དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ས་མཐོའི་བུད་མེད་ཀྱི་སྤོབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པ་ནི་དཔལ་མགོན་རྫོང་གྲོང་དང་བར་ཐག་སྤྱི་ལེ་60ལྷག་ཙམ་ཡོད་ཅིང་། གྲོང་ཚོ་ཡོངས་ལ་ཁྱིམ་དུད་169དང་མི་728ཡོད་པའི་ནང་བུད་མེད་398ཡོད། ཉེ་ལམ་གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་དང་རོགས་རམ་འོག་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པས་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་རྩ་འཛུགས་ཀྱི་ལེགས་ཆ་དང་། ལས་ཀའི་ལེགས་ཆ། མཐུན་སྦྱོར་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་པ་དང་རྒྱ་ཆེའི་བུད་མེད་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ་རེད། བུད་མེད་མཉམ་འབྲེལ་རྩ་འཛུགས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ནང་ཞུགས་པའི་ནུས་ལྡན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱ་ཆེད་གྲོང་ཚོའི་བུད་མེད་འཐུས་ཚོགས་ཀྱིས་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་པར་བརྟེན་ནས་གྲོང་ཚོ་དེའི་བུད་མེད་སྒྲིག་འཛུགས་ཧུར་ཐག་བྱས་ཏེ “བུད་མེད་དཔེ་སྟོན་གྲོང་ཚོ ”སྲོལ་གཏོད་ལས་དོན་ནང་ཞུགས་པ་རེད།

        དབུལ་སྒྲོལ་ཕྱུག་འགྱུར་གང་མགྱོགས་བྱ་ཆེད་གྲོང་ཚོའི་བུད་མེད་འཐུས་ཚོགས་ཀྱི་ཀྲུའུ་རེན་མཚོ་ལྷས་འཁེལ་འཐག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་བུད་མེད་ཁ་ཤས་སྣེ་ཁྲིད་དེ་འཁེལ་འཐག་རྩ་འཛུགས་བཙུགས་པ་དང་ཁོང་ཚོས་ཐོག་མའི་སྒོར་450ནས་འགོ་བཙུགས་ཏེ་རིམ་བཞིན་ལོར་ཁེ་སྤོགས་སྒོར་ཁྲི་ཡན་གྱི་གཞི་ཁྱོན་བར་འཕེལ་རྒྱས་ཕྱིན་པ་དང་ཕན་པ་ཐོབ་རྗེས་གྲོང་ཚོའི་བུད་མེད་འཐུས་མི་ཚོགས་པས་བུད་མེད་སྒྲིག་འཛུགས་བྱས་ཏེ་འཁེལ་འཐག་སློབ་སྦྱོང་བྱས་པ་དང་། ཇ་ཁང་བཙུགས་པ། དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་བཏབ་པ་སོགས་བྱས་པ་ཕུད་ད་དུང་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་བུད་མེད་འཐུས་ཚོགས་ཀྱིས་ལོ་ལྟར་བུད་མེད་ངལ་ནུས་ལྷག་མ་ཁག་གཅིག་བདམས་ནས་རྫོང་གི་ཨར་ལས་རུ་ཁག་ཏུ་ལས་ཀ་བྱེད་པར་བཏང་བ་དང་འབྲེལ་ཕྱིར་ངལ་རྩོལ་དུ་འགྲོ་མཁན་བུད་མེད་དང་འབྲེལ་གཏུག་ལམ་ལུགས་བཙུགས་ནས་ཁོང་ཚོར་དོ་དམ་དང་རོགས་རམ་བྱེད་བདེ་ཡོང་བ་བྱས་པ་རེད། ལོ་ཤས་ནང་རིམ་བཞིན་ཕྱུག་པོ་ཆགས་པའི་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་བུད་མེད་ཀྱིས་བསམ་པའི་རིག་གནས་འཚོ་བར་དེ་བས་དོ་སྣང་བྱེད་ཅིང་། དུས་ཆེན་འཆར་རིམ་བཞིན་དུ་དུས་ཆེན་དགའ་གཏོང་བྱ་ཆེད་གྲོང་ཚོའི་བུད་མེད་འཐུས་ཚོགས་ཀྱིས་ཚང་མས་གཞས་གཏོང་བ་དང་ཞབས་བྲོ་རྒྱག་རྒྱུའི་སྒྲིག་འཛུགས་བྱེད་ཀྱི་ཡོད།

        འཆར་ལྡན་བུ་བཙའ་དྲིལ་བསྒྲགས་བྱེད་པ་དང་གྲོང་ཚོ་དེའི་བུད་མེད་ཀྱི་ལེགས་བཙའ་ལེགས་གསོའི་འདུ་ཤེས་མཐོ་རུ་གཏོང་ཆེད་གྲོང་ཚོ་དེའི་བུད་མེད་འཐུས་མི་ཚོགས་པས་རྒྱ་ཆེའི་བུད་མེད་ཁྲོད་རྒྱུན་ལྡན་རང་བཞིན་གྱི་འཆར་ལྡན་བུ་བཙའི་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་བུད་མེད་ཀྱིས་ཕྲུ་གུ་ཉུང་བཙའ་ལེགས་བཙའ་ཡོང་རྒྱུའི་སྐུལ་མ་བཏང་བ་རེད། དྲིལ་བསྒྲགས་སློབ་གསོ་རབ་དང་རིམ་པ་སྤེལ་བ་བརྒྱུད་གྲོང་ཚོ་དེའི་རྒྱ་ཆེའི་བུད་མེད་ཀྱི་འཆར་ལྡན་བུ་བཙའི་འདུ་ཤེས་རིམ་བཞིན་ཆེ་རུ་སོང་སྟེ་གྲོང་ཚོ་ཧྲིལ་པོར་འཆར་ལྡན་བུ་བཙའ་ལག་བསྟར་བྱེད་ཚད་98%ཟིན་ཡོད་པ་རེད།

        ནག་ཆུ་ས་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་གསར་འགོད་པར་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་བུད་མེད་འཐུས་མི་ཚོགས་པའི་རྩ་འཛུགས་ཚན་ཁག་འཐུས་ཚང་ཡིན་པ་དང་རྒྱུན་ལྡན་གྱི་ལས་ཀའི་ནང་གྲོང་ཚོ་དེ་གའི་བུད་མེད་ཀྱིས་རང་བཀུར་དང་། རང་གིས་རང་ལ་ཡིད་ཆེས། རང་མགོ་ཐོན་པ། རང་གཅེས་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པ་དང་། གསར་གཏོད་རང་བཞིན་གྱིས “གཉིས་སློབ་གཉིས་བསྡུར ”དང་། “བུད་མེད་ཀྱིས་བྱས་རྗེས་འཇོག་པ ” “བཟང་པོ་ལྔ་ལྡན་གྱི་ཤེས་དཔལ་ཁྱིམ་ཚང ”སོགས་གསར་གཏོད་ལས་དོན་སྤེལ་བ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ་ཏང་དང་སྲིང་གཞུང་གིས་བུད་མེད་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

        རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཚམས་ཆུང་གིས་ད་ཆ་ལྗོངས་ཡོངས་སུ “བུད་མེད་དཔེ་སྟོན་གྲོང་ཚོ ”ཁྱོན་14ཡོད་པའི་ནང་རྒྱ་ཆེའི་བུད་མེད་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དེ་བོད་ཀྱི་དར་རྒྱས་གོང་འཕེལ་གྱི་ཆེད་དུ་ནུས་ཤུགས་ལེགས་སྐྱེས་འབུལ་བ་དང་བུད་མེད་ཀྱི་གནམ་ཕྱེད་ཀའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད་ཅེས་ངོས་སྤྲོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།