བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གིས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ཁྲོད “གཞི་རིམ་ལ་བལྟ་བ་དང་། གཞི་རིམ་ལ་ཤུགས་རྒྱག་པ། ལས་དོན་གཞི་རིམ་ལ་ཁ་ཕྱོགས་པ ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་གསར་པ་འཛུགས་པའི་དམག་འཐབ་མཁར་རྫོང་སྔར་བས་བརྟན་དུ་བཏང་ཡོད་པ་རེད།
དཔུང་ཁག་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། སྣེ་གདོང་རྫོང་གིས “ཀྲི་པུའུ་གཅིག་ནི་དམག་འཐབ་མཁར་རྫོང་ཞིག་དང་ཏང་ཡོན་གཅིག་ནི་དར་ཆ་གཅིག ”ཡིན་པ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་དམིགས་ཚད་དུ་བྱས་ཏེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། གསར་གཏོད་ཀྱི་ནུས་པ། དམག་འཐབ་ཀྱི་ནུས་པ་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་རྫོང་ཡོངས་ཀྱིས་ཁྱོན་མི་གྲངས་592ཏང་ནང་བཅུག་པ་དེའི་ཁྲོད་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཏང་ཡོན་426ཡོད་པ་དེས་རྫོང་ཡོངས་ཀྱི་ཏང་ཡོན་གསར་པའི་71.95%ཟིན་ཡོད་པ་རེད། འཐབ་ས་བཟུང་ནས་རྨང་རྡོ་བརྟན་དུ་བཏང་ཞིང་། རྫོང་དེས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ནང་དོན་གལ་ཆེན་ལ་བརྩིས་པ་དང་2010ལོའི་བར་རྫོང་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་གྲོང་ཚོའི (གྲོང་མི་ཨུ་ཡོན་ལྷན་ཁང )གཞུང་ལས་ཁང་47བསྐྲུན་པ་གྲོང་ཚོ (གྲོང་མི་ཨུ་ཡོན་ལྷན་ཁང )ཁག་ཚང་མར་བྱེད་སྒོ་སྤེལ་ཡུལ་དང་། གཞུང་ལས་སྒྲིག་ཆས། “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་སྒོ་བྱང་། ལས་ཀའི་སྒྲིག་ལམ། ཡིག་ཚགས་དང་དཔྱད་གཞིའི་ཡིག་ཆ་བཅས་ཡོད་པ་མངོན་འགྱུར་བྱས་པ་དེའི་ཁྲོད་གྲོང་ཚོ (གྲོང་མི་ཨུ་ཡོན་ལྷན་ཁང )23དུ་གྲོང་གསེབ་ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་གློག་སྤྱད་སློབ་ཁྲིད་ཀྱི་སྒྲིག་ཆས་ཡོད་པ་རེད། མིག་སྔར་རྩེད་ཐང་གྲོང་རྡལ་དང་ཁྲ་འབྲུག་གྲོང་རྡལ་དུ་ཏང་འཛུགས་སྐྱོང་ཤང (གྲོང་རྡལ )གི་དཔེ་སྟོན་ས་ཚིགས་2བཙུགས་པ་དང་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་ཐོགས་མེད་གྲོང་མི་ཨུ་ཡོན་ལྷན་ཁང་དང་སྐྱེད་པ་ཤང་སྐྱེད་པ་གྲོང་ཚོར་གྲོང་ཚོའི (གྲོང་མི་ཨུ་ཡོན་ལྷན་ཁང )ཀྲི་པུའུ་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་2བཙུགས་ཡོད་པ་རེད། གསོ་སྦྱོང་དམ་འཛིན་བྱས་ནས་རོགས་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། རྫོང་དེས “རྫོང་ཨུད་ནི་འགག་རྩ་དང་། ཤང་གྲོང་ཏང་ཨུད་ནི་གཙོ་གནད། གྲོང་ཚོའི་ཏང་རྩ་འཛུགས་ནི་རྨང་གཞི ”བཅས་ཡིན་པའི་ལས་ཀའི་བླང་བྱ་གཞིར་བཟུང་དམངས་ཕྱུག་རྫོང་དར་གྱི་ལས་ཀའི་གཙོ་གནད་དེ་ཀྲི་པུའུ་དང་གཞི་རིམ་དུ་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ནས “རོགས་ཁྲིད་འདུ་འགོད ”ལག་བསྟར་ཧུར་ཐག་བྱས་ཏེ་རིམ་ཁག་དང་ལས་རིགས་ཁག་གི་ཕྱུག་འགྱུར་གདོང་ལེན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྫོང་ཡོངས་སུ་ཕྱུག་འགྱུར་ཞིང་འབྲོག་ཏང་ཡོན་310ཡོད་པ་དེས་དཀའ་ངལ་ཡོད་པའི་མང་ཚོགས་དང་ཏང་ཡོན་དུད་ཁྱིམ་1105ལ་ཆ་སྒྲིག་རོགས་སྐྱོར་བྱས་པས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་72དང་དང་དཀའ་ངལ་ཡོད་པའི་ཏང་ཡོན་དུད་ཚང་12དབུལ་སྒྲོལ་བྱུང་བ་དང་ཞིང་འབྲོག་ཏང་ཡོན་762ལ་རོགས་སྐྱོར་བྱེད་པའི་འགན་འཁྲི་ཁ་གསལ་བྱུང་བ་དང་དུས་མཚུངས་རིགས་ཁག་གི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ནས་སྔོན་ལ་ཕྱུག་པོ་ཆགས་པའི་དུད་ཚང་གིས་སྒོ་བྱང་བཀལ་ནས་རོགས་ཁྲིད་བྱེད་པའི་བྱེད་སྒོ་ཁྱབ་གདལ་བཏང་བ་རེད། མིག་སྔར “ཞིང་འབྲོག་ཏང་ཡོན་གྱི་ཚན་རྩལ་དཔེ་སྟོན་དུད་ཚང ”18དང་། “བུད་མེད་ཕྱུག་འགྱུར་འཇོན་ཐང་ཅན ”32“གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་མི་སྣ ”42བཅས་གསོ་སྐྱོང་བྱས་ཡོད་པ་རེད།