བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྣེ་གདོང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་ནང་སྣེ་གདོང་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་བཏོན་པའི “ཏང་ནང་ཁུལ་གྱི་སྐུལ་ལྕག་དང་། སེམས་ཁུར། རོགས་སྐྱོར་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི ”བླང་བྱ་གཞིར་བཟུང་ཕྱོགས་མང་པོའི་ཐད་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ་ཏང་ནང་ཁུལ་གྱི་སྐུལ་ལྕག་དང་། སེམས་ཁུར། རོགས་སྐྱོར་བཅས་ཀྱི་ལས་དོན་ཐད་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
འཐབ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་བཟང་པོ་གཏོད་ཅིང་། 2008ལོ་ནས་བཟུང་སྣེ་གདོང་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ (གྲོང་ལྷན )47གྱི་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཙུགས་པ་དང་ལེགས་སུ་བཏང་བ་དང་འབྲེལ་ཏང་ཡོན་གྱི་བྱེད་སྒོ་ཁང་གི་ཆ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་ཏང་ཡོན་གྱི་བྱེད་སྒོའི་ཁོར་ཡུག་ལེགས་སུ་བཏང་ཡོད་པས་ཏང་ཡོན་གྱིས་བྱེད་སྒོ་ཁང་ནང་སློབ་སྦྱོང་དང་ལས་ཀའི་གྲོས་བསྡུར་བྱེད་ཆོག་པ་མ་ཟད། དེ་གར་ད་དུང་གྲོང་གསེབ་ཀྱི་ཏང་ཡོན་གྱི་དེང་རབས་ཅན་གྱི་རྒྱང་འཁྲིད་སློབ་གསོའི “སློབ་ཁང ”ཡང་བྱེད་ཆོག་པས་གཞི་རིམ་ཏང་རྩ་འཛུགས་ཀྱི “ཁྱིམ་ཚང ”ཡིན་པའི་ཆ་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དེས་མི་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་སྟེ་གཞི་རིམ་ཏང་རྩ་འཛུགས་ལ་ཞབས་འདེགས་ཞུ་རྒྱུ་དང་ཏང་ཡོན་ལ་ཁོར་ཡུག་ཅིག་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
དཔྱད་ཞིབ་ཀྱི་ལས་ཀ་བྱས་ཏེ་ལས་ཀའི་སེམས་ཤུགས་འཕེལ་བ་བྱས་ཤིང་། སྣེ་གདོང་རྫོང་གིས 《གྲོང་ཚོའི་ལས་བྱེད་པར་དཔྱད་ཞིབ་དོ་དམ་བྱ་ཐབས (ཚོད་ལྟའི་ལག་བསྟར )》སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་ལག་ལེན་བསྟར་ཏེ་ཕྱོགས་གཅིག་ནས་དཔྱད་འདེམས་གཟེངས་བསྟོད་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ལོ་ལྟར་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་ཏང་ཡོན་ཁག་གཅིག་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པ་དང་2009ལོར་གྲོང་ཚོའི (གྲོང་ལྷན )ཕུལ་བྱུང་ཏང་རྩ་འཛུགས་5དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་12དཔྱད་འདེམས་བྱས་པ་དང་ཕྱོགས་གཞན་ཞིག་ནས་བྱ་དགའ་ཆེན་པོ་སྤྲོད་པའི་སྐུལ་ལྕག་གི་ལམ་ལུགས་བཟོས་ཏེ་བོད་སྐྱོར་འགྲོ་གྲོན་གྱི་ཁྲོད་ནས་སྒོར་ཁྲི་20ཆེད་མངགས་བྱ་དགའི་ཐེབས་རྩར་བྱེད་ཀྱི་ཡོད་པ་རེད། ལོ་ལྟར་ལས་ཀར་དཔྱད་ཞིབ་བྱེད་པའི་རྨང་གཞིའི་ཐོག་ད་དུང་གྲོང་ཚོའི་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་དཔྱད་འདེམས་བྱས་ཏེ “བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི ”བྱེད་སྟངས་ཐོག་ནས་བྱས་རྗེས་མངོན་གསལ་དོད་པོ་ཡོད་པའི་གྲོང་ཚོའི་ཕུལ་བྱུང་ལས་བྱེད་པར་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། 2009ལོར་གྲོང་ཚོའི (གྲོང་ལྷན )འགོ་ཁྲིད་ཚན་ཁག་གཉིས་ལ་ཕུལ་བྱུང་ཁོངས་མི་67དཔྱད་འདེམས་བྱས་ཡོད་པ་རེད།
བཅར་འདྲི་དང་འཚམས་འདྲིའི་ལས་ཀ་ཧུར་ཐག་བྱས་ཏེ་མི་གཤིས་ལ་སེམས་ཁུར་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། སྣེ་གདོང་རྫོང་གིས་བཅར་འདྲི་དང་འཚམས་འདྲི་བྱེད་པའི་ལམ་སྲོལ་བཙུགས་ཏེ་ལོ་རེའི “བདུན་གཅིག ”དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་དུས་ཆེན་རིང་རྫོང་གིས་དོ་དམ་བྱེད་པའི་ཏང་གྲོན་ཁྲོད་ནས་སྒོར་ཁྲི་གསུམ་ནས་ལྔ་བར་བཏོན་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱ་རྒྱུར་སྤྱོད་པ་དང་འབྲེལ “གཅེས་སེམས་མཚོན་པ་དང་དྲོ་སྐྱིད་སྦྱིན་པའི ”བྱེད་སྒོ་སྤེལ་གྱི་ཡོད་པ་རེད། འདི་ལོའི་ལོ་འགོར་རྫོང་ཨུད་རྩ་འཛུགས་པུའུ་ཡིས “མི་རེར་སྒོར་300དང་ལོ་གཉིས་རེར་ཐེངས་གཅིག་སྤྲོད་རྒྱུའི ”ཚད་གཞི་གཞིར་བཟུང་རྫོང་དེ་ཡོངས་ཀྱི་གྲོང་ཚོ (གྲོང་ལྷན )314ཡི་ལས་བྱེད་པ་དང་གདན་ཞུ་བྱས་པའི་ལས་བྱེད་པ་27སྒྲིག་འཛུགས་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱེད་པ་དང་བདེ་ཐང་གི་ཡིག་ཚགས་བཟོས་ཡོད་པ་རེད།
རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་དངོས་ཡོད་དཀའ་ངལ་སེལ་ཞིང་། སྣེ་གདོང་རྫོང་གིས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་། མཉམ་སྡེབ་ཐོག་སྙིང་གཏམ་ཤོད་རེས། དཔེ་འོས་ལ་སྐུལ་ལྕག་སོགས་བྱེད་པའི་བྱ་ཐབས་སྤྱད་དེ་ཁོང་ཚོར “སྒུག་བརྟེན་སློང ”གསུམ་གྱི་རྗེས་ལུས་ཀྱི་བསམ་བློ་དོར་དགོས་པའི་རོགས་རམ་བྱས་ཡོད། རྒས་འཁོགས་དང་། དབང་པོ་སྐྱོན་ཅན། ནད་གྱིས་མནར་བ། གེགས་བར་བྱུང་བ་སོགས་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་རྣམས་ལ་འཚོ་བའི་ཐད་ནས་རོགས་རམ་སྣ་ཚོགས་བྱས་པ་དང་ཁོང་ཚོར་དཀའ་ངལ་སེལ་རོགས་བྱས་པས་ཁོང་ཚོའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ཡིད་ཆེས་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་ཡིད་ཆེས་ཆེ་རུ་སོང་ཡོད། ལག་རྩལ་དང་མ་དངུལ་མི་ལྡང་བ་དང་ཆ་འཕྲིན་གསང་པོ་མེད་པའམ་ཡང་ན་ལས་གནས་ནས་བབས་རྗེས་འཚོ་བར་དཀའ་ངལ་ཕྲད་པའི་ཏང་ཡོན་རྣམས་ལ་ཐོན་སྐྱེད་ཐད་ནས་རོགས་སྐྱོར་གཙོ་བོ་བྱས་པ་དང་དམིགས་ས་ཡོད་པའི་སྒོ་ནས་ལས་ཞུགས་རྩལ་ནུས་གསོ་སྦྱོང་དང་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་དང་དེ་བཞིན་ལས་ཀ་བྱ་ཡུལ་འཚོལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐབས་ལམ་མང་བ་དང་རྣམ་པ་མང་བའི་ཐོག་ནས་དཀའ་ངལ་ཡོད་པའི་ཏང་ཡོན་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་རོགས་བྱས་པས་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་ཕྱིན་ཡོད་པ་རེད།