དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་ས་གྲོང་ཁྱེར་གྱིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་གཙོ་བོར་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གིས་འགན་འཁྲི་ལག་བསྟར་དང་ནུས་པ་འདོན་སྤེལ་བྱ་རྒྱུར་དམ་པོར་དམིགས་ནས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་67དང་། རྫོང (ཆུས་)18 གཞི་རིམ་ཏང་རྩ་འཛུགས་1000ལྷག་ཙམ། དེ་བཞིན་ཏང་ཡོན་མི་གྲངས་ཁྲི་2.3བཅས་ཀྱི་ཁྲོད་དུ་སྣེ་ཁྲིད་པ་གསོ་སྐྱོང་འདུ་འགོད་དང་། ཏང་ཡོན་གདོང་ལེན་པའི་འདུ་འགོད། གྲོང་གསེབ་དང་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ཆ་སྒྲིག་འདུ་འགོད་བཅས་ལག་བསྟར་ཤུགས་ཆེན་བྱས་ནས་སྔོན་གཏོད་ལེགས་བརྩོན་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

        སྣེ་ཁྲིད་པ་གསོ་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པར་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ་སྔོན་གཏོད་ལེགས་བརྩོན་བྱས་ཤིང་། གཅིག་སྡུད་གསོ་སྦྱོང་དང་། ཕྱིར་སློབ་སྦྱོང་དུ་སྐྱོད་པ། སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ གསོ་སྐྱོང་དང་ལག་ལེན་རྟེན་གཞི་འཛུགས་སྐྲུན་བཅས “བྱེད་སྒོ་གསུམ་དང་འཛུགས་སྐྲུན་གཅིག ”སྤེལ་བ་བརྒྱུད་གྲོང་ཚོ (སྡེ་ཁུལ་)ཏང་ཀྲི་པུའུ་ཧྲུའུ་ཅིའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། ཐོབ་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། སྐུལ་ལྕག་དང་གཟེངས་བསྟོད་བཅས་ལྷུ་ཚིགས་བཞི་ལ་དམ་འཛིན་བྱས་ནས་གྲོང་ཚོ (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་ལས་ཀའི་ཧུར་སེམས་ལ་སྐུལ་སྤེལ་གཏོང་བ་དང་སྦྲགས། རྗེས་གྲབས་པ་གསོ་སྐྱོང་དང་། “1:1གི་གྲོང་ཚོ (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་རྗེས་གྲབས་འོས་མིའི ”འཆར་གཞི་ལག་བསྟར་བྱས་ཏེ་གྲོང་ཚོ (སྡེ་ཁུལ )གཅིག་ལ་ཉུང་མཐར་ཡང་ཏང་ཀྲི་པུའི་ཧྲུའུ་ཅིའི་རྗེས་གྲབས་འོས་མི་གཅིག་ཡོད་པ་བྱས་ནས་གྲོང་ཚོ (སྡེ་ཁུལ )རྩ་འཛུགས་ཀྱི་སྐབས་བརྗེ་བའི་འདེམས་བསྐོའི་མི་སྣ་གྲ་སྒྲིག་བྱས་ཡོད་པ་རེད།

        ཏང་ཡོན་གདོང་ལེན་པའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་སྔོན་གཏོད་ལེགས་བརྩོན་བྱས་ཤིང་། ལས་གནས་མེད་པའི་ཏང་ཡོན་ལ་ལས་གནས་གཏན་འཁེལ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་འདུ་འགོད་འཛུགས་པའི་བྱེད་སྒོ་སྤེལ་བ། ཏང་ཡོན་གྱིས་ལེགས་སྐྱེས་འབུལ་བའི་ཉིན་མོ་འཛུགས་པ། “འཚམས་འདྲི་དང་བརྟག་ཞིབ་”བྱེད་པ་བཅས་བརྒྱུད་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཧུར་བརྩོན་ངང་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད་པ་རེད།

        གྲོང་གསེབ་དང་གྲོང་ཁྱེར་གྱི་ཏང་འཛུཌ་སྐྱོང་ཆ་སྒྲིག་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་གསེབ་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གཅིག་གྱུར་ཡོང་རྒྱུར་དམིགས་ནས་སྔོན་གཏོད་ལེགས་བརྩོན་བྱས་ཤིང་། གྲོང་གསེབ་དང་གྲོང་ཁྱེར་གྱི་ཏང་རྩ་འཛུགས་ཆ་སྒྲིག་མཉམ་གཏོད་དང་། གྲོང་གསེབ་དང་གྲོང་ཁྱེར་གྱི་ཏང་ཡོན་ཆ་སྒྲིག་རོགས་སྐྱོར། ཏང་ཡོན་དང་མང་ཚོགས་ཆ་སྒྲིག་གཅེས་སྐྱོང་བཅས་ལ་གཞི་རྟེན་བྱས་ནས་གྲོང་གསེབ་དང་གྲོང་ཁྱེར་གཅིག་གྱུར་བྱེད་པའི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་ཧུར་ཐག་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།