དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་བས་ཏང་ཡོན་བསྡོམས་འབོར་བརྟན་པོའི་ངང་འཕར་བ་དང་། བུད་མེད་ཏང་ཡོན་དང་ཞིང་འབྲོག་པའི་ཏང་ཡོན་གྱི་གྲངས་འབོར་དང་བསྡུར་གྲངས་བརྟན་པོའི་ངང་འཕར་བ། ཏང་ཡོན་དཔུང་ཁག་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅིང་། མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཨུད་54དང་ཏང་ཀྲི་པུའུ་555ཡོད་པ་རེད།

        གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་ནུས་པ་དེ་བས་ཡག་པའི་སྒོ་ནས་འདོན་སྤེལ་བྱ་ཆེད་ཉིང་ཁྲི་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི “ལེགས་པོ་ལྔ ”ཡི་ཚད་གཞི་ནན་པོར་གཞིགས་ནས་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བ་དང་། ཚོང་ལ་མཁས་པ། མང་ཚོགས་ཁྲོད་དུ་སྙན་གྲགས་ངེས་ཅན་ལྡན་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་ཕོད་པ་བཅས་ཀྱི་མདུན་ལམ་ཡོད་པའི་ན་གཞོན་ཏང་ཡོན་འབོར་ཆེན་ཞིག་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ནང་བདམས་ནས་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་སྔར་བས་སྟོབས་ཆེར་བཏང་བ་དང་ཆབས་ཅིག་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ཁྲོད་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ད་དུང་བུད་མེད་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གི་གྲུབ་ཆ་སྔར་བས་ལུགས་མཐུན་ཡོང་བ་བྱས་ཡོད། མིག་སྔར་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ཁྲོད་ཁྱོན་བུད་མེད་ཏང་ཡོན་364ཡོད་པ་དེའི་ནང་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་མཁན་བུད་མེད་བློ་མཐུན་40ཡོད་པ་དེས་ད་ཡོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་བསྡོམས་གྲངས་ཀྱི་8.18%བཟུང་ཡོད། ཉེ་བའི་ལོ་ཤས་རིང་ས་ཁུལ་དེས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། 2008ལོ་ཁོ་ནར་ཉིང་ཁྲི་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་214གསར་སྐྲུན་བྱས་པ་དང་མ་དངུལ་སྒོར་ཁྲི་4280བཏང་ཞིང་། མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་སུ་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་335བསྐྲུན་ཡོད་པ་རེད།

        བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉིང་ཁྲི་ས་ཁུལ་གྱིས་2005ལོར་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྦྱོང་གི “666”འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཚུན་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ལ “འདེབས་འཛུགས་དང་། གསོ་སྤེལ། ཨར་ལས། ཚོང་གཉེར། སྐྱེལ་འདྲེན། མི་རིགས་ལག་ཤེས་བཟོ་ལས ”སོགས་ཕྱོགས་6ཐད་ཀྱི་དངོས་སྤྱོད་ལག་རྩལ་འཆད་ཁྲིད་བྱ་རྒྱུར་གཙོ་གནད་དུ་ཤུགས་སྣོན་བརྒྱབ་ཅིང་། 2009ལོ་ཁོ་ནར་ཉིང་ཁྲི་ས་ཁུལ་རྩ་འཛུགས་པུའུ་ཡིས་རིགས་ཁག་གི་གསོ་སྦྱོང་ཐབས་ལམ་བརྒྱུད་ཤང་གྲོང་གི་ཏང་ཡོན་ལས་བྱེད་པ་མི་ཐེངས་2461དང་ཞིང་འབྲོག་ཏང་ཡོན་མི་ཐེངས་1115ལ་གསོ་སྦྱོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།