དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་གཞི་རིམ་ཏང་འཛུཌ་སྐྱོང་ལོའི་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་སློབ་གྲྭ་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

        ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་འགོ་ཡག་པོ་བཙུགས་པ་དང་། ལས་ཀ་དམིགས་སར་འཁྱོལ་བ། གྲུབ་འབྲས་མངོན་གསལ་དོད་པ་བཅས་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད། ཞིབ་ཕྲའི་མཚོན་ཚུལ་ནི་སྒྲིག་འཛུགས་ཀྱི་འགན་ལེན་ནུས་ལྡན་དང་འགན་འཁྲི་དམིགས་སར་འཁྱོལ་ནས “མི་ཚང་མས་ཏང་འཛུགས་སྐྱོང་ཐད་སེམས་ཁུར་བྱེད་པ་དང་། མི་ཚང་མ་ཏང་འཛུགས་སྐྱོང་ནང་ཞུགས་པ། མི་ཚང་མས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་ཡོན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་བར་གྲུབ་འབྲས་ལེགས་པོ་ཐོབ་པ། སློབ་གྲྭ་ཁག་གིས་འཕྲེད་འགེལ་སྦྱར་ཚིག་བཀལ་བ་དང་དྲིལ་བསྒྲགས་བྱང་བུ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྣམ་པ་བཏོད་པའི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ་ཧྲིལ་པོའི་རྣམ་པ་བཟང་པོ་མངོན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།