སྨན་གླིང་རྫོང་རྒྱ་ཕང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་རིང་དོན་གྲུབ་ཀྱིས་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་རྒྱ་ཕང་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་ཧུར་ཐག་བྱས་ནས་བསམ་བློ་བཅིངས་འགྲོལ་དང་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་མཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་རེད།
ཚན་ཁག་དམ་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་དེ་དམག་འཐབ་མཁར་རྫོང་གཏོད་པ།
ཡུལ་མི་སྤུན་ཟླ་ཚོས་རེ་བ་ནན་པོ་བཅོལ་བའི་ཚེ་རིང་དོན་གྲུབ་ཀྱིས་དང་ཐོག་ལམ་ལུགས་ཚད་ལྡན་བཟོ་རྒྱུ་ནས་འགོ་བཙུགས་པས “གྲོང་ཚོ་ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ལས་དོན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དུས་མཚུངས་ཚེ་རིང་དོན་གྲུབ་ཀྱིས “གྲོང་ཚོ་ཨུ་ལྷན་གཉིས ”ཀྱི་བྱེད་སྒོའི་འཐབ་ས་སྤྱད་ནས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྤྱོད་གོ་ཆོད་པའི་ལག་རྩལ་ཤེས་བྱ་སློབ་སྦྱོང་བྱས་པ་དང་མང་ཚོགས་ལ་འདེབས་གསོའི་ལག་རྩལ་དང་ཞིང་ལས་སྐྱེ་དངོས་ཀྱི་ནད་དང་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཤེས་བྱ་འཆད་འགྲེལ་བྱས་པ་རེད། ད་ཆ་གྲོང་ཚོའི་བྱེད་སྒོ་སྤེལ་ཡུལ་དེ “མི་སེམས་གོང་བུར་སྒྲིལ་བ་དང་། བྱེད་སྒོ་སྒྲིག་འཛུགས། ཤེས་དཔལ་བརྒྱུད་སྤེལ། མང་ཚོགས་སྐུལ་སློང ”བཅས་ཀྱི་སློབ་གསོའི་འཐབ་ས་ཡག་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
ཕྱུག་པོ་ཆགས་དུས་འབྱུང་རྩ་མ་བརྗེད་པ་བྱས་ནས་་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་བྱེད་འདོད།
འཇོན་ཐང་ཅན་གྱིས་དམངས་རྣམས་ཕྱུག་པོའི་ལམ་དུ་ཁྲིད། ཚེ་རིང་དོན་གྲུབ་ཀྱིས་བོད་བྱ་གསོ་ཚགས་བྱ་རྒྱུ་ནས་འགོ་བཙུགས་ཏེ་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་གྱི་ལས་ལ་ཞུགས། ཡུལ་མི་སྤུན་ཟླ་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད་ཁོང་གིས་གྲོས་འགོ་བཏོན་པའི་གྲོང་ཚོའི་ནང་ཕན་འབྲས་ཆེ་ལ་ནུས་རྒྱུ་གྲོན་ཆུང་གི་དྲོད་ཁང་12བསྐྲུན་ཞིང་། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་ཆེད་ཚེ་རིང་དོན་གྲུབ་ཀྱི་སྣེ་ཁྲིད་འོག་སྨན་གླིང་རྫོང་གི་གྲོང་ཚོ་རིམ་པའི་དཔལ་འབྱོར་དངོས་ཚན་དང་པོ་སྟེ “རྒྱ་ཕང་གྲོང་ཚོའི་ལུག་གསོ་ར་བ ”གཉེར་བ་དང་སྨན་གླིང་རྫོང་གི་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་པོ་སྟེ “རྒྱ་ཕང་རླངས་འཁོར་སྐྱེལ་འདྲེན་རུ་ཁག ”བཙུགས་ཡོད། ད་ཆ་རྒྱ་ཕང་གྲོང་ཚོའི་ཁྱིམ་ཚང་མང་ཆེ་བར་ཁྱིམ་སྤྱོད་གློག་ཆས་ཡོད་པ་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།
ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སྣེ་ཁྲིད་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པ།
ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལག་བསྟར་བྱེད་སྐབས་ཚེ་རིང་དོན་གྲུབ་དང་གྲོང་མི་ཚོས་ཕན་ཚུན་རོགས་རེས་བྱས་ནས་གྲོང་ཚོ་ཡོངས་སུ་ཚ་ཚ་འུར་འུར་ངང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ཤིང་། མིག་སྔར་རྒྱ་ཕང་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་མང་ཚོགས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་ཞུགས་ཚད་ཚང་མ་100%ཟིན་པ་དང་། གྲོང་ཚོ་ཡོངས་སུ་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཤར་གཏོང་ཐུབ་པས་མང་ཚོགས་ཀྱི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད། ཚེ་རིང་དོན་གྲུབ་ཀྱི་སྐོར་གླེང་སྐབས་གྲོང་མི་ཚོས་མཐེ་བོང་སྒྲེང་བཞིན་དུ “ཀྲི་པུའུ་ཧྲུའུ་ཅི་ཡག་པོ་འདི་ལྟ་བུའི་སྣེ་ཁྲིད་མཁན་ཡོད་པས་ང་ཚོའི་འཚོ་བར་རེ་བས་ཁེངས་ཡོད ”ཅེས་བརྗོད་ཀྱི་འདུག