འདི་ལོ་ཤར་ཚུན་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་མི་གཤིས་ཅན་གྱི་ཞབས་ཞུའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱ་ཆེའི་སྡེ་ཁུལ་གྲོང་མིས་སྒོ་གཅིག་ནང་འཛུལ་ནས་མི་གཅིག་བཙལ་ཚེ་བྱ་བ་ཡག་པོ་བསྒྲུབ་ཐུབ་པ་དང “བྱ་བ་ཆུང་ཙག་ཕྱིར་ཐོན་མི་དགོས་པ་དང་བྱ་བ་ཆེ་གྲས་ལ་རོགས་རམ་བྱེད་མཁན་ཡོད་པའི ”ཞབས་ཞུའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱུང་བ་རེད།
“ངོ་ཐུག་གདོང་འཕྲད ”ཀྱི་ཞབས་ཞུ་བྱས་ཤིང་། ཀུན་བདེ་གླིང་ཁྲོམ་གཞུང་གིས་དེ་སྔོན་ཁ་ཐོར་ཡིན་པའི་དམངས་ལ་ཞབས་འདེགས་ཞུ་བའི་རྣམས་གྲངས་66གཅིག་སྡུད་བྱས་ནས་སྡེ་ཚན་གཅིག་གིས་བདག་སྤྲོད་བྱ་རྒྱུར་བསྡུ་སྒྲིལ་བྱས་པ་དང་དམངས་ཆེད་ཞབས་ཞུ་ཚབ་གཉེར་ས་ཚིགས་36བཙུགས་ནས་གྲོང་མིར་དོན་དག་ཡོད་ཚེ་ཚབ་གཉེར་པར་སྤྲད་པ་དང་ཚབ་གཉེར་པས་འགོ་ནས་མཇུག་བར་རྣམ་གྲངས་གཉེར་བ་དང་བརྒྱུད་མཐུད་བྱེད་མཁན་ཡོད་པ་རེད།
“སྙིང་གཏམ་བཤད ”དེ་རང་འགུལ་ངང་སྤེལ་རེས་བྱས་ཤིང་། ཀུན་བདེ་གླིང་ཁྲོམ་གཞུང་གིས “གཅེས་སེམས ”ཞབས་ཞུའི་འབྲེལ་གཏུགས་གཱ་དང་དམངས་ཆེད་ཞབས་ཞུའི་ཁུག་མ་སོགས་བཟོས་པ་དང་སྡེ་ཁུལ་ཞབས་ཞུའི་ཐད་གཏོང་ཁ་པར་བཙུགས་ནས་གྲོང་མིའི་ཟས་གོས་འགྲོ་སྡོད་བཞི་ཡི་དགོས་མཁོ་བསྐོངས་པ་དང་ཉན་དཔང་ཚོགས་འདུ་དང་བློ་འདྲིའི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་གནས་ཚུལ་དང་དམངས་སེམས་ཤེས་རྟོགས་གང་ཐུབ་བྱས་ནས་སྡེ་ཁུལ་གྱི་དོ་དམ་ནང་གྲོང་མིས་ཞུགས་པའི་དབང་ཆ་འགན་ལེན་གྱིས་སྡེ་ཁུལ་དོ་དམ་དང་འཛུགས་སྐྲུན་ནང་ཞུགས་པའི་གྲོང་མིའི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་པ་རེད། “ལག་གདང་སྦྲེལ ”ནས་མཐུན་སྦྱོར་ཐུན་མོང་ཐོག་བཏོད་ཅིང་། ཀུན་བདེ་གླིང་ཁྲོམ་གཞུང་གིས་ཁོངས་གཏོགས་ཀྱི་ཚན་པ་30ལྷག་ཙམ་དང་མཛའ་གྲོགས་འབྲེལ་བ་ཐུན་མོང་ཐོག་བཙུགས་ནས “ལྔ་རེ་གཅིག ”མངོན་འགྱུར་ཡོང་བ་བྱས་པ་སྟེ། མཉམ་སྐྲུན་བྱེད་སྒོའི་འཆར་གཞི་གཅིག་གཏན་འཁེལ་དང་། སྡེ་ཁུལ་གྱི་ཏང་གི་སློབ་གྲྭ་གཅིག་བཙུགས་པ། སྡེ་ཁུལ་འཕེལ་རྒྱས་ཀྱི་གྲོས་འགོ་གཅིག་འདོན་པ། སྡེ་ཁུལ་མང་ཚོགས་ལ་བྱ་བ་ཡག་པོ་གཅིག་སྒྲུབ་པ། དཀའ་ངལ་ཤིན་ཏུ་ཆེ་བའི་དུད་ཚང་གཅིག་ལ་རོགས་རམ་བྱེད་པ་བཅས་བྱས་ནས་ཚན་པ་ཁག་གི་མཉམ་སྐྲུན་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཐོག་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།
“དཔུང་པ་མཉམ་གཤིབ ”ཀྱིས “དྲུག་གཤམ་སྤེལ ”གྱི་བྱེད་སྒོ་སྤེལ་ཞིང་། ཀུན་བདེ་གླིང་ཁྲོམ་གཞུང་གིས་ཚན་རྩལ་དང་། རིག་གནས། བཅའ་ཁྲིམས། འཕྲོད་བསྟེན། སྲིད་ཇུས། དང་བླངས་པ་བཅས་དྲུག “སྡེ་ཁུལ་དུ་གཤམ་སྤེལ ”བྱེད་པའི་བྱེད་སྒོ་སྤེལ་ནས་ལས་གནས་ནས་བབས་མཁན་དང་། ལས་སྒུག་གཞོན་ནུ། ཕྱོགས་མི། ན་སོ་དར་ལ་མ་བབས་པའི་མི་བཅས་ལ་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བརྒྱབ་ནས་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་སྟེ་དོ་དམ་གོ་རིམ་ལྡན་པ་དང་ཤེས་དཔལ་ལྡན་ལ་འཆམ་མཐུན་གྱི་སྡེ་ཁུལ་གསར་པ་ཞིག་བཏོད་ཡོད་པ་རེད། སྡེ་ཁུལ་ཁག་གིས་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་མཐུན་ཚོགས་དང་ཚན་རིག་ཁྱབ་གདལ་གཏོང་བའི་མཐུན་ཚོགས་སོགས་མང་ཚོགས་རང་བཞིན་གྱི་རྩ་འཛུགས་བཙུགས་པ་བརྒྱུད་ཟླ་རེར་བྱེད་སྒོ་ཡོད་པ་དང་ལོ་ཧྲིལ་པོར་རྒྱུན་ཆད་མེད་པར་བྱེད་སྒོ་སྤེལ་ནས་མཐུན་སྦྱོར་སྡེ་ཁུལ་གྱི་འཛུགས་སྐྲུན་གོམ་སྟབས་སྔར་བས་མགྱོགས་སུ་བཏང་ཡོད་པ་རེད།