2008 ལོའི་ཚུན་དུ་རང་ལྗོངས་ཀྱི་ས་ཁུལ་ཁག་གི་ཏང་རྩ་འཛུགས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི “ངེས་པར་དུ་ཡོད་དགོས་པ་གསུམ ”གྱི་ལས་ཀའི་ཉམས་མྱོང་ཁྱབ་གདལ་ཧུར་ཐག་བཏང་བའི་ཁར་འདེམས་སྒྲུག་དང་བསྐོ་སྤྱོད་བྱ་རྒྱུ་ཚན་རིག་ཅན་དང་། སློབ་གསོ་གཏོང་རྒྱུ་དང་གསོ་སྦྱོང་བྱ་རྒྱུ་རྒྱུན་གཏན་ཅན། སྐུལ་མ་གཏོང་རྒྱུ་དང་འགན་ལེན་བྱ་རྒྱུ་ལམ་ལུགས་ཅན། དོ་དམ་དང་ལྟ་སྐུལ་བྱ་རྒྱུ་ཚད་ལྡན་ཅན་བཅས་སུ་འགྱུར་བ་བྱ་རྒྱུའི་བླང་བྱ་གཞིར་བཟུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བས་ལྗོངས་ཡོངས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔུང་ཁག་ཁྲོད་དུ་རྣམ་པ་གསར་པ་ཞིག་ཐོན་པ་དང་། ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་ཞིག་ཐོན་པ། ཏང་ཀྲི་པུའུ་ཧྲུའུ་ཅི་འདི་ཉིད་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པའི “སྲོག་ཤིང ”ལྟ་བུར་གྱུར་ཡོད་པ་རེད།
འདེམས་སྒྲུག་དང་བསྐོ་སྤྱོད་བྱ་རྒྱུ་ཚན་རིག་ཅན་དུ་འགྱུར་བ་བྱས་པ་སྟེ། གཅིག་ནས་འོས་མིའི་ཚད་གཞི་དང་ཆ་རྐྱེན་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་ཐུབ་པ་བྱས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་ཐུབ་པ། མང་ཚོགས་ཁྲོད་དུ་སྙན་གྲགས་ཆེ་བ། ཕྱུག་འགྱུར་འཇོན་ཐང་ཆེ་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པའི་ནུས་པ་ཆེ་བ་བཅས་ཀྱི་འོས་མི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་གནས་ཐོག་བཀོད་སྒྲིག་བྱས་པ་དང་། གཉིས་ནས་འདེམས་སྒྲུག་གི་གོ་རིམ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱས་པ། གསུམ་ནས་འདེམས་སྒྲུག་གི་ཐབས་ལམ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཡོད།
སློབ་གསོ་གཏོང་རྒྱུ་དང་གསོ་སྦྱོང་བྱ་རྒྱུ་རྒྱུན་གཏན་ཅན་དུ་འགྱུར་བ་བྱས་པ་སྟེ། གཅིག་ནས་རྒྱུན་གཏན་ཅན་གྱི་གསོ་སྦྱོང་ལམ་ལུགས་བཙུགས་ཤིང་། 2009 ལོའི་ལོ་འགོར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྗོངས་ཡོངས་ཀྱི་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་འཆར་གཞིའི་ནང་བཅུག་པའི་ཐོག་ལོ་ལྟར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱས་པ་དང་རིམ་རྩིས་བྱས་ན་གསོ་སྦྱོང་བྱས་པའི་དུས་ཚོད་ཉིན་བདུན་ཡན་ཟིན་པ་དང་། གཉིས་ནས་གཅིག་སྡུད་ངང་རེས་སྐོར་གསོ་སྦྱོང་བྱས་ཤིང་། ཇི་ལྟར་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡག་པོ་ཞིག་བྱ་རྒྱུ་དང་དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ་བཅས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱས་ཡོད། 2009 ལོར་ལྗོངས་ཡོངས་སུ་གསོ་སྦྱོང་གྲོན་དངུལ་སྒོར་ཁྲི་ 500 ལྷག་ཙམ་བཏང་སྟེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ 166 གཉེར་བའི་ནང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མི་ཐེངས་ 7687 ཞུགས་ཡོད། གསུམ་ནས་གྲོན་དངུལ་ལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད།
སྐུལ་མ་གཏོང་རྒྱུ་དང་འགན་ལེན་བྱ་རྒྱུ་ལམ་ལུགས་ཅན་དུ་འགྱུར་བ་བྱས་པ་སྟེ། གཅིག་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གླ་ཕོགས་ཐོབ་ཐང་ལམ་ལུགས་བཙུགས་ཤིང་། 2009 ལོའི་ཟླ་བ་དང་པོ་ནས་བཟུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གཞི་རྩའི་གླ་ཕོགས་དེ་ལོ་རེར་སྒོར་4000 ནས་སྒོར་5740 བར་གཅིག་གྱུར་ཐོག་སྤར་བ་དེ་ནི་2006 ལོའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གཞི་རྩའི་གླ་ཕོགས་ཀྱི་ལྡབ་2.9 ཡིན་པ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཀྱི་ཕྱེད་ཀ་དེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་ཀའི་བྱས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་དངུལ་དུ་གཏན་འཁེལ་བྱས་པ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མི་རེའི་ལོ་རེའི་ཆ་སྙོམས་ལས་ཀའི་བྱས་རྗེས་གསར་པའི་དཔྱད་ཞིབ་བྱ་དགའི་དངུལ་ནི་སྒོར་1394 ཡིན་པ། གཉིས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གཟུགས་པོ་བརྟག་དཔྱད་ཀྱི་ལམ་ལུགས་བཙུགས་ཤིང་། 2009 ལོའི་ཟླ་བ་དང་པོ་ནས་བཟུང་ལོ་གཉིས་རེར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་པ་དང་། མི་རེའི་གཟུགས་པོ་བརྟག་དཔྱད་བྱེད་པའི་གྲོན་དངུལ་གྱི་ཚད་གཞི་ནི་སྒོར་ 300 ཡིན་པ། དེར་མཁོ་བའི་གྲོན་དངུལ་ཚང་མ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གཏོང་འགན་བླངས་ཡོད། གསུམ་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་ཤིང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཏན་ལ་ཕབ་པ་དང་དུས་མཚུངས “ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས ”བཅས་ཀྱི་ཆ་རྐྱེན་འཛོམས་པའི་ལས་གནས་ནས་བྲལ་བའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་ཟླ་བ་རེར་འཚོ་སྣོན་སྒོར་ 200 ནས་ 400 བར་སྤྲད་ཡོད།
དོ་དམ་དང་ལྟ་སྐུལ་བྱ་རྒྱུ་ཚད་ལྡན་ཅན་དུ་འགྱུར་བ་བྱས་པ་སྟེ། གཅིག་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་གནས་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་། གཉིས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་དམངས་གཙོ་དཔྱད་མོལ་བྱས་པ། གསུམ་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་སྟབས་བསྟུན་དོ་དམ་བྱས་པ། བཞི་ནས་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་པ་བཅས་རེད།