དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ད་ལོ་ལྷོ་ཁར་གཞི་རིམ་ལས་ཤག་ཆ་ཚང་800ལྷག་ཙམ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་ལྷོ་ཁ་ས་ཁུལ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོར་ལྷོ་ཁ་ས་ཁུལ་དུ་གཞི་རིམ་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཤག་ཆ་ཚང་ 848བསྐྲུན་རྒྱུ་ཡིན་པ་དང་མིག་སྔར་ལས་གྲྭ་གཅིག་མཇུག་གཉིས་མཐུད་ངང་སྐྲུན་འགོ་ཚུགས་པ་དེའི་ནང་རྫོང་12སུ་ཤང་གྲོང་ལས་ཤག་ཆ་ཚང་612བསྐྲུན་རྒྱུ་ཡིན་པ་དེའི་བཟོ་སྐྲུན་རྒྱ་ཁྱོན་ཁྱོན་བསྡོམས་སྨི་ངོས་སྙོམས་གྲུ་བཞི་མ་36720དང་སྤྱིའི་མ་དངུལ་སྒོར་ཁྲི་5364གཏོང་རྒྱུ་དང་སྣེ་གདོང་དང་། ལྷུན་རྩེ། མཚོ་སྣ། མཚོ་སྨད་སོགས་རྫོང་4རུ་རྫོང་ཐད་གཏོགས་ལས་ཤག་ཆ་ཚང་236བསྐྲུན་རྒྱུ་ཡིན་པ་དེའི་བཟོ་སྐྲུན་རྒྱ་ཁྱོན་ཁྱོན་བསྡོམས་སྨི་ངོས་སྙོམས་གྲུ་བཞི་མ་16520དང་སྤྱིའི་མ་དངུལ་སྒོར་ཁྲི་2478འཇོག་རྒྱུ་ཡིན་པ་རེད།

        གསར་དུ་བསྐྲུན་རྒྱུ་ཡིན་པའི་ལས་ཤག་དེ་ནུས་རྒྱུ་བསྲི་ཚགས་དང་། དྲོད་ལེན། དྲོད་སྲུང་བཅས་ཀྱི་བླང་བྱ་ལྟར་ཇུས་འགོད་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་གཞི་རྩའི་འཚོ་བའི་སྒྲིག་བཀོད་སྒྲིག་བཟོ་ཡང་བྱ་རྒྱུ་དང་བསྐྲུན་རྗེས་གཞི་རིམ་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོའི་ལས་ཤག་གི་གཞི་རྩའི་དགོས་མཁོ་ཕན་ནུས་ལྡན་པའི་སྒོ་ནས་བསྐངས་ཏེ་ལས་བཟོའི་སྡོད་ཁང་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་རེད།

        རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷོ་ཁས་འགན་འཁྲིའི་དམིགས་ཚད་ལ་དམིགས་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་མ་ལག་དང་དེ་དང་མཚུངས་པའི་དོ་དམ་ལམ་ལུགས་བཙུགས་ཏེ་ཕྱོགས་ཡོངས་ནས་ལས་གྲྭའི་སྤུས་ཚད་དང་། མྱུར་ཚད། མ་གནས་བཅས་ཚོད་འཛིན་བྱ་རྒྱུ་དང་ཨར་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་དང་། ལས་ཡུན། མ་གནས། བདེ་འཇགས། སྤྱོད་གཙང་བཅས་དམིགས་ཚད་ཆེན་པོ་ལྔ་འགན་ལེན་བྱ་རྒྱུ་དང་ཆབས་ཅིག་རེ་འདུན་ཞུ་བ་དང་། ཞིབ་བཤེར་གཏན་འབེབས། སྤྱི་བསྒྲགས། བགོ་བཤའ་སོགས་བརྒྱུད་རིམ་ཁག་བཟོས་ནས “ཡོངས་བསྒྲགས་དང་། འདྲ་མཉམ། གཞུང་དྲང ”བཅས་ཀྱི་རྩ་དོན་ལྟར་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།