བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཞི་རིམ་ཏང་རྩ་འཛུགས་ཀྱི་གཞུང་ལས་ཆ་རྐྱེན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ནུས་པ་དང་། འབོད་སྐུལ་ནུས་པ་བཅས་ཤུགས་ཆེ་རུ་གཏོང་ཆེད། ཉེ་དུས་སྙེ་མོ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ལས་དོན་གྱི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་ཞིག་སྤེལ་ཏེ་གཞི་རིམ་ཏང་རྩ་འཛུགས་ལ་གཞུང་ལས་སྒྲིག་ཆས་སྤྲད་པ་རེད།
མཛད་སྒོ་དེའི་སྟེང་རྫོང་ཨུད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཚང་མས་ནམ་ཡང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ་འགན་འཁྲི་ལྕི་པོ་ཕྲག་ཏུ་ལེན་ཕོད་པ་དང་། ངར་ཤུགས་གཅིག་སྒྲིམ། སྣེ་ཁྲིད་མཁན་ཡག་པོ་བཅས་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་ཨུད་ཀྱིས་རང་ངོས་ཀྱི་གནས་ཚུལ་དངོས་ལ་བརྟེན་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཤང་གྲོང་ཏང་ཨུད་ཁག་ཏུ་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་ལེགས་འདེམས་བྱས་ཏེ་གཞི་རིམ་དཔུང་ཁག་ཧྲག་ཏུ་བཏང་ཡོད། འདི་ལོར་སླར་ཡང་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི་40ལྷག་ཙམ་ཐག་གཅོད་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་རྟེན་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ལ་དགོས་ངེས་ཀྱི་གཞུང་ལས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་གཞུང་ལས་ཆ་རྐྱེན་ལེགས་བཅོས་ཐད་བཏང་བ་རེད།