེའི་ཞིང་འབྲོག་པའི་བསམ་པ་སྔར་བས་ཆེ་རུ་སོང་ནས་ཏང་ནང་ཞུགས་པའི་སྤྲོ་སེམས་དེ་བས་འཕེལ་ཏེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་སོང་བ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྐྲུན་རྒྱུ་དམ་འཛིན་ནན་པོ་བྱས་ནས་2006 ལོ་ནས་བཟུང་ཀྲུང་དབྱང་གི་མ་འཇོག་བརྩོན་ལེན་བྱེད་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་ 10.53 བཏང་ནས་ལྗོངས་ཡོངས་ཀྱི་གྲོང (ཨུ་ལྷན )ཚོའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་5453 ཡོངས་རྫོགས་གསར་སྐྲུན་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚང་མའི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ 120 ཟིན་ཡོད་པ་རེད།
ལམ་ལུགས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་འཛུགས་ཀྱི་འགན་འཁྲིའི་ལམ་ལུགས་ཡོངས་སུ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཞིང་། ལམ་ལུགས་འཛུགས་སྐྱོང་གི་གཞི་རྩ་དེ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་འཛུགས་ལས་དོན་གྱི་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་ཏང་འཛུགས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣