དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྔོན་ཐོན་ཉམས་མྱོང་ཐུན་མོང་ལོངས་སྤྱོད་བྱེད། ལས་གཏོད་ཕྱུག་འགྱུར་ཐུན་མོང་འཕེལ་རྒྱས་གཏོང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་སྣེ་ཁྲིད་པའི་གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་ནས “དད་སེམས་ཡོད་པ་དང་། ལེགས་སྐྱེས་འབུལ་བ། འཇོན་ཐང་ཆེ་བ། ཀུན་སྤྱོད་བཟང་བ ”བཅས་ཀྱི་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་སྣེ་ཁྲིད་པ་ཁག་གཅིག་གསོ་སྦྱོང་ཧུར་ཐག་བྱས་ཤིང་། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་རྗེས་གྲབས་མི་སྣ་300ལྷག་ཙམ་བཀོད་སྒྲིག་བྱས་པ་དེའི་ནང་དམག་ལོག་དམག་མི་20ལྷག་ཙམ་དང་། ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་སློབ་ཆེན་དང་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་20ལྷག་ཙམ། ཕྱུག་འགྱུར་སྣེ་ཁྲིད་པ་40ལྷག་ཙམ། ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་ལས་མི་གཞོན་ནུ་10ལྷག་ཙམ་བཅས་ཡོད་པ་རེད།

        དངོས་སུ་ཞུགས་ནས་སློབ་སྦྱོང་དང་ཉམས་མྱོང་འཚོལ་བསྡུ་བྱེད་པ།

        གདོང་དཀར་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་དང་སྟོད་ལུང་བདེ་ཆེན་རྫོང་མཁར་གྱི་སྦྲེལ་མཚམས་སུ་གནས་ཡོད་པ་དང་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བར་ཐག་སྤྱི་ལེ་9ཙམ་ཡོད་ཅིང་། ལོ་ཤས་རིང་གྲོང་ཚོ་དེ་གའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་ལྷོད་གཡེང་མི་གཏོང་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་བཏང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་ཕྱིན་པ་དང་། ས་ཆ་ཤོར་བ་དང་ས་ཆ་ཉུང་བའི་མང་ཚོགས་ལས་ཞུགས་བྱ་རྒྱུ་ཐག་གཅོད་བྱུང་བ། ཐོན་ལས་གསུམ་པའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་སོགས་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་རེད། ཏང་གི་གཞི་རིམ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲོང་ཚོ་དེ་གས་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ནས་གྲོང་ཁྱེར་ཉེ་འདབས་ཁུལ་གྱི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།

        ད་ལོའི་ཟླ་4ཚེས་15ཉིན་ལྷ་ས་གྲོང་ཁྱེར་གྱི “གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་ལག་ལེན་རྟེན་གཞི ”དང་པོ་དེ་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་ཚོར་བཙུགས་པ་དང་སྟོད་ལུང་བདེ་ཆེན་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་6སྒྲིག་འཛུགས་ཀྱིས་སློབ་མ་ཁག་དང་པོའི་མིང་ཐོག་ནས “རྟེན་གཞིར ”སློབ་སྦྱོང་དང་ལྟ་ཞིབ་བྱེད་པར་བཏང་བ་རེད།

        གཙོ་གནད་མངོན་གསལ་དུ་བཞག་ནས་ཁག་དབྱེ་གསོ་སྦྱོང་བྱེད་པ།

        “གཞི་རིམ་ལས་བྱེད་པ་ཞིག་བྱས་ཚེ་གདོང་དཀར་གྲོང་ཚོའི་འགོ་ཁྲིད་ཚན་ཁག་ལྟ་བུ་དེ་གར་སེམས་གནས་པ་དང་གཞི་ཚུགས་པ་བྱེད་དགོས ”ཞེས་སྟག་རྩེ་རྫོང་ཐང་དཀར་ཤང་ལོ་ཕུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཚེ་རིང་གིས་བཤད། གདོང་དཀར་གྲོང་ཚོའི་གྲོང་མིས་གླ་ཆ་ལེན་པ་དང་ཁེ་སྤོགས་བགོས་པའི་གནས་ཚུལ་མཐོང་སྐབས་ཁོ་པས་ཡིད་སྨོན་ཆེ་བའི་ཐོག་ནས་གདོང་དཀར་གྲོང་ཚོའི་ལག་ལེན་ལས་གྲོང་གསེབ་འཕེལ་རྒྱས་གཏོང་བར་གཞི་རིམ་ལས་བྱེད་པས་ཡུན་རིང་སེམས་གནས་པ་བྱེད་པ་དང་བསམ་བློ་མང་ཙམ་བཏང་ནས་མི་སེར་ཆེད་ཐབས་ཇུས་འདོན་པ་དང་དོན་དངོས་སྒྲུབ་དགོས་པ་ར་སྤྲོད་བྱུང་ཡོད་ཅེས་བཤད་པ་རེད།

        གྲོང་ཚོ་ཁག་གི་གནས་ཚུལ་དངོས་ལ་དམིགས་ནས་ད་ལོའི་ཟླ་4པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་རྗེས་ལུས་ཐེབས་པའི་གྲོང་ཚོ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟུང་འབྲེལ་གྲོང་ཚོ་བཅས་ལོགས་སུ་དབྱེ་ནས་ཁྱད་ཆོས་གཞིར་བཟུང་ཁག་བགོས་ཏེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གདོང་དཀར་གྲོང་ཚོར་གསོ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ཤིང་། ཁག་དབྱེ་སློབ་ཁྲིད་བྱས་པ་དང་དམིགས་སའི་རང་བཞིན་ལྡན་པའི་ངང་གསོ་སྦྱོང་འཆར་གཞི་བཟོས་ནས་དེ་སྔའི་གཙོ་གནད་མངོན་གསལ་དུ་འཇོག་མི་ཐུབ་པའི་གསོ་སྦྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་རེད།

        གསོ་སྦྱོང་བྱེད་སྐབས་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་དེ་ཇི་ལྟར་བྱས་ནས་ས་ཁོངས་ཀྱི་ལེགས་ཆ་དང་དཔྱད་བསྡུར་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཞིང་འབྲོག་མང་ཚོགས་ལས་གཏོད་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ་སོགས་ཐད་བཞག་པས་གསོ་སྦྱོང་ནང་ཞུགས་མཁན་མི་སྣ་གསོ་སྦྱོང་ལག་ལེན་ནང་མཉམ་འདྲེས་བྱེད་པའི་རང་འགུལ་རང་བཞིན་འཕེལ་བ་དང་གྲོང་ཚོ (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིས་ཐོལ་བྱུང་གནད་དོན་ཐག་གཅོད་དང་། འགལ་བ་དང་རྩོད་གཞི་ཐག་གཅོད། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་དངོས་འཐབ་ནུས་པ་ཆེས་ཆེར་ཆེ་རུ་ཕྱིན་ཡོད་པ་རེད།

        བློ་གཅིག་སེམས་གཅིག་གིས་དམངས་ཆེད་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པ།

        “ཁྱེད་ཀྱིས་སེམས་ནང་མི་སེར་བཞག་ན་མི་སེར་གྱིས་ཁྱེད་ལ་བརྩི་བཀུར་ཞུ་བར་ངེས། གདོང་དཀར་གྲོང་ཚོར་སློབ་སྦྱོང་ལྟ་ཞིབ་བྱས་པ་བརྒྱུད་སྐུལ་མ་ཟབ་མོ་ཐེབས་ལ་གདོང་དཀར་གྲོང་ཚོའི་ཚན་ཁག་གི་ཁོངས་མིས་གྲོང་མིའི་དབར་ཁྱིམ་གཅིག་ལྟ་བུར་མཐུན་སྒྲིལ་བྱེད་པར་དེ་བས་ཡི་རངས་བྱུང ”ཞེས་ཆུ་ཤུར་རྫོང་ལྗང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་གྱིས་བཤད་པ་དང་ཁོང་གིས “གདོང་དཀར་གྲོང་ཚོའི་བུ་ཆུང་ཨ་ནུའུ་ཡིས་གཙོ་བོ་བྱས་པའི་ཚན་ཁག་གི་ཁོངས་མིས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པར་མང་ཚོགས་བློ་ཡིད་ཚིམས་པོ་བྱེད་ཀྱི་འདུག གཞི་རིམ་དུ་དངོས་གནས་ཁོང་ཚོ་ལྟ་བུ་སེམས་སུ་མང་ཚོགས་འཇོག་མཁན་ལས་བྱེད་པ་བཟང་པོ་དང་སྣེ་ཁྲིད་པ་བཟང་པོ་མཁོ་ཆེན་པོ་ཡོད ”ཅེས་བཤད་པ་རེད།

        གསོ་སྦྱོང་ནང་ཞུགས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚོར་གདོང་དཀར་གྲོང་ཚོའི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱས་པ་ལས་བློ་སྒོ་ཕྱེ་བ་དང་ཁོང་ཚོས་གྲོང་གསེབ་ཀྱི་གཞི་རིམ་འགོ་ཁྲིད་ཚན་ཁག་གིས་ངེས་པར་དུ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱིས་ནམ་ཡང་ཡིད་རྟོན་རུང་བའི་ལས་བྱེད་པ་བཟང་པོ་ཞིག་བྱས་ཚེ་གཞི་ནས་མང་ཚོགས་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་པ་ཞིག་ཏུ་དངོས་གནས་འགྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

        གསར་འགོད་པས་བཅར་འདྲི་བྱེད་སྐབས་གདོང་དཀར་གྲོང་ཚོར་གསོ་སྦྱོང་ནང་ཞུགས་པར་ཡོང་མཁན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚོས་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་ཀ མཉམ་དུ་ངལ་རྩོལ་བཅས་བྱས་པ་མཐོང་བྱུང་། ཁོང་ཚོས་ཕན་ཚུན་གྲོས་བསྡུར་དང་། ཕན་ཚུན་བློ་སྒོ་ཕྱེ་བ། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་ཐབས་བཟང་སྤེལ་རེས་བཅས་བྱེད་ཀྱི་ཡོད་ཅིང་། གདོང་དཀར་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་བཅར་འདྲིར་སྣེ་ལེན་དང་། འགལ་བ་ཐག་གཅོད། གྲོང་ཚོའི་རྣམ་པ་བཅོས་སྒྲིག ནོར་དོན་དོ་དམ། ལས་དོན་ཇུས་འགོད་བཅས་དང་དེ་བཞིན་ཚོགས་འདུ་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཞུགས་རྗེས་ཁོང་ཚོས་སྤེལ་རེས་ཁྲོད་དཔྱད་བསྡུར་བྱས་ཏེ་གྲོང་ཚོ་རང་ལ་གནས་པའི་གནད་དོན་རྟོགས་པ་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་ཞུགས་ནས་ཐུན་མོང་ཐོག་གྲོས་བསྡུར་དང་ཐབས་བཟང་སྤེལ་རེས་བྱས་ཏེ་གནད་དོན་དངོས་གནས་ཐག་གཅོད་བྱ་རྒྱུ་དང་ལག་ལེན་ནང་དངོས་སུ་ཞུགས་ནས་སྦྱོང་བརྡར་བྱེད་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

        ཉེ་ཆར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ཅུས་སོགས་ལས་ཁུངས་20 ལྷག་ཙམ་གྱི་ལས་བྱེད་པ་དང་ལས་བཟོས་ཁྲོམ་གཞུང་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ཏེ “དུས་བདེའི་ལྷ་ས་དྲིལ་བསྒྲགས་གཟའ་འཁོར ”བྱེད་སྒོ་སྤེལ་བར་བསྐྱོད་དེ་ཀུན་གྱིས་དུས་བདེ་ཐུན་མོང་ཐོག་གཏོད་པ་དང་ཀུན་གྱིས་དུས་བདེ་ཐུན་མོང་ཐོག་ལོངས་སུ་སྤྱོད་པའི་སྣང་ཚུལ་བཟང་པོ་ཞིག་གཏོད་ཅིང་། འདི་ནི་ལས་དོན་པས་གྲོང་མིར་ལྕགས་ལམ་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་རྒྱུན་ཤེས་འགྲེལ་བཤད་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།