བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཡུལ་མི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་མང་ཚོགས་ཚོའི་དགོས་མཁོར་དམ་པོར་གཞིགས་ཏེ་ཞབས་ཞུའི་གཞི་རྟེན་གསར་གཏོད་ནུས་ལྡན་བྱེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞབས་ཞུའི་སྟོབས་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་པས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད་པ་རེད།
ཞབས་ཞུའི་གཞི་རྟེན་གསར་གཏོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་བཏོད་ཅིང་། སྡེ་ཁུལ་དུ “ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་སྡེ་ཁུལ་དུ་ལེགས་སྐྱེས་འབུལ་བའི ”ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ནང་ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ནས་ཏང་ཡོན་རེས་ཉུང་མཐར་ཡང་མང་ཚོགས་དུད་ཚང་5དང་འབྲེལ་བ་བྱས་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་སྡེ་ཁུལ་གྱི་ཏང་ཀྲི་པུ་ཚོགས་འདུའི་དགོངས་དོན་དང་སྡེ་ཁུལ་གྱི “ཨུ་ལྷན་གཉིས ”ཀྱི་མཉམ་འབྲེལ་ཚོགས་འདུ་དང་གྲོང་མིའི་འཐུས་མིའི་ཚོགས་འདུའི་གཏན་འབེབས་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་རེ་བ་གོང་ཞུ་བྱེད་པ། མང་ཚོགས་ཚོར་འགལ་བ་དང་རྩོད་གཞི་སེལ་རོགས་བྱེད་པ་སོགས་བྱས་ཡོད། ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་250ལྷག་ཙམ་སྒྲིག་འཛུགས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་སམ་ཡང་ན་དུད་ཚང་དབུལ་པོ་དང་ཆ་འགྲིག་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་པ་དང་དུས་མཚུངས “ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བའི་གདོང་ལེན་པ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མིག་དཔེ་བྱེད་པ། ཏང་ཡོན་གྱིས་ལེགས་སྐྱེས་ཕུལ་ནས་གཟུགས་བཪྙན་གཏོད་པ ”བཅས་ཀྱིས་བརྗོད་བྱ་གཙོ་བོར་བྱས་ཏེ་ཟླ་རེའི་གཟའ་པ་སངས་དང་པོ་དེ “ཏང་ཡོན་གྱིས་ལེགས་སྐྱེས་འབུལ་བའི་ཉིན་མོར ”གཏན་འཁེལ་བྱས་ནས་རྣམ་པ་སྣ་ཚོགས་དང་། གཞི་རིམ་དང་འབྲེལ་འདྲིས་ཐུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལག་ལེན་བྱེད་སྒོ་སྤེལ་གྱི་ཡོད། གཞན་ཡང་སྡེ་ཁུལ་དུ་ལས་གནས་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་ལས་གནས་མེད་པའི་ཏང་ཡོན་ལ་བསམ་བློ་ཆབ་སྲིད་ཀྱི་རིགས་དང་། སྤྱི་པའི་ལས་དོན་རིགས། དཔལ་འབྱོར་འཛུགས་སྐྲུན་རིགས། སྤྱི་ཚོགས་ལྟ་སྐུལ་རིགས་བཅས་རིགས་ཆེན་པོ་བཞིའི་ལས་གནས་ཁག་19བཙུགས་ཏེ་སྡེ་ཁུལ་གྱི་ལས་གནས་མེད་པའི་རྒྱ་ཆེའི་ཏང་ཡོན་ལ་སྔོན་ཐོན་རང་བཞིན་འདོན་སྤེལ་བྱེད་པའི་སྟེགས་བུ་ཡོད་པ་བྱས་ནས་ཡུལ་མི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་ཏན་ཏིག་བྱེད་ཐུབ་པ་བྱས་ཡོད་པ་རེད།
ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཡུལ་མི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་བཏང་ཞིང་། ཁྲེང་ཀོན་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡེ་ཁུལ་གྱི་སྐྱོབ་རོགས་ཞབས་ཞུ་བྱས་ནས་སྨན་བཅོས་སྐྱོབ་རོགས་དང་གནས་སྐབས་འཚོ་བའི་སྐྱོབ་རོགས་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་སྡེ་ཁུལ་གྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་ཚང་མར་བདེ་འཇགས་ཉེན་ཟོན་སྐོར་ཞིབ་རུ་ཁག་བཙུགས་ནས་སྤྱི་བདེ་མངགས་གཏོང་ཁང་ལ་གཞོགས་འདེགས་ཀྱིས་བདེ་འཇགས་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། སྡེ་ཁུལ་ཡུལ་མི་ཨུ་ལྷན་ཚང་མར་ཕྱོགས་མིར་ཞབས་ཞུ་དོ་དམ་བྱེད་པའི་གཞུང་དོན་ཁང་བཙུགས་ནས་ཕྱོགས་མི་ཐོ་འགོད་བྱེད་པ་དང་ལག་ཁྱེར་གཉེར་བ་སོགས་ཀྱི་སྟབས་བདེའི་ཞབས་ཞུ་བྱེད་པ། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་གྲོང་མིར་རྩལ་ནུས་གསོ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྡེ་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཧུར་ཐག་བཏོད་དེ་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཡུལ་མི་860ལྷག་ཙམ་ལ་ལས་གནས་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ཡོད་པ་རེད།
ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཡུལ་མི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་ཤིང་། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཁྲེང་ཀོན་ཆུས་ཀྱིས་བྱེད་སྟངས་བཟང་པོ་དང་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཁག་གཅིག་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་བཙུགས་ཤིང་། མིག་སྔར 《ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས 》དང 《ཕྱོགས་མི་ཏང་ཡོན་གྱི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》《ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི “ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་སྡེ་ཁུལ (གྲོང་ཚོ )ལ་ལེགས་སྐྱེས་འབུལ་བའི ”ལས་དོན་ལག་བསྟར་བསམ་འཆར 》《ཁྲེང་ཀོན་ཆུས་ཀྱི་ས་ཚིགས་ཀྱི་ལས་སྒྲུབ་མི་སྣའི་འགན་འཁྲི 》《ཁྲེང་ཀོན་ཆུས་ཀྱི་ས་ཚིགས་ཀྱི་ལས་སྒྲུབ་ཐད་ཀྱི “ཤེས་དགོས་པ་བཅུ ”》སོགས་ལམ་ལུགས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་དང་ཡུལ་མི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།