བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་གཞི་རྟེན་འཛུགས་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གསོ་སྦྱོང་བྱ་རྒྱུ་རྒྱུན་ཆད་མེད་པར་གཞི་རིམ་ལ་ཕྱོགས་པ་རེད།
གཞི་རིམ་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ཁྲོད་ཀྱི་གྲོང་ཨུད་ཏང་གི་སློབ་གྲྭ་དང་སྐོར་སྐྱོད་ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་བྱས་ཤིང་། ཞིབ་འཇུག་བྱ་གཞི་སྔོན་ཚུད་ནས་ཞིབ་འཇུག་བྱས་པ་དང་ལས་ཀ་དོན་འཁྱོལ་བྱ་རྒྱུ་མཉམ་དུ་སྐུལ་འདེད་བཏང་བས་རྩ་འཛུགས་སྡེ་ཚན་གྱི་སྣེ་ཁྲིད་པ་དང་ཏང་གི་སློབ་གྲྭ་དང་། ཞིང་འབྲོག སློབ་གསོ་སོགས་སྡེ་ཚན་གྱིས་མཉམ་དུ་སྐུལ་འདེད་གཏོང་བའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད། ད་ཕན་ལོ་གཉིས་རིང་ལྷ་ས་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭས་ཁྱོན་བསྡོམས་གྲོང་ཚོའི (སྡེ་ཁུལ་)ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་ཐེངས་7གཉེར་བ་དང་འདི་ལོའི་ལོ་སྟོད་དུ་རྫོང (ཆུས )ཚན་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཤང (གྲོང་རྡལ )དང་གྲོང་ཚོའི (སྡེ་ཁུལ ) ལས་བྱེད་པར་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱས་པ་རེད།
གྲོང་གསེབ་ཀྱི་ཏང་ཡོན་ལ་དེང་རབས་རྒྱང་ཁྲིད་སློབ་གསོའི་སྟེགས་བུ་བཙུགས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་གྲོང་ཁྱེར་རིམ་པའི་སྟེགས་བུ་དང་། རྫོང་གི (ཆུས )སྟེགས་བུ་8 གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོའི་མཇུག་སྣེའི་ས་ཚིགས་165འཛུགས་སྐྲུན་ལེགས་གྲུབ་བྱུང་བ་རེད། མ་དངུལ་སྒོར་ཁྲི་25བཏང་ནས་ལས་སྒོ་གསོ་སྦྱོང་དང་། བྱེད་སྒོ་སྤེལ་ཡུལ་དོན་འཁྱོལ། སྒྲ་བསྐྱེད་སྒྲིག་ཆས་ཉོ་སྒྲུབ་སོགས་ཆ་འགྲིག་འཛུགས་རྒྱུར་སྤྱད་པ་རེད།
གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཚོའི་ལས་བྱེད་པའི་ལས་དོན་དང་། འཚོ་བ། སློབ་སྦྱོང་ཆ་རྐྱེན་བཅས་ལེགས་སུ་གཏོང་བ་དང་། ཁོར་ཡུག་བཟང་པོ་སྐྲུན་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེར་བརྩི་གི་ཡོད་པ་རེད།
གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་ལག་ལེན་གསོ་སྐྱོང་རྟེན་གཞི་བཙུགས་ཤིང་། གྲོང་ཚོའི (སྡེ་ཁུལ )ཏང་ཡོན་ལས་བྱེད་པའི་རིག་གནས་གྲུབ་ཆ་དང་། ལས་ཀའི་ཁྱད་ཆོས། དང་ལེན་ནུས་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་དཔེ་མཚོན་ཁྱབ་གདལ་དང་། ཉམས་མྱོང་སྤེལ་རེས། ལག་ལེན་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་འཆར་གཞི་ལྡན་པའི་སྒོ་ནས་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅི་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད།