དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྙེ་མོ་རྫོང་གཉིས་དབར་ཏང་རྩ་འཛུགས་ཆ་སྒྲིག་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྙེ་མོ་རྫོང་གིས་ལག་གདང་སྦྲེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ་རེད། ཕྱོགས་གཉིས་པོས་ཕན་ཚུན་གནས་ཡུལ་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་ནས་ལས་དོན་སྤེལ་རེས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་མཐུན་ལམ་མཛའ་གྲོགས་ཀྱི་བྱེད་སྒོ་སྤེལ་བ། ཏང་ཡོན་སྒྲིག་འཛུགས་བྱས་ནས་མཉམ་དུ་ཏང་གི་སློབ་ཚན་འཚོགས་པ། རྩ་འཛུགས་ཀྱི་འཚོ་བ་མཉམ་དུ་སྐྱེལ་བ། ཕན་ཚུན་ལུགས་མཐུན་གྱི་གྲོས་འགོ་འདོན་པ། ས་ཁོངས་ཀྱི་ཐོན་ཁུངས་མཉམ་དུ་སྤྱོད་པ་སོགས་བྱས་པར་བརྟེན་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་གཏོད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་མཉམ་གཏོད་བྱེད་པ། ཏང་ཡོན་གྱི་སློབ་གསོ་མཉམ་དུ་དམ་འཛིན་བྱེད་པ། གཞི་རིམ་མང་ཚོགས་ལ་མཉམ་དུ་ཞབས་ཞུ་བྱེད་པ། སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱི་སྒོ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མཉམ་དུ་གཏོད་པ་བཅས་བྱས་སྟབས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།