དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འགན་འཁྲི་དང་དུ་བླངས་པའི་རྐང་རྗེས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་བྱ་ཆེད་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་ཚོའི་ས་ཞིང་ཚང་མ་གཞུང་བསྡུ་བྱས་ཤིང་། ས་ཞིང་ཤོར་བའི་ཞིང་པ་ཁ་ཤས་ལས་ཞུགས་མ་བྱུང་བས་ས་ཞིང་གཞུང་བསྡུ་བྱས་པའི་ཁ་གསབ་དངུལ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་བྱུང་བའི་ཐོག་གྲོང་མི་ཉུང་ཤས་ཤིག་གིས་ས་ཞིང་གཞུང་བསྡུ་བྱས་པའི་ཁ་གསབ་སྲིད་ཇུས་གསལ་པོ་མི་ཤེས་པར་བརྟེན་དེ་སྔོན་མཉམ་སྡེབ་གོང་བཅར་གྱི་དོན་རྐྱེན་ཐེངས་མང་བསྟུད་མར་ཐོན་པ་དང་གདོང་དཀར་གྲོང་ཚོ་འདི་ཉིད་ཀྱང་རྫོང་དེ་ཡོངས་ཀྱི་སྐད་གྲགས་ཡོད་པའི་གནད་དོན་གྲོང་ཚོ་ཞིག་ཏུ་གྱུར་པ་དང་དེར་མང་ཚོགས་ཀྱིས་འཁང་ར་ཆེན་པོ་བྱེད་པ་དང་གྲོང་ཚོའི་ལས་བྱེད་པར་མ་ཉེས་ཁ་གཡོགས་མང་པོ་བྱུང་ཡོད།

        གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀོད་སྒྲིག་ཡག་པོ་དང་འཇོན་ཐང་ཡོད་པ་ཞིག་བསྐོ་བཞག་བྱ་ཆེད་2007 ལོར་སྟོད་ལུང་བདེ་ཆེན་རྫོང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་གདོང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་སུ་གཏོང་རྒྱུའི་ཐད་ཞིབ་འཇུག་བྱས་པ་དང་འབྲེལ་བུ་ཆུང་གཏོང་རྒྱུ་གཏན་འཁེལ་རགས་ཙམ་བྱས་པ་རེད།

        ལས་ཞུཌ་ལ་དམ་འཛིན་གྱིས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།

        གདོང་དཀར་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་བསྐྱོད་རྗེས་མང་ཚོགས་ལ་དགོས་མཁོ་གང་ཡོད་པ་དང་། གང་ལ་སེམས་ཁྲལ་བྱེད་པ། རེ་སྒུག་གང་བྱེད་པ་བཅས་ཁོང་དུ་ཆུད་པ་ཏན་ཏིག་བྱ་ཆེད་བུ་ཆུང་གིས་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་གླེང་བ་དང་མང་ཚོགས་ཀྱི་སྙིང་གཏམ་ཉན་ནས་ཕྱིས་སུ་ལས་དོན་སྒྲུབ་རྒྱུར་སྟབས་བདེ་ཡོང་བ་བྱས་ཡོད།

        མང་ཚོགས་ཁྲོད་ཐེངས་མང་བསྐྱོད་པ་དང་དབྱེ་ཞིབ་བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད་བུ་ཆུང་གིས་གདོང་དཀར་གྲོང་ཚོར་བྱུང་བའི་འགལ་བ་དང་གནད་དོན་ཚང་མའི་རྒྱུ་རྐྱེན་གཙོ་བོ་ནི་ས་ཞིང་ཤོར་བའི་ཞིང་པ་ལས་ཞུགས་མ་ཐུབ་པ་དེ་ཡིན་པ་དང་གལ་ཏེ་ས་ཞིང་ཤོར་བའི་ཞིང་པ་ལས་ཞུགས་ཐུབ་ཚེ་གནད་དོན་གཞན་དག་བདེ་བླག་ངང་ཐག་གཅོད་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས། ས་ཞིང་ཤོར་བའི་ཞིང་པར་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་བུ་ཆུང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་པའི་ཁར་གྲོང་ཚོའི་སྐྱེལ་འདྲེན་བྱེད་མཁན་ཁེར་རྐྱང་དུད་ཚང་ 30 ལྷག་ཙམ་གྱི་ཏང་ཡོན་སྒྲིག་འཛུགས་བྱས་པ་དང་མ་དངུལ་སྒོར་ཁྲི་100 ལྷག་ཙམ་གྲབས་གསོག་བྱས་ཏེ་གདོང་དཀར་དམངས་ཕན་ཀུང་སི་བཙུགས་པ་དང་ཉེ་འཁོར་དུ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་པ་གཞི་བརྟེན་དུ་བྱས་ཏེ་རང་འགུལ་ངང་སྒོ་རྩར་བསྐྱོད་དེ་ལས་ཀ་བཙལ་ནས་ས་ཞིང་ཤོར་བའི་ཞིང་པ་500 ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། 2008 ལོར་གདོང་དཀར་དམངས་ཕན་ཀུང་སིའི་མ་རྩ་བསྡོམས་གྲངས་སྒོར་ཁྲི་240 ཟིན་པ་དེ་ཐོག་མར་བཙུགས་པའི་དུས་ལས་ལྡབ་གཅིག་ལྷག་ཙམ་མང་དུ་ཕྱིན་པ་དང་2008 ལོ་ཁོ་ནར་ས་གནས་དེ་གའི་ས་ཞིང་ཤོར་བའི་ཞིང་པ་སྒྲིག་འཛུགས་བྱས་ཏེ་ངལ་ལས་ཕྱིར་གཏོང་མི་ཐེངས་3000 ལྷག་ཙམ་བྱས་པར་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་260 ལྷག་ཙམ་བྱུང་ཡོད། གདོང་དཀར་གྲོང་ཚོས་རྫོང་སྲིད་གཞུང་གིས་ཞི་བདེ་གྲོང་གསར་ལ་སྤྲད་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་བཞག་པའི་ས་ཞིང་མུའུ་50 ཡི་ཐོག་ཚོང་སྒྱུར་ཁང་པ་ཁང་མིག་80 བརྒྱབ་པར་ལོ་གཉིས་ལ་ཡོང་འབབ་སྒོར་ཁྲི་120 བྱུང་བ་དང་གྲོང་མིར་ཁེ་སྤོགས་སྒོར་ཁྲི་100 བགོས་ཡོད། གྲོང་མི་ནོར་བུས “དེ་སྔོན་གོང་བཅར་བྱེད་རྒྱུར་བྲེལ་བ་དང་ད་ཆ་ཡོང་འབབ་གཏོད་རྒྱུར་བྲེལ་གྱི་ཡོད། འགྱུར་ལྡོག་དེ་ལྟ་བུ་བྱུང་བ་ནི་ཚང་མ་ང་ཚོའི་ཧྲུའུ་ཅི་བུ་ཆུང་ལགས་ཀྱི་བཀའ་དྲིན་ཡིན ”ཞེས་བཤད།

        ཚན་ཁག་སྟོབས་ཆེར་བཏང་བས་འཕེལ་ཤུགས་ཆེ་རུ་སོང་བ།

        “ལྕགས་རྡུང་དགོས་ན་རང་ཉིད་མཁྲེགས་པོ་དགོས་པ་ལྟར་གྲོང་ཚོའི་ནང་གི་ལས་དོན་ལེགས་པར་སྒྲུབ་དགོས་ན་ཐོག་མར་ཚན་ཁག་སྟོབས་ཆེར་གཏོང་དགོས ”ཞེས་བུ་ཆུང་གིས་བཤད་པ་དང་ཁོང་གདོང་དཀར་གྲོང་ཚོར་ཐོག་མར་སླེབས་སྐབས་གྲོང་ཚོའི་ཏང་ཀྲི་པུའུ་ཚན་ཁག་གཉོད་ཆུང་དང་ལས་དོན་གྱི་ལྟེ་བ་ནི་རང་ཉིད་ཀྱི་ཁེ་ཕན་ལ་འཇོག་པ་ལས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཐོག་འཇོག་གི་མེད་པ་ཤེས།

        གནས་ཚུལ་དེ་ལ་དམིགས་ནས་བུ་ཆུང་གིས་ལས་འགན་འཁུར་རྗེས་ལས་དོན་བཞི་སྒྲུབ་པ་སྟེ། དང་པོ། ལམ་ལུགས་འཛུགས་རྒྱུར་དམ་འཛིན་བྱས་ནས་མི་དོ་དམ་བྱེད་པ། “ལས་མང་ཐོབ་མང་དང་ལས་རྗེས་མཐུད་འབྲེལ ”གྱི་རྩ་དོན་གཞིར་བཟུང་གྲོང་ཚོའི་ལས་བྱེད་པའི་ལས་ཞུགས་ལམ་ལུགས་གཏན་འབེབས་བྱས་པ་མ་ཟད། གྲོང་ཚོའི་ལས་བྱེད་པའི་ལས་ཞུགས་དང་གླ་ཆ་ཟུང་འབྲེལ་བྱས་ནས་ལོ་མཇུག་ལ་བྱ་དགའ་ཆད་གཅོད་ནན་པོ་བྱེད་པ་དང་། གཉིས་པ། སློབ་སྦྱོང་ལ་དམ་འཛིན་བྱས་ནས་བྱང་ཚད་མཐོ་རུ་གཏོང་བ། ཟླ་རེར་ཏང་ཀྲི་པུའུ་ཚོགས་འདུ་ཐེངས་4དང་ཏང་ཡོན་ཚོགས་ཆེན་ཐེངས་2འཚོག་རྒྱུ་མཐའ་འཁྱོངས་བྱས་པ་དང་དུས་ཐོག་ཏུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་བྱེད་ཕྱོགས་སྲིད་ཇུས་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་གཟིགས་སྐྱོང་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་དུས་ཐོག་ཏུ་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། གསུམ་པ། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀར་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཨང་དང་པོར་བཞག་ནས་ཏང་ནང་ཞུགས་རྒྱུའི་ཧུར་བརྩོན་ཅན་གྱི་ཆབ་སྲིད་འགག་སྒོ་དམ་འཛིན་ནན་པོ་བྱེད་པ་མ་ཟད། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ནང་ཏང་ཞུགས་ཧུར་བརྩོན་ཅན་གདམ་གསེས་དང་། རྟོག་ཞིབ། གསོ་སྐྱོང་བཅས་བྱེད་རྒྱུ་དོ་སྣང་བྱེད་པ་དང་ཁོང་ཚོར་ལས་འགན་དང་ཁུར་པོ་སྤྲོད་ཅིང་། བུ་ཆུང་གིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བླངས་པ་ནས་བཟུང་གདོང་དཀར་གྲོང་ཚོས་ལོ་ལྟར་ཏང་ཡོན་4ཡན་འཕེལ་རྒྱས་གཏོང་བ་དེ་དེ་སྔའི་ལྡབ་གཉིས་ཡིན་པ། བཞི་པ། ཚན་ཁག་གི་མཐུན་སྒྲིལ་ལ་དམ་འཛིན་བྱེད་པ། རྒྱུན་དུ་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིས་ཕན་ཚུན་རོགས་རམ་གྱི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བྱེད་པ་དང་བྱ་བ་ཆེ་ཆུང་ཐམས་ཅད་ཁོང་གི་སེམས་སུ་བཞག་ནས་ལས་དོན་དེ་དག་བརྒྱུད་མང་ཚོགས་དང་བར་ཐག་ཉེ་རུ་སོང་བ་བཅས་རེད།

        བརྟན་ལྷིང་སྲུང་སྐྱོང་བྱས་ནས་མཐུན་སྦྱོར་ཡོང་བར་སྐུལ་མ་གཏོང་བ།

        གདོང་དཀར་གྲོང་ཚོ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་སུ་གནས་ཡོད་པས་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད། བུ་ཆུང་གིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་བྱེད་ཐབས་སྣ་ཚོགས་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་གི་ཡོད་པ་རེད།

        ཏང་ཡོན་ལས་བྱེད་པ་སྒྲིག་འཛུཌ་བྱས་ནས 《གདོང་དཀར་གྲོང་ཚོའི་ཁྱིམ་ཚང་གི་ཕྱོགས་བསྡུས་དཔྱད་འཇོག་ལམ་ལུགས 》བཟོས་པ་དང་གྲོང་ཚོའི་ལས་བྱེད་པ་དང་། ཙུའུ་ཀྲང་། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་ཕྱོགས་བསྡུས་དཔྱད་འཇོག་ཚོགས་ཆུང་བཙུགས་ནས་ལོ་ཕྱེད་རེར་དུད་ཚང་རེ་རེའི་འཕྲོད་བསྟེན་དང་། ཁྱིམ་མཚེས་བར་གྱི་འབྲེལ་བ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཐད་དཔྱད་ཞིབ་དང་སྐར་མ་བརྒྱབ་ནས་དཔྱད་ཞིབ་བྱས་རྗེས་ཀྱི་འབྲས་བུ་དེ་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་དོན་འཁྱོལ་དང་ཐུན་མོང་གི་ཡོང་འབབ་བགོ་བའི་གཞི་འཛིན་སར་བརྩི་གི་ཡོད། བརྟན་ལྷིང་སྲུང་སྐྱོང་ཐད་གདོང་དཀར་གྲོང་ཚོས་འདེམས་ཤོག་གཅིག་གིས་ཁས་མི་བླངས་པའི་ལམ་ལུགས་ལག་ལེན་བསྟར་ཞིང་། ཏང་ཡོན་དང་། ཕྱུག་འགྱུར་འཇོན་ཐང་ཅན། “རྒན་གྲས་གསུམ ”གྱི་མི་སྣ་བཅས་ལས་གྲུབ་པའི་གདོང་དཀར་གྲོང་ཚོའི་ཏང་ཡོན་གྱི་སྤྱི་ཚོགས་ཆ་འཕྲིན་འཚོལ་སྡུད་ཚོགས་ཆུང་བཙུགས་ནས་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་བསམ་འཆར་དང་དེ་བཞིན་འགལ་བ་དང་རྩོད་གཞི་སྣ་ཚོགས་འཚོལ་སྡུད་བྱེད་རྒྱུའི་འགན་འཁུར་བ་མ་ཟད། དུས་ཐོག་ཏུ་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཞུ་གི་ཡོད་པ་རེད། ཆ་འཕྲིན་འཚོལ་སྡུད་སོགས་བྱས་པ་བརྒྱུད་ཁྱིམ་མཚེས་བར་གྱི་རྩོད་གཞི་40ལྷག་ཙམ་དུས་ཐོག་ཏུ་སེལ་བ་དང་གྲོང་མི་ཁྱིམ་མཚེས་དབར་གྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་སྐུལ་མ་ཐེབས་ཡོད་པ་བཅས་རེད།

        ཉེ་ཆར་ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། འདི་ནི་ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པས་ལྷ་ཀླུ་སྡེ་ཁུལ་གྱི་གྲོང་མི་ཉི་མ་སྒྲོལ་མའི་ཁྱིམ་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།