བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ལྷ་རི་རྫོང་གིས “ལམ་སྲོལ་བཞི ”འཐུས་ཚང་དུ་གཏོང་རྒྱུར་གཞིགས་ནས་སྲིད་ཁྲིམས་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ཏེ་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་ཅན་གྱི་ཚོགས་འདུའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ལྷ་རི་རྫོང་གིས་ཤང་གྲོང་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་ལ་དུས་ཚིགས་རེར་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་ཅན་གྱི་ཚོགས་འདུ་ཐེངས་རེ་འཚོགས་ནས་ཁོངས་གཏོགས་ཁུལ་ནང་གི་གླེང་མང་བ་དང་དཀའ་ངལ་ཆེ་བའི་གནད་དོན་ལ་འཕྲལ་དུ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་ལས་ཀའི་བྱེད་ཕྱོགས་ཁ་གསལ་བཟོས་པ་དང་ལས་ཀའི་ཇུས་གཞི་གཏན་འཁེལ་བྱས་ནས་གནད་དོན་སྔ་ཙམ་ཤེས་རྟོགས་བྱེད་པ་དང་བྱ་ཐབས་སྔ་ཙམ་དོན་འཁྱོལ་ཡོང་བ་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
མཉམ་འགོག་མཉམ་བཅོས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ལྷ་རི་རྫོང་གིས་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་ཟུར་བཙུགས་རྩིས་ཁྲ་སྤྲོད་པ་དང་ལམ་ལུགས་གཏན་འཁེལ་བྱས་ཏེ་སྤེལ་བའི་ལས་དོན་ཁག་ལྟོས་ཟླའི་ཟུར་བཙུགས་རྩིས་ཁྲའི་ནང་འཕྲལ་དུ་ཐོ་བཀོད་བྱས་ཏེ་ཆ་འཕྲིན་འཚོལ་བསྡུ་དང་གོང་ཞུའི་ཐབས་ལམ་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱས་ནས་གཞི་རིམ་གྱི་ཕྱོགས་བསྡུས་ལས་དོན་ཁ་གསལ་ཅན་དང་། རྒྱུད་རིམ་ཅན། རྒྱུན་གཏན་ཅན་བཅས་ཡོང་བ་བྱས་པ་རེད།
འགལ་བ་དང་རྩོད་གཞི་གྲལ་བཤེར་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ལྷ་རི་རྫོང་གིས་ཤང་དང་གྲོང་ཚོའི་འགལ་བ་དང་རྩོད་གཞི་སེལ་མཁན་ས་ཚིགས་བཙུགས་ནས་གྲོང་ཚོར་གཟའ་འཁོར་རེ་དང་ཤང་ལ་ཟླ་རེར་གྲལ་བཤེར་ཐེངས་གཅིག་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་པ་དང་འབྲེལ་གྲལ་བཤེར་གྱི་དུས་ཚོད་དང་། འབྲས་བུ། བྱ་ཐབས་བཅས་ཟིན་ཐོ་ཞིབ་ཚགས་བཀོད་དེ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་སྐབས་ཟིན་ཐོ་ཡོད་པ་དང་འདུམ་སྒྲིག་བྱ་ཐབས་མངོན་པར་བྱས་པརེད།
ཆ་འཕྲིན་གོང་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ལྷ་རི་རྫོང་གིས་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་དང་། ཕྱོགས་མིའི་དོ་དམ། ཁྲིམས་ཁུར་དུས་ཚད་གཙང་ནས་གློད་བཀྲོལ་བཏང་བ་དང་ངལ་རྩོལ་སྒྱུར་བཀོད་བྱེད་ཁོངས་ནས་གློད་པར་སློབ་གསོ་གཏོང་རོགས་བྱ་རྒྱུའི་བཀོད་སྒྲིག གཙོ་གནད་མི་སྣའི་དོ་དམ་ཚོད་འཛིན་སོགས་ལས་དོན་སྤེལ་ཚུལ་འཕྲལ་དུ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་ལ་གོང་ཞུ་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་གི་ཆ་འཕྲིན་ཁག་གོང་དུ་སྙན་ཞུ་དང་གཤམ་འོག་ཏུ་བརྒྱུད་བསྒྲགས་བྱས་ནས་གཞི་རིམ་གྱི་ཆ་འཕྲིན་ཁག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།