དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འདམ་གཞུང་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་བྱེད་ཐབས་གསར་པ་མངོན་གསལ་དོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་འདམ་གཞུང་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་དུས་མཚམས་རང་བཞིན་གྱི་ལས་ཀའི་ཕྱོགས་སྡོམ་ཚོགས་ཆེན་སྐོང་ཚོགས་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྤེལ་རྒྱུར་དམིགས་ཏེ “བྱེད་དགོས་པ་བརྒྱད ”ཀྱི་བྱེད་ཐབས་གསར་པ་བཏོན་ཡོད།

        “བྱེད་དགོས་པ་བརྒྱད ”ནི་གཞི་རིམ་ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་དགོས་པ་དང་། རྗེས་སྣོན་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། “ཨུད་གཉིས ”ཀྱི་ཚན་ཁག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། ལས་གནས་མེད་པའི་ཏང་ཡོན་ལ་ལས་གནས་འཛུགས་པ་དང་ལས་རིགས་གཏན་འཁེལ་བཟོ་བའི་ལས་དོན་ཕྱོགས་ཡོངས་ནས་འགོ་འཛུགས་དགོས་པ། དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོ་སྤེལ་དགོས་པ། “གཤམ་སྤེལ་བཞིའི ”བྱེད་སྒོ་ཏན་ཏིག་ངང་ཡག་པོ་སྤེལ་དགོས་པ། “འདུ་འགོད་གསུམ ”གྱི་ལས་དོན་གཏིང་ཟབ་ངང་ཡག་པོ་སྤེལ་དགོས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་དོན་ནན་ཏན་ངང་སྤེལ་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།