དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་འཁྲིད་མཁན་གྱི་ཀྲུའུ་རེན་བཟང་པོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལོ་46ལ་སོན་པའི་ཤར་བསྟན་བྱམས་1994ལོ་ནས་བཟུང་སྔ་རྗེས་སུ་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་དང་། རྫ་ཡུལ་རྫོང་། ཉིང་ཁྲི་ས་ཁུལ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བདུན་པ་དང་སྐབས་དགུ་པའི་སྲིད་གྲོས་ཨུ་ཡོན་ལ་བདམས་པ་རེད། 1998ལོར་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་དང་2002ལོར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་སྐབས་གཉིས་པའི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

        ཁོང་གིས་1995ལོར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྟེང་པ་བའི་གྲོང་གསར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་ནས་ད་བར་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་སྣེ་ཁྲིད་ཀྱིས་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པར་བརྟེན་ཡུལ་མི་ཚོས་ཁོང་ལ “མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་འཁྲིད་མཁན་གྱི་ཀྲུའུ་རེན་བཟང་པོ ”ཞེས་འབོད་ཀྱི་ཡོད་པ་རེད། ད་ཆ་གྲོང་ཚོ་དེའི་ལོ་ཏོག་འདེབས་ཁྱོན་མུའུ་600ཙམ་ཟིན་པ་དང་། ལོའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་ཁྲི་362660ཟིན་པ། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2550ཟིན་པ། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་90%སྡོད་ཁང་གསར་པའི་ནང་སྤོས་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད།

        རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་གྱི་སྟེང་པ་བའི་གྲོང་གསར་ནི་སྟེང་པ་བས་གཙོ་བོ་བྱས་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་ཁྱོན་དུད་ཚང་51དང་མི་250ཡོད་ཅིང་། ཁོང་གིས་འགྲིམ་འགྲུལ་དང་ཆུ་བེད་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་ཚད་བརྒལ་དུ་བྱས་ནས་འབྲེལ་ཡོད་མི་སྣ་སྣེ་ཁྲིད་ཀྱིས་དབྱེ་ཞིབ་ནན་ཏན་བྱེད་པ་དང། མ་དངུལ་གྲབས་གསོག་ཧུར་ཐག་བྱེད་པ། གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་སྐུལ་སློང་བྱས་ནས་ངལ་རྩོལ་ནང་ཞུགས་པ། གྲོང་མི་སྒྲིག་འཛུགས་བྱས་ཏེ་ངལ་རྩོལ་ནང་ཞུགས་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱིར་ཤར་བགྲོད་ཐུབ་པའི་གཞུང་ལམ་དང་། འཕྲུལ་རྨོད་ལམ། ཞིང་ནང་དུ་ལྕགས་དྲ་སྐོང་བ། ཆུ་ཡུར་སོགས་བསྐྲུན་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བྱུང་ཐོག་སྟེང་པ་བའི་གྲོང་གསར་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱས་པ་རེད།

        འགྲིམ་འགྲུལ་སྟབས་བདེ་བྱུང་བ་དང་ཆུ་བེད་སྒྲིག་བཀོད་ལེགས་སུ་ཕྱིན་ཞིང་། ཁོང་གིས་གྲོང་རྡལ་སྲིད་གཞུང་དང་ཐག་ཉེ་བ་དང་འགྲིམ་འགྲུལ་སྟབས་བདེ་བ་སོགས་ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་སྣེ་ཁྲིད་ཀྱིས་ཚོང་རྒྱག་པ་དང་སྐྱེལ་འདྲེན་བྱས་ཏེ་ཡོང་འབབ་འཕར་བ་བྱས་པ་རེད། ཁོང་གིས་ད་དུང་གྲོང་ཚོའི་ནང་གི་གླུ་གར་ལ་མཁས་པའི་ན་གཞོན་ཕོ་མོ་སྒྲིག་འཛུགས་བྱས་ཏེ་སྟེང་པའི་མི་རིགས་གླུ་གར་ནང་སྦྱོང་བྱས་ནས་ལྗོངས་དང་ས་ཁུལ་གྱི་རིག་རྩལ་སྐོང་འཁྲབ་ནང་ཞུགས་ཐོག་སྐྱེ་བོ་ཀུན་ལ་སྟེང་པ་བའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་མངོན་པ་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་པོ་ཞིག་ཡུལ་དེར་ཡུལ་སྐོར་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ནས་མང་ཚོགས་ལ་ཡུལ་སྐོར་ལས་རིགས་གཉེར་དུ་བཅུག་པར་བརྟེན་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པ་བྱུང་བ་མ་ཟད། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་འཕར་ཐུབ་པ་བྱུང་བ་རེད།

        ད་ཆ་རྫ་ཡུལ་སྨད་ཀྱི་སྟེང་པ་བའི་གྲོང་གསར་གྱི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད། ཤར་བསྟན་བྱམས་ཀྱིས “སྟེང་པ་བའི་གྲོང་གསར་དེ་ཕྱི་རོལ་ཡུལ་དང་བསྡུར་ཚེ་ད་དུང་ཅུང་རྗེས་སུ་ལུས་ཡོད་ཀྱང་གྲོང་ཚོའི་ནང་སྟེང་པ་བའི་གདོད་མའི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད་དང་མི་རིགས་ཀྱི་རྒྱན་གོས་སོགས་རིག་གནས་ཤུལ་བཞག་ཅུང་ཆ་ཚང་པོའི་ངང་ཉར་ཚགས་བྱས་ཡོད ”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།