དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ནག་ཆུའི་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་དོན་དེ་རྒྱུན་གཏན་ཅན་དུ་གྱུར་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ནག་ཆུ་ས་ཁུལ་གྱིས་སློབ་གསོ་གསོ་སྦྱོང་སྣ་མང་ཅན་དང་། རྒྱུན་གཏན་དོ་དམ་འགུལ་ཚུལ་ཅན། སྐུལ་ལྕག་དང་ཐུགས་ཁུར་འགན་ལེན་ཅན། ནུས་པ་འདོན་རྒྱུ་རྒྱུན་གཏན་ཅན་བཅས་ལ་དམ་པོར་དམིགས་ཏེ་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་ཡོན་གྱི་ནུས་པ་འདོན་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

        ཐོན་ཁུངས་བསྡུ་སྒྲིལ་དང་སློབ་གསོ་གསོ་སྦྱོང་སྣ་མང་ཅན་དུ་འགྱུར་བ་བྱེད་ཅིང་། ནག་ཆུ་ས་ཁུལ་གྱིས་གདན་དྲངས་པ་དང་ཕྱིར་སྐྱོད་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ཤེས་སྤྱད་དེ་བྱང་ཚད་མཐོར་གཏོང་གི་འདུ་འགོད་ཤུགས་ཆེན་གཉེར་བ་རེད། 2008ལོ་ནས་བཟུང་ས་ཁུལ་དེ་ཡོངས་སུ་རིགས་ཁག་གི་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་ཁྱོན་བསྡོམས་དུས་ཐེངས་32གཉེར་ནས་ཏང་ཡོན་མི་ཐེངས་18300ལྷག་ཙམ་གསོ་སྦྱོང་བྱས་སྟབས་ཏང་ཡོན་ཚོའི་ཤེས་བྱ་ཕུན་སུམ་ཚོགས་སུ་སོང་བ་དང་། མཐོང་རྒྱ་ཆེ་རུ་སོང་བ། འཇོན་ཐང་ཆེ་རུ་སོང་ཡོད། སྤུས་ཀ་སྔོན་ལ་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲུབ་ཆ་བཟང་སྒྲིག་བྱ་རྒྱུར་དམིགས་པ་དང་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་ལ་གསོ་སྦྱོང་གསུམ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། 2008ལོ་ནས་བཟུང་ས་ཁུལ་དེ་ཡོངས་ཀྱི་ཏང་ཡོན་3471ལས་སྒོའི་རྐང་འཛིན་པ་དང་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱས་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་260ལྷག་ཙམ་ཏང་ཡོན་ལ་གསོ་སྐྱོང་བྱས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་350ལྷག་ཙམ་གྲོང་ཚོ (གྲོང་ལྷན )ཨུ་ལྷན་གཉིས་ཀྱི་ཚན་ཁག་ནང་བདམས་ཡོད།

        ལམ་ལུགས་འཐུས་ཚང་དུ་བཏང་ནས་རྒྱུན་གཏན་གྱི་དོ་དམ་འགུལ་ཚུལ་ཅན་དུ་འགྱུར་བ་བྱེད་ཅིང་། ཏང་ཡོན་གྱི་ཏང་གཤིས་ལ་དུས་བཀག་ལྟར་དབྱེ་ཞིབ་དང་དཔྱད་མོལ་བྱེད་པའི་ལམ་སྲོལ་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཏང་ཡོན་ལ་དུས་བཀག་ལྟར་དཔྱད་མོལ་བྱས་པ་དང་ཏང་ཡོན་ཚོས་རྟག་ཏུ་སློབ་གསོ་དང་ལེན་བྱེད་པ་དང་སྔོན་ཐོན་རང་བཞིན་ཇི་སྲིད་བར་རྒྱུན་འཁྱོངས་བྱེད་ཐུབ་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད།

        སྲིད་ཇུས་འཐུས་ཚང་ཡོང་བ་བྱས་ཏེ་སྐུལ་ལྕག་དང་ཐུགས་ཁུར་འགན་ལེན་ཅན་དུ་འགྱུར་བ་བྱེད་ཅིང་། ས་ཁུལ་དེ་ཡོངས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་1300ལྷག་ཙམ་ལ་རྩིས་ཁྲ་བཟོས་ཏེ་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་རང་ངོས་ཀྱི་ནོར་ཤུགས་ལ་གཞིགས་ནས་ཏང་ནང་གི་རོགས་སྐྱོར་ཐེབས་རྩ་བཙུགས་པ་དང་། མིག་སྔར་ས་ཁུལ་དེ་ཡོངས་ཀྱིས་ཏང་ནང་གི་སྐུལ་ལྕག་དང་རོགས་སྐྱོར་ཐེབས་རྩ་སྒོར་ཁྲི་170ལྷག་ཙམ་གྲབས་གསོག་བྱས་ཡོད།

        ལས་གནས་བཀོད་སྒྲིག་གིས་འགན་འཁྲི་གཏན་འཁེལ་བྱས་ནས་ནུས་པ་འདོན་རྒྱུ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་ཅིང་། ལས་གནས་མེད་པའི་ཏང་ཡོན་ལ་ལས་གནས་བཀོད་སྒྲིག་གིས་འགན་འཁྲི་གཏན་འཁེལ་བྱེད་པ་དང་ཏང་ཡོན་གྱི་དཔེ་སྟོན་ལས་གནས་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མིར་གཞིགས་ནས་ལས་གནས་གཏན་འཁེལ་བྱེད་པ་དང་ལས་གནས་ལ་གཞིགས་ནས་འགན་འཁྲི་གཏན་འཁེལ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། མི་གཅིག་ལ་ལས་གནས་གཅིག་དང་། མི་གཅིག་ལ་ལས་གནས་མང་པོ། ལས་གནས་གཅིག་ལ་མི་མང་པོ་བཅས་ཀྱི་བྱེད་སྟངས་སྤྱད་དེ་ཏང་ཡོན་ཚོར་ལས་གནས་ཁག་བགོས་དོ་དམ་བྱེད་པ་དང་འབྲེལ་ལས་གནས་ཀྱི་ལས་རྗེས་དེ་ཕུལ་བྱུང་དང་སྔོན་ཐོན་འདེམས་པའི་གལ་ཆེའི་གཞི་འཛིན་སར་ཡང་བརྩི་གི་ཡོད། 2008ལོ་ནས་བཟུང་ས་ཁུལ་དེ་ཡོངས་སུ་ཏང་ཡོན་320ལྷག་ཙམ་གྱིས་འཚང་ཁ་ཤིག་ཤིག་ངང་དཔེ་སྟོན་ལས་གནས་ཁག་84བླངས་པ་དང་ཏང་ཡོན་གྱི་རོགས་ཁྲིད་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད། སྡེ་ཚན་གྱིས་གྲོང་ཚོར་རོགས་རམ་བྱེད་པ་དང་ཏང་ཡོན་ཚོས་དུད་ཚང་ལ་རོགས་རམ་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཤུགས་ཆེན་སྤེལ་བ་དང་ས་ཁུལ་དེ་ཡོངས་ཀྱི་རོགས་ཁྲིད་ནུས་པ་ལྡན་པའི་ཏང་ཡོན་7500ལྷག་ཙམ་གཅིག་མཇུག་གཉིས་མཐུད་ངང་འབྲོག་ཁུལ་དུ་བསྐྱོད་དེ་བྱ་བ་བཟང་པོ་དང་བྱ་བ་དངོས་ཐེངས་གྲངས་200ལྷག་ཙམ་ལེགས་པར་བསྒྲུབས་པ་དང་། དངུལ་ཞལ་འདེབས་ཕུལ་བ་དང་དངོས་པོ་སྤྲོད་ཚད་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།