དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྟེགས་བུ་ཡག་པོ་གཏོད་ནས་དངོས་ཕན་དོན་གཉེར་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “སྣེ་ཁྲིད་གཅིག་དང་། སྟོབས་ཆེར་གཏོང་བ་གསུམ། མཐོར་གཏོང་གསུམ ”བཅས་ཀྱི་བླང་བྱ་གཞིར་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལས་རིགས་ཁག་གི་ཏང་ཡོན་གྱི་ལས་གནས་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གཞི་རྟེན་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཁྱབ་ཁོངས་མི་འདྲ་བར་གཞི་རྟེན་མི་འདྲ་བ་དང་། ཚན་པ་མི་འདྲ་བར་གཞི་རྟེན་མི་འདྲ་བ། ཀྲི་པུའུ་མི་འདྲ་བར་གཞི་རྟེན་མི་འདྲ་བ་བཅས་བྱེད་ཐུབ་པ་བྱས་ནས་ལས་རིགས་ཁག་གི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཆེད་སྟེགས་བུ་བསྐྲུན་ཡོད།

        ལྟེ་བའི་ལས་དོན་ལ་དམིགས་ཏེ་གཞི་རྟེན་གཏན་འཁེལ་བྱས་ཤིང་། གཞིས་རྩེ་ས་ཁུལ་གྱིས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསམ་བློར་དྲག་ཆས་སྤྲོས་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་ཏང་གཤིས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ནུས་ཕྱོད་ཆེར་བསྐྱེད་དང་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་ལས་གནས་ཐོག་ལེགས་སྐྱེས་འབུལ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། དམིགས་ཡུལ་སྒྲུབ་པ་དང་དམངས་ཆེད་དུ་སྲིད་སྐྱོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་ཏན་ཏིག་སྤེལ་བ། སྔོན་ཐོན་མཚོན་པ་དང་གཟུགས་བཪྙན་མངོན་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་ཏང་ཡོན་གྱིས་མིག་དཔེ་འདོན་པའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ། གཞི་རིམ་སྟོབས་ཆེར་གཏོང་བ་དང་རྨང་གཞི་བརྟན་དུ་གཏོང་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་རྩ་འཛུགས་ཀྱི་གསར་གཏོད་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་བྱས་ཡོད། གྲོ་མོ་རྫོང་གིས “བསྡུར་བ་བཞི་དང་བལྟ་བ་བཞི ”སྟེ། དངོས་སྒྲུབ་བསྡུར་ནས་སྤྱི་ཚོགས་བརྟན་ལྷིང་ལ་བལྟ་བ་དང་། གསར་གཏོད་བསྡུར་ནས་འཕེལ་རྒྱས་ཀྱི་བྱས་རྗེས་ལ་བལྟ་བ། ཞབས་ཞུ་བསྡུར་ནས་དམངས་ཕན་གྱི་གྲུབ་འབྲས་ལ་བལྟ་བ། གཟུགས་བཪྙན་བསྡུར་ནས་མང་ཚོགས་ཀྱི་ཤོད་ཚུལ་ལ་བལྟ་བ་བཅས་གཞི་རྟེན་དུ་བྱེད་པ་དང་། སྣེ་གདོང་རྫོང་གིས “དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཕྱུག་འགྱུར་གདོང་ལེན་པ་བྱས་ནས་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་གྲོང་གསེབ་གསར་པ་འཛུགས་སྐྲུན ”བྱ་རྒྱུས་བྱེད་སྒོའི་གཞི་རྟེན་དུ་བྱེད་པ། ནག་ཆུ་རྫོང་གིས “རྩ་སྲ་རྨང་བརྟན་གྱིས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་འབབ་འཕར་ཕྱུག་འགྱུར་གྱིས་གྲོང་ཚོ་གསར་པ་བསྐྲུན་རྒྱུ ”གཞི་རྟེན་དུ་བྱེད་པ། གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱིས་“ཞིང་འབྲོག་ལས་གྱི་གྲོང་རྡལ་གཙོ་བོ་དང་། དཔལ་འབྱོར་སྟོབས་ཆེའི་གྲོང་རྡལ། ཡུལ་སྐོར་བྱ་ཡུལ་ལེགས་པའི་གྲོང་རྡལ། སྣོད་བཅུད་བཟང་བའི་གྲོང་རྡལ། དུས་བདེའི་གྲོང་རྡལ ”བཅས་གཞི་རྟེན་དུ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས “མེད་པ་གསུམ ”སྟེ། ཡིག་ཆ་འབྲི་བར་ནོར་འཁྲུལ་མེད་པ་དང་། ཚོགས་འདུ་འཚོགས་པར་ནོར་འཛོལ་མེད་པ། བྱ་བ་སྒྲུབ་པར་སྐྱོན་མེད་པ་བཅས་གཞི་རྟེན་དུ་བྱེད་པ། བོད་ལྗོངས་སློབ་ཆེན་གྱིས “བརྗོད་བྱ་གཙོ་བོའི་བྱེད་སྒོ་ལྔ ”སྤེལ་བ་སྟེ། ཏང་གཤིས་སློབ་གསོའི་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ། ལས་གནས་ཐོག་ལེགས་སྐྱེས་འབུལ་བའི་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ། དགེ་སློབ་ལ་ཞབས་ཞུ་བྱེད་པའི་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ། རྩ་འཛུགས་གསར་གཏོད་ཀྱི་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ་བཅས་གཞི་རྟེན་དུ་བྱེད་པ། ལྷོ་ཁ་ས་ཁུལ་སློབ་ཆུང་གསུམ་པས་སློབ་སྦྱོང་བསྡུར་བ་དང་། སློབ་ཁྲིད་བསྡུར་བ། ཞབས་ཞུ་བསྡུར་བ། ལེགས་སྐྱེས་བསྡུར་བ་བཅས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་ཕུལ་བྱུང་དང་། སློབ་ཁྲིད་ཕུལ་བྱུང་། མཛེས་སྡུག་ལྡན་པའི་སློབ་གྲྭ་བཅས་གཏོད་རྒྱུ་བརྩོན་ལེན་བྱས་ཐོག་སློབ་མའི་ཁྱིམ་བདག་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ནང་དོན་གཙོ་བོར་བྱས་པའི “བསྡུར་བ་བཞི་དང་ཕུལ་བྱུང་གསུམ། བློ་ཡིད་ཚིམ་པ་གཅིག ”བཅས་བྱེད་སྒོའི་གཞི་རྟེན་དུ་བྱེད་པ་བཅས་རེད།

        ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པར་གཞི་ཚུགས་ནས་གཞི་རྟེན་གཏན་འཁེལ་བྱས་ཤིང་། མལ་གྲོ་གུང་དཀར་རྫོང་གིས “མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། རང་ཉིད་ཀྱི་མཚོན་ཚུལ་ལ་བལྟ་བ། ཚང་མའི་ལེགས་སྐྱེས་བསྡུར་བ ”བཅས་གཞི་རྟེན་དུ་བྱེད་པ་དང་། ཆབ་མདོ་ས་ཨུད་རྩ་འཛུགས་པུའུ་ཡིས “སྣང་ཆེན་དྲུག་དང་གསར་གཏོད་དྲུག ”གཞི་རྟེན་དུ་བྱས་པ་སྟེ། སྲོལ་བཟང་ལ་སྣང་ཆེན་བྱས་ཏེ་སྡེ་ཚན་རྩེ་གྲ་གཏོད་པ་དང་། སློབ་སྦྱོང་ལ་སྣང་ཆེན་བྱས་ཏེ་བྱང་ཚད་རྩེ་གྲ་གཏོད་པ། མཐུན་སྒྲིལ་ལ་སྣང་ཆེན་བྱས་ཏེ་དཔུང་ཁག་རྩེ་གྲ་གཏོད་པ། ཞབས་ཞུར་སྣང་ཆེན་བྱས་ཏེ་ལེགས་སྐྱེས་རྩེ་གྲ་གཏོད་པ། ཕན་ནུས་ལ་སྣང་ཆེན་བྱས་ཏེ་བྱས་རྗེས་རྩེ་གྲ་གཏོད་པ། སྤྱོད་ཚུལ་ལ་སྣང་ཆེན་བྱས་ཏེ་གཟུགས་བཪྙན་རྩེ་གྲ་གཏོད་པ་བཅས་དང་། བོད་ལྗོངས་མཁའ་ལམ་ཚོགས་པས “བྱེད་སྒོ་ཁག་ལྔ ”གཞི་རྟེན་དུ་བྱས་པ་སྟེ། ལས་གནས་ཐོག་ལེགས་སྐྱེས་འབུལ་བའི་བྱེད་སྒོ་དང་། ལས་བཟོར་ཞབས་འདེགས་ཞུ་བའི་བྱེད་སྒོ། དཔེ་སྟོན་སྣེ་ཁྲིད་བྱེད་སྒོ། རྩ་འཛུགས་གསར་གཏོད་བྱེད་སྒོ། དཔྱད་བསྡུར་གཟེངས་བསྟོད་བྱེད་སྒོ་བཅས། ལྷ་ས་གསོལ་མགྲོན་ཁང་གིས “གསར་གཏོད་གསུམ་དང་དོན་འཁྱོལ་གཅིག ”བྱེད་སྒོའི་གཞི་རྟེན་དུ་བྱས་པ་སྟེ། གཟུགས་བཪྙན་རྩེ་གྲ་གཏོད་པ་དང་། ཞབས་ཞུ་རྩེ་གྲ་གཏོད་པ། བྱས་རྗེས་རྩེ་གྲ་གཏོད་པ་བཅས་དང་ལས་གནས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ལྷ་ས་གདོང་དཀར་ཨར་འདམ་བཟོ་གྲྭས “རང་འཁྲིར་གཞི་ཚུགས་ནས་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་དུས་སྐབས་གསར་པའི་ཐོན་ལས་བཟོ་པ་བྱ་རྒྱུ ”གཞི་རྟེན་དུ་བྱེད་པ། བོད་ལྗོངས་ཝུའེ་ཧའོ་ཁྲིམས་རྩོད་པའི་ལས་དོན་ཁང་གིས “ལས་གཅེས་ལས་བཀུར་ངང་ལེགས་སྐྱེས་འབུལ་བ་དང་། ནུས་པ་འདོན་སྤེལ་གྱིས་འོད་སྣང་སྦྱིན་རྒྱུ ”གཞི་རྟེན་དུ་བྱེད་པ་བཅས་རེད།

        ཁྱོན་མ་དངུལ་སྒོར་ཁྲི་2100བཏང་བའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁྱད་ལྡན་ལྡུམ་རའི་དཔེ་སྟོན་ཁུལ་གྱི་རྣམ་གྲངས་དེ་འདི་ལོའི་ཟླ་5ཚེས་22ཉིན་ནས་ལས་འགོ་བཙུགས་ཚུན་མ་དངུལ་སྒོར་ཁྲི་1408བཏང་ཟིན་ནས་དྲོད་ཁང་སྟར་པ་160དང་། དྲོད་ཁང་ཆེ་མོ་སྟར་པ་3 དྲོད་ཁང་སྦྲེལ་མ་སྟར་པ་2བཅས་བསྐྲུན་ཡོད་ཅིང་། འདི་ནི་སྐྲུན་བཞིན་པའི་དཔེ་སྟོན་ཁུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།