དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་གྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྟེང་ཆེན་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་སྟེང་ཆེན་རྫོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་ཚུན་སྟེང་ཆེན་རྫོང་གིས་ཏན་ཏིག་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པར་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྟེང་ཆེན་རྫོང་གིས་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་དང་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་གཞི་རིམ་ཏང་རྩ་འཛུགས་ལ “ཤེས་དགོས་པ་བཞི་དང་། རོགས་རམ་བྱེད་དགོས་པ་གཉིས། སྐུལ་ལྕག་བྱེད་དགོས་པ་གཅིག ”བཅས་ཀྱི་ཐོག་ནས་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ཚང་མ་གང་དུ་ཡོད་མེད་དང་། ལས་ཀ་གང་ཞིག་བྱེད་ཀྱི་ཡོད་མེད། སྔོན་ཐོན་རང་བཞིན་གྱི་བླང་བྱ་དང་ཧེ་བག་གང་ཞིག་ཡོད་མེད། དཀའ་ངལ་དངོས་གང་ཞིག་ཡིན་མིན་བཅས་ཤེས་རྟོགས་གསལ་པོ་བྱེད་དགོས་པ་དང་། ཏང་ཡོན་གྱི་མི་འདང་བའི་ཆ་ཁྱད་བསད་དང་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པ། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་ལྕག་བྱེད་པ་བཅས་ཡིན་པ་མ་ཟད། ནུས་ལྡན་གྱི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

        རྫོང་ཡོངས་ཀྱི་ཏང་ཡོན་གྱི་སྡོད་གནས་ཁ་ཐོར་ཡིན་པ་དང་རིག་གནས་ཀྱི་བྱང་ཚད་སྙོམས་པོ་མེད་པའི་གནས་ཚུལ་དངོས་ལ་དམིགས་ནས་སྟེང་ཆེན་རྫོང་གིས་རྫོང་ཡོངས་ཀྱི་ཏང་ཡོན་དཔུང་ཁག་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་བྱས་པས་ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་གསལ་པོ་བྱུང་ཡོད། བརྟག་དཔྱད་བྱས་ཚུལ་ལ་གཞིགས་ནས་རྫོང་ཡོངས་ཀྱི་ཏང་ཡོན་1862ལ་ཤོག་བྱང་རྣམ་པའི་གཅིག་སྡུད་ཡིག་ཚགས་བཙུགས་ནས་དོ་དམ་བྱས་པ་དང་ཏང་ཡོན་ཚང་མར་ཆེད་དོན་དོ་དམ་གྱི་ཤོག་བྱང་ཡོད་ཁར་ཤོག་བྱང་ཐོག་ཏང་ཡོན་གྱི་རུས་མིང་དང་། ཕོ་མོ། མི་རིགས། རིག་གནས་ཆུ་ཚད། སྐྱེས་ལོ། ཏང་ནང་ཞུགས་པའི་དུས་ཚོད། གནས་སའི་ཏང་ཀྲི་པུའི་མིང་སོགས་མི་སྒེར་གྱི་གཞི་རྩའི་གནས་ཚུལ་གསལ་པོ་བཀོད་ཡོད་པས་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད། དེ་དང་ཆབས་ཅིག་སྟེང་ཆེན་རྫོང་གིས་གཞི་རིམ་ཏང་ཡོན་ལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩི་བ་དང་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་ཡོན་གྱི་རང་ངོས་འཛུགས་སྐྱོང་གི་རྨང་གཞིར་བརྩིས་ཤིང་། འདི་ལོ་གསོ་སྦྱོང་འཛིན་གྲྭ་ཐེངས་4གཉེར་ནས་རྫོང་ཡོངས་ཀྱི་ཤང (གྲོང་རྡལ )13གི་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་གྲོང་ཚོ (གྲོང་ལྷན )64ཡི་ཏང་ཀྲི་པུའི་ཧྲུའུ་ཅི་དང་དེ་བཞིན་གཞི་རིམ་ཏང་ཡོན་ཁག་གཅིག་ལ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་ཏེ་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། དངོས་སྤྱོད་ལག་རྩལ་གྱི་ཆུ་ཚད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་བཅས་མཐོ་རུ་བཏང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་རེད།

        ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཁྲོད་སྟེང་ཆེན་རྫོང་གིས “ཏང་ཡོན་གཅིག་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་ཚེ་དེ་འཕེལ་རྒྱས་གཏོང་བའི ”རྩ་དོན་མཐའ་འཁྱོངས་བྱེད་པ་དང་ཏང་ནང་ཞུགས་པའི་འགག་སྒོ་ནན་པོ་སྲུང་ཐོག་ནུས་ཕྱོད་ཆེར་བསྐྱེད་ལོ་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གོ་སྐབས་སུ་བྱེད་པ་དང “གསོ་སྐྱོང་གསུམ ”དང “སྣེ་ཁྲིད་བཞིའི ”འདུ་འགོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ནང་ཀུན་སྤྱོད་ལེགས་པ་དང་། འཇོན་ཐང་ཆེ་བ། བརྩོན་འགྲུས་ཆེ་བ། གྲུབ་འབྲས་ལེགས་པ། སྤྱོད་པ་གཙང་བ་བཅས་ཀྱི་ལས་བྱེད་པ་ཏང་ཡོན་དཔུང་ཁག་ནང་བཅུག་པ་དང་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ཞིང་འབྲོག་པ་དཔེ་གསར་དང་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན་དཔུང་ཁག་ནང་འཇུག་རྒྱུར་མཐོང་ཆེན་བྱས་ཡོད། འདི་ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱིས་ཏང་ཡོན་23འཕེལ་རྒྱས་བཏང་བ་དེའི་ཁྲོད་ཞིང་འབྲོག་པ་ཏང་ཡོན་5ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།