དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རང་སྐྱོང་ལྗོངས་གྲོང་ཚོའི་རྣམ་པ་བཅོས་སྒྲིག་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་སྙན་རོང་རྫོང་ཉི་མ་ཤང་དུ་བསྐྱོད་ནས་ལས་དོན་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྙན་རོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་གྲོང་ཚོའི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག་གི་ཚོད་ལྟའི་ལས་དོན་ཞིབ་བཤེར་ཚོགས་ཆུང་གིས་སྙན་རོང་རྫོང་ཉི་མ་ཤང་དུ་བསྐྱོད་ནས་ཤང་དེའི་གྲོང་ཚོའི་རྣམ་པ་བཅོས་སྒྲིག་གི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

        ས་གནས་ས་ཐོག་ཏུ་ལས་གྲྭའི་རྣམ་གྲངས་ལ་ལྟ་ཞིབ་བྱས་པ་དང་ལས་དོན་དེ་སྤེལ་ཚུལ་སྐོར་གྱི་ས་ཁུལ་དང་རྫོང་གི་སྙན་སེང་ཉན་རྗེས་ཞིབ་བཤེར་ཚོགས་ཆུང་གིས་ཤང་དེས་གོམ་སྟབས་རྗེས་མར་ལས་དོན་དེ་བས་ལེགས་པ་སྤེལ་རྒྱུར་བླང་བྱ་བཏོན་པ་སྟེ། གཅིག་ནི་གྲོང་ཚོའི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག་གི་ཚོད་ལྟའི་ལས་དོན་ཐད་གསར་གཏོད་བྱེད་ཆོག་མོད། འོན་ཀྱང་རྩ་དོན་མཐའ་འཁྱོངས་ཀྱིས་འགྱུར་མེད་དམིགས་ཚད་ཀྱི་འགག་སྒོ་ངེས་པར་དུ་ནན་པོ་སྲུང་དགོས་པ་དང་། གཉིས་ནི་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལས་གྲྭའི་འཕེལ་རིམ་དམ་འཛིན་ནན་པོ་བྱེད་དགོས། གསུམ་ནི་གྲོང་ཚོའི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་དང་འབྲེལ་བ་ཡོད་པའི་གྲངས་གཞིའི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་ཆ་ཚང་པོ་དགོས་པ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།