དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས“གཞི་རིམ་ཏང་འཛུགས་སྐྱོང་ལོའི”བྱེད་སྒོར་སྐུལ་མ་ཏན་ཏིག་གཏོང་བ།

  •     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་སྤེལ་བ་ནས་བཟུང་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་དང་རང་ངོས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་བྱེད་སྒོའི་འདྲེན་རྟེན་གསར་གཏོད་བྱས་ནས “མཐའ་འཁྱོངས་གཅིག་དང་། སྣང་ཆེན་གཉིས། ཟུང་འབྲེལ་གསུམ ”བཅས་བྱས་པ་བརྒྱུད་གཞི་རིམ་ཏང་འཛུགས་སྐྱོང་གི་བྱེད་སྒོ་ཁག་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།

        “མཐའ་འཁྱོངས་གཅིག ”ལག་བསྟར་བྱས་ནས “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་པ། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཉིན་རེའི་གྲོས་རིམ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཛིན་ལྷོད་མེད་བྱས་ཏེ་གཅིག་ནི་སློབ་སྦྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་སློབ་སྦྱོང་གི་བྱེད་སྒོ་ཚད་ལྡན་ཡོང་བ་བྱེད་ཀྱི་ཡོད་པ་རེད། གཉིས་ནི་སློབ་སྦྱོང་ནང་དོན་ཐད་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་དོན་དངོས་གཞིར་བཟུང་དམིགས་བསལ་རང་བཞིན་ལྡན་པའི་སློབ་སྦྱོང་ནང་དོན་གཏན་འཁེལ་བྱས་པ་དང་སློབ་སྦྱོང་བྱེད་རིང་ཞིབ་དཔྱོད་ཁང་ཡོངས་ཀྱིས་གཅིག་སྡུད་ངང་སློབ་སྦྱོང་བྱེད་པ་དང་། ཀྲི་པུའུ་ཁག་གིས་བཞུགས་མོལ་བྱེད་པ། ཏང་ཚོགས་ཆུང་གིས་ཞིབ་འཇུག་གྲོས་བསྡུར་བྱེད་པ། མི་སྒེར་གྱིས་གཏམ་བཤད་སྤེལ་བ། མྱོང་ཚོར་འབྲི་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་དེས་ཏང་ཡོན་ལ་སློབ་གསོ་རྒྱག་རིང་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

        “སྣང་ཆེན་གཉིས ”ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གཅིག་གྱུར་འཆར་འགོད་དང་སྐུལ་མ་ཐེབས་རྒྱུར་འགན་ལེན་བྱེད་པ། “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་སྤེལ་རིང་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་གྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་ཞིབ་དཔྱོད་ཁང་གཏོད་རྒྱུའི་བྱེད་སྒོ་ཟུང་འབྲེལ་བྱས་ཏེ་གཟའ་འཁོར་རེའི་གཟའ་པ་སངས་དེ་སློབ་སྦྱོང་དུས་ཚོད་དུ་གཏན་འཁེལ་བྱས་ནས་ལས་བྱེད་ཉེན་རྟོག་པའི་སློབ་སྦྱོང་འདུ་ཤེས་དེ “རང་ཉིད་ལ་སློབ་སྦྱོང་བྱེད་དུ་འཇུག་པ ”ནས “རང་ཉིད་ཀྱིས་སློབ་སྦྱོང་བྱེད་པའི་བར ”བསྒྱུར་པ་རེད། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ད་དུང་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱ་རྒྱུ་དང་ལྡོག་ཕྱོགས་སློབ་གསོར་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་གྱིས་ཏང་ཡོན་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཉེ་འགྲམ་གྱི “རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན ”ཏེ་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་རུལ་རྒོལ་ཅུས་ཀྱི་ཚེ་དབང་འཇིགས་མེད་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་ནན་ཏན་བྱེད་ཀྱི་ཡོད་པ་རེད།

        “ཟུང་འབྲེལ་གསུམ ”ལ་བརྟེན་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས “གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ ”དེ “ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བའི་ལོ་ལྔ་ཚན་གྱི་འཆར་གཞི་ལྔ་པའི ”ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལས་སྒོའི་བྱང་ཚད་མཐོ་བ་དང་གྱོད་དོན་ཐག་གཅོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་མ་ཟད། བོད་རྒྱ་སྐད་གཉིས་བྱང་ཆུབ་པའི་ལས་བྱེད་ཉེན་རྟོག་པ་འཐེན་མངགས་བྱས་ནས་ཁྲོམ་གཟིགས་སྒང་དང་། རྗེ་འབུམ་སྒང་། བར་སྐོར། གླིང་ཕྲན་གཉིས་སོགས་འདུས་སྡོད་མི་འབོར་བལྟོས་བཅས་ཀྱིས་མང་ཙམ་ཡོད་པའི་ཁྲོམ་གཞུང་མངའ་ཁུལ་དུ་བསྐྱོད་དེ་སྒྲ་ཕབ་སྤྱིན་ཤོག་ཡོ་བྱད་སྤྱོད་པ་དང་། འགྲེམས་བྱང་བསྒྲིགས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་དེ “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་འབྲེལ་ཡོད་ནང་དོན་ཐད་སྐོར་སྐྱོད་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།