དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བརྩེ་སེམས་ཟབ་མོ་བྱ་སྤྱོད་དངོས་ནས་མཚོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        “རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སེམས་ཁུར་དེ་བས་མང་བ་བྱེད་པ་དང་དྲོ་སྐྱིད་དེ་བས་མང་ཙམ་སྦྱིན་ནས་ཁོང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས ”ཞེས་པ་དེ་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རེ་བ་ཡིན་ལ་ལྷ་ས་གྲོང་ཨུད་རྩ་འཛུགས་པུས་ཆུ་ཤུར་རྫོང་ཚྭ་རགས་ཤང་གི་མང་ཚོགས་ལ་བླངས་པའི་ཁས་ལེན་ཞིག་ཀྱང་རེད།

        གཞི་རིམ་གྱི་མང་ཚོགས་དབུལ་པོར་བརྩེ་སེམས་བཅངས།

        1998ལོར་ལྷ་ས་གྲོང་ཨུད་རྩ་འཛུགས་དེ་ཚྭ་རགས་ཤང་དུ་ཆ་འགྲིག་རོགས་སྐྱོར་བྱེད་མཁན་ཚན་པར་གྱུར་ཡོད་ཅིང་། དུས་དེ་ནས་བཟུང་ཚྭ་རགས་ཤང་འདི་ཉིད་རྩ་འཛུགས་པུའི་ལས་དོན་ཚོགས་འདུའི་ཚན་ཁག་ཅིག་གི་མི་དང་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་སེམས་ཁྲལ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། སྐབས་རིམ་བྱོན་གྱི་རྩ་འཛུགས་པུའི་ལས་དོན་ཚོགས་འདུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལོ་ལྟར་རེས་མོས་ངང་ཚྭ་རགས་ཤང་དུ་གནས་སྡོད་བྱེད་པར་བསྐྱོད་ནས་དབུལ་སྐྱོར་དཀའ་སེལ་གྱི་བྱེད་སྒོ་སྤེལ་བ་དང་ཏང་གི་དམངས་ཕྱུག་སྲིད་ཇུས་སྒྲོག་སྦྱངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་བ་རེད།

        2003ལོར་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཝང་མའོ་ཞུང་གིས་རང་འགུལ་ངང་གཞི་རིམ་དུ་བསྐྱོད་རྒྱུའི་རེ་བ་བཏོན་ཞིང་། ལྷ་ས་གྲོང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཞིག་གི་ངོས་ནས་ཚྭ་རགས་ཤང་དུ་གནས་གཏན་འཁེལ་ངང་འབྲེལ་གཏུག་བྱས་པ་དང་། ཁོང་གིས་མང་ཚོགས་དབུལ་པོ་མང་པོ་ཞིག་ལ་འཚམས་འདྲི་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་དབུལ་པོ་མང་པོ་ཞིག་དང་གྲོགས་པོ་འགྲིག་ཡོད་པ་རེད། དཔལ་གླིང་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ཕུར་བུ་སྒྲོལ་མ་ནི་ཁོང་གིས་འགྲིགས་པའི་གྲོགས་པོའི་གྲས་ཤིག་རེད། ས་རྒྱུ་གཤིན་པོ་མེད་ཁར་སྟོན་ཐོག་ཡག་པོ་མེད་པ་དང་ངལ་རྩོལ་ནུས་ཤུགས་མི་འདང་བས་ཕྱིར་ལས་ཀ་བྱེད་པར་བསྐྱོད་དཀའ་བའི་དབང་གིས་ཕུར་བུ་སྒྲོལ་མའི་ནང་མི་ལྔ་སྐབས་དེ་དུས་ཀྱང་ད་དུང་ཐོག་དམའི་ས་ཕག་ཁང་པ་ཪྙིང་པའི་ནང་སྡོད་ཀྱི་ཡོད། ཝང་མའོ་ཞུང་གི་མཐུན་སྦྱོར་འོག་གྲོང་ཨུད་རྩ་འཛུགས་པུས་ཆེད་མངགས་སྒོར་ཁྲི་3གྲབས་གསོག་བྱས་ཏེ་ཕུར་བུ་སྒྲོལ་མར་ཁང་པ་གསར་པ་རྒྱག་རོགས་བྱས་པ་དང་ཁྱིམ་ཆས་གསར་པ་ཉོས་ཡོད། ཕུར་བུ་སྒྲོལ་མའི་ནང་མི་རྣམས་སྔར་ལས་ལྷག་པའི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་ཡོང་ཆེད་གྲོང་ཨུད་རྩ་འཛུགས་པུས་སླར་ཡང་ཁོང་ཚོར་ཁྱིམ་ཚང་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་སྦྲགས་ཁོང་ཚོའི་ཁྱིམ་གྱི་ནང་མི་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པའི་རོགས་སྐྱོར་བྱས་ཡོད་པ་རེད།

        རི་ཁུག་ཏུ་བརྩེ་སེམས་ཀྱིས་ཕྱུག

        ཆ་འགྲིག་མཉམ་སྐྲུན་བྱས་ནས་བྱ་སྤྱོད་སྤེལ། དབུལ་སྐྱོར་དཀའ་སེལ་བྱས་ནས་དྲོ་སྐྱིད་སྦྱིན། ཚྭ་རགས་ཤང་གི་འཕེལ་རྒྱས་རྟིང་ཤུགས་ཆེ་རུ་བཏང་ནས་ཤང་དེའི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་ཆེད་གྲོང་ཨུད་རྩ་འཛུགས་པུས་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཚྭ་རགས་ཤང་དུ་ཞིང་ལས་དང་། ཆུ་བེད། འགྲིམ་འགྲུལ། དབུལ་སྐྱོར་སོགས་དགོས་གཏུགས་རྣམ་གྲངས་12དོན་འཁྱོལ་བྱས་པར་ཁྱོན་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་174ཟིན་པ་རེད། ས་གནས་དེ་གའི་མང་ཚོགས་ལ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་རོགས་བྱས་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་བསྲིང་བྱ་ཕྱིར་འདི་ལོའི་ཟླ་4ཚེས་6ཉིན་ལྷ་ས་གྲོང་ཁྱེར་རྩ་འཛུགས་པུས་ཤང་དེ་གར་སྟར་སོན་3250སྤྲད་པ་དང་་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ལག་རྩལ་པ་གདན་དྲངས་ནས་ས་ཆ་དངོས་སུ་འདེབས་འཛུགས་བྱེད་སྟངས་མཛུབ་ཁྲིད་བྱས་པ་རེད།

        མང་ཚོགས་ཀྱི་ཁེ་ཕན་དོན་ཆུང་མིན། ཚྭ་རགས་ཤང་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་ནང་འདི་འདྲའི་མི་སེམས་འགུལ་བའི་བྱ་བ་ནི་བགྲང་གིས་མི་ལང་པ་ཞིག་ཡོད། ཚྭ་རགས་ཤང་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་རྩ་འཛུགས་པུའི་ལས་བྱེད་པ་ནི་ཁོང་ཚོའི་སྙིང་ཉེ་བ་ཞིག་རེད། ད་ཆ་ཚྭ་རགས་ཤང་དེ་གྲོང་ཁྱེར་རྩ་འཛུགས་པུའི་ལས་བྱེད་པ་དང་ལས་བཟོ་ཚོའི “སློབ་ཁང་ཆེ་མོར ”གྱུར་ནས་ལས་བྱེད་པ་དང་ལས་བཟོ་ཚང་མར་དམངས་ཀྱི་གནས་ཚུལ་དང་། སྙིང་དོན། ཏང་གཤིས་བཅས་ཀྱི་སློབ་གསོ་དངོས་དངོས་རྗེན་རྗེན་ཞིག་ཐོབ་ཡོད་པ་རེད།

        བདེ་སྐྱིད་བྱུང་སྐབས་ཏང་གི་བཀའ་དྲིན་བསམས།

        ལོ་བཅུ་ལྷག་ཙམ་སོང་བ་དང་ད་ཆ་ཚྭ་རགས་ཤང་གི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། བཀོད་པ་གཙང་བའི་གྲོང་ཚོའི་ལམ་ཆེན་གྱི་གཡས་གཡོན་དུ་གསར་དུ་བརྒྱབ་པའི་ཐོག་བརྩེགས་ཁང་པ་ཉིས་ལྡན་ཀྲོང་ངེར་འགྱིང་བ་དང་། སྔོ་ཐིང་ཐོང་གི་ནས་ཞིང་འགྲམ་དུ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་ཡོད་པས་ལུང་ཤུར་དང་གྲོང་ཚོའི་བར་ཆུ་ཟོམ་ཁྱེར་མཁན་བུད་མེད་གཅིག་ཀྱང་མཐོང་རྒྱུ་མེད་པ་ནི་རང་འབབ་ཆུ་ཀ་ལ་སྔ་ས་ནས་རང་སོའི་དུད་ཁྱིམ་ནང་འཁྲིད་པས་ཡིན།

        འོང་སྐོར་འཆར་རིམ་བཞིན་འཚོ་བ་བདེ་སྐྱིད་ལྡན་པའི་ཚྭ་རགས་ཤང་གི་མང་ཚོགས་ཚོས་དགའ་སྤྲོ་འཁོལ་བའི་སྒོར་གཞས་བརྒྱབ་ཅིང་། ཞིང་འབྲོག་མང་ཚོགས་ཚོས་སྐད་གསང་མཐོན་པོས་གླུ་བླངས་ནས་ཏང་དང་སྲིད་གཞུང་ལ་དྲིན་གསོའི་བསམ་པ་མཚོན་པར་བྱེད་ཀྱི་ཡོད། ཆ་འགྲིག་དབུལ་སྐྱོར་གྱིས་དྲོ་སྐྱིད་སྦྱིན་པའི་ནང་རྩ་འཛུགས་པུའི་ལས་བྱེད་ཚོ་ནི་ཁོང་ཚོའི་གཉེན་ཉེ་ཡིན་ཞིང་། འཕེལ་རྒྱས་གསར་པ་ཡོང་བར་མཉམ་དུ་ཐབས་ཇུས་འདོན་པའི་ནང་ཏང་གི་བཀའ་དྲིན་ནི་རྒྱ་མཚོ་ལས་ཀྱང་ཟབ་པ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།