དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྔོན་གཏོད་ལེགས་བརྩོན་སྐོར་ཚང་མས་གླེང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོན་གྲུབ་རྡོ་རྗེ།

        སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་ནི་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་རྗེས་མུ་མཐུད་བཀོད་སྒྲིག་གནང་བའི་གལ་ཆེའི་ཆབ་སྲིད་ལས་འགན་གཞན་ཞིག་ཡིན་པ་རེད། ཏང་ཨུད་དང་སྲིད་གཞུང་གི་ཆེད་མངགས་ལྟ་ཞིབ་ལས་ཁུངས་ཡིན་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བར་གཡས་སྲུང་གཡོན་སྐྱོར་བྱ་ཆེད་འགན་འཁྲི་ལྕི་པོ་ཞིག་འཁུར་ཡོད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་བ་དེས་རང་ངོས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་སྙིང་དོན་གལ་ཆེན་ལྡན་ཡོད་པ་དང་གྲོང་ཁྱེར་ཡོངས་སུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་ཡང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།

        ཁྲེང་ཀོན་ཆུས་རྔ་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི། ཚེ་གཡང་།

        སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་བའི་གཞི་ཚུགས་ས་དེ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐོག་དང་“ལེགས་པོ་ལྔ ”ཡི་བྱེད་སྒོའི་ནང “ལས་ཀའི་བྱས་རྗེས་ཡག་པོ ”བསྒྲུབས་ཐུབ་པ་བྱེད་པ། “སྣེ་འཁྲིད་ལྔ ”བྱེད་རིང “བྱས་རྗེས་ཡག་པོ་གཏོད་རྒྱུའི་སྣེ་ཁྲིད་བྱེད་པ ”བཅས་བྱེད་དགོས། ས་གནས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བ་ཕྱུག་པོ་ཆགས་པ་བྱེད་པ། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་ཐད་འགོ་ཁྲིད་ཚན་ཁག་ཡག་པོ་ཞིག་མེད་ན་འགྲིག་གམ། ཚན་པ་ཡག་པའི་ཁར་ཏང་ཡོན་གྱི་དཔུང་ཁག་ཡག་པོ་ཞིག་དང་ལས་ཀའི་ལམ་སྲོལ་ཡག་པོ་ཞིག་ཡོད་ཚེ་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་སྤྱི་ཡོངས་ནས་ཡག་པོ་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།