བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་ལྷོ་བྲག་རྫོང་གིས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེབས་ཞུ་རྒྱུར་དམ་འཛིན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་འགན་ལེན་བྱེད་པ་བཅས་བྱས་ནས་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། འབོད་སྐུལ་བྱེད་ནུས་བཅས་སྔར་བས་ཆེ་རུ་བཏང་བ་རེད།
ཏང་ཡོན་གྱི་དྲིལ་བསྒྲགས་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཏང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད། ཏང་ཡོན་གྱིས་གོ་བདེའི་ཤེས་སླའི་སྒོ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དེ་ཞིང་འབྲོག་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་ཐུགས་ཁུར་དང་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་ཚོར་ཐུབ་པ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཏང་ཡོན་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཏང་ཡོན་གྱི་མཉམ་འགོག་རུ་ཁག་བཙུགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཏང་སྲིད་དམག་དང་ཉེན་དམངས་བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མ་ལག་གཅིག་ཆགས་པ་དང་མི་ཚང་མས་སོ་དམག་བྱེད་པ་དང་གྲོང་ཚོ་ཚང་མ་མཁར་རྫོང་ཡིན་པའི་དམིགས་ཚད་དུ་སླེབས་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཏང་ཡོན་གྱིས་ལམ་སྟོན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཏང་གི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་བ། མགོ་མཇུག་གཉིས་དམ་འཛིན་དང་། བར་ནས་སྣེ་ཁྲིད་པ། གནད་ཁྱོན་ཟུང་འབྲེལ་བྱེད་པ་བཅས་ཀྱི་བྱ་ཐབས་གཞིར་བཟུང་མ་དངུལ་དང་། ལག་རྩལ། བསམ་བློ་བཅས་ཀྱི་ཐད་རོགས་རམ་བྱེད་པའི་བྱ་ཐབས་སྤེལ་བ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཞིང་འབྲོག་མང་ཚོགས་ཀྱི་ནུས་པ་ཆེ་རུ་བཏང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཏང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཏང་ཡོན་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བྱེད་སྒོའི་བླང་བྱ་དང “བཅོས་སྒྲིག་དམིགས་ཚད་ཅན་དང་། བྱ་ཐབས་ཞིབ་ཕྲ་ཅན། གྲུབ་ཆ་གཙོ་བོས་འགན་འཁྲི་ཅན ”བཅས་ཀྱི་བླང་བྱ་གཞིར་བཟུང་དམ་བཅའ་ནན་ཏན་སྲུང་སྟེ་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་བཅས་ཀྱི་གླེང་མང་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་གནད་དོན་ཁག་ཅིག་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་པ་རེད།