དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་སྤེལ་རིང་ཁྲེང་ཀོན་ཆུས་ཀྱིས་གྲོང་མི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་གྲོང་ཁྱེར་དང་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་དུ་བྱས་ནས་སྡེ་ཁུལ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

        བྱེད་སྒོ་སྤེལ་རིང་ཁྲེང་ཀོན་ཆུས་ཀྱིས་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་250ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་ནམ་ཡང་ན་དུད་ཚང་དབུལ་པོ་དང་ཆ་སྒྲིག་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་དང་ཟླ་རེའི་གཟའ་པ་སངས་དང་པོ་དེ “ཏང་ཡོན་གྱི་ལེགས་སྐྱེས་ཉིན་མོར ”གཏན་འཁེལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས “ཏང་ཡོན་གྱི་ལེགས་སྐྱེས་ཉིན་མོར ”བྱ་ཐབས་སྣ་ཚོགས་སྤྱད་དེ་གཞི་རིམ་དུ་ཉེ་བཅར་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།