བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཤར་ཚུན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས “ཟུང་འབྲེལ་བཞི ”ཡི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱ་ཆེའི་ཏང་ཡོན “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོའི་ནང་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་རྣམ་པ་གསར་པ་སྔར་བས་བཏོད་ཡོད་པ་རེད།
མཐུན་སྦྱོར་ལྡན་པའི་སྡེ་ཁུལ་བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། ཟླ་4 ཚེས་1 ཉིན་རང་ལྗོངས་ཀྱི་སྡེ་ཁུལ་གྱི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཚོམས་ཆེན་ཨང་དང་པོ་སྟེ་ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་གྱི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཚོམས་ཆེན་གྱི་སྒོ་བྱང་བཀལ་ནས་བཙུགས་ཏེ་ཞབས་ཞུའི་ཚོམས་ཆེན་ནང་ཏང་ཡོན་གྱི་ཞབས་ཞུའི་ས་ཚིགས་དང་། ཕྱོགས་བསྡུས་བཅོས་སྐྱོང་། དམངས་སྲིད་ལས་དོན། མི་འབོར་དང་འཆར་ལྡན་བུ་བཙའ། ངལ་རྩོལ་འགན་ལེན། ཕྱོགས་མིའི་མི་འབོར་དང་ཉེན་རྟོག་གི་ལས་དོན་ས་ཚིགས་བཅས་ཞབས་ཞུའི་རྣམ་གྲངས་ཁག་བདུན་བཙུགས་ཡོད་པ་དེས་སྡེ་ཁུལ་གྱི་གྲོང་མིར “ས་ཚིགས་གཅིག་རྣམ་པའི ”དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་ལོངས་སུ་སྤྱོད་འགོ་ཚུགས་པ་མཚོན་པ་དང་། འདི་ལོ་ཁྲེང་ཀོན་ཆུས་ཀྱིས་ཁྲོམ་གཞུང་ལས་ཀའི་འཆར་ཅན་གྱི་ཚོགས་འདུའི་ལམ་ལུགས་བཙུགས་ནས་དུས་ཚིགས་རེར་ཚོགས་འདུ་ཐེངས་རེ་སྐོང་ཚོགས་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་དང་ལྗོངས་ཡོངས་ཀྱི་ཁྲོམ་གཞུང་ལས་ཀའི་བྱ་ཐབས་དང་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ་སྡེ་ཁུལ་གྱི་ལས་དོན་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་བཏོད་ཡོད་པ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་གྱི་སྟེགས་བུ་ཞིག་སྔར་བས་རྒྱ་ཆེར་བཏང་སྟེ་མཐུན་སྦྱོར་ལྡན་པའི་སྡེ་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཁྲེང་ཀོན་ཆུས་སུ་མི་100 ལས་གྲུབ་པའི “གུང་ཁྲན་ཏང་ཡོན་གྱི་སྡེ་ཁུལ་གྱི་ཞབས་ཞུའི་གདོང་ལེན་རུ་ཁག ”བཙུགས་ཏེ་དང་བླངས་བྱེད་སྒོའི་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོས་པ་དང་རྒྱ་ཆེའི་ཏང་ཡོན་ཚོའི་ཧུར་སེམས་དང་སྟོབས་ཤུགས་གོང་བུ་གཅིག་སྒྲིལ་ཡོང་རྒྱུ་སྔར་བས་སྐོང་འཐེན་བྱས་ནས་མཐུན་སྦྱོར་ལྡན་པའི་སྡེ་ཁུལ་བསྐྲུན་ཕྱིར་འབད་འབུངས་ལྷོད་མེད་བྱས་ཡོད་པ་རེད།
“གྲོང་དྲུག་མཉམ་གཏོད ”ལས་དོན་དང་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། འདི་ལོ་ནི་ལྷ་ས་གྲོང་ཁྱེར་གྱི “གྲོང་དྲུག་མཉམ་གཏོད ”ལས་དོན་ལ་སྐུལ་སྤེལ་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་པ་དང་ཁྲེང་ཀོན་ཆུས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས་རྣམ་པ་མང་བ་དང་ཐབས་ལམ་མང་བའི་ཐོག་ནས་གྲོང་ཁྱེར་གཏོད་པའི་ལས་དོན་ནང་ཧུར་ཐག་ཞུགས་པ་རེད། བསྡོམས་རྩིས་ལ་གཞིགས་ན། ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་དང་མང་ཚོགས་ཚོས་ཧུར་ཐག་ཞུགས་པའི་འོག་ཁྲེང་ཀོན་ཆུས་ཀྱིས་འདི་ལོ་གྲོང་ཁྱེར་ཕྱི་རོལ་དུ་སྔོ་ལྗང་བྱེད་ཁྱོན་མུའུ་7450 ལེགས་གྲུབ་བྱས་པའི་ནང་ཤིང་འཛུགས་རྒྱ་ཁྱོན་མུའུ་7000 དང་ཤང་དང་གྲོང་ཚོའི་འོས་འགན་ཤིང་འཛུགས་མུའུ་450 ཟིན་ཡོད་པ་རེད། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ད་དུང་སྤྱི་པའི་གསང་སྤྱོད་ལ་དོ་དམ་དང་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྒོར་ཁྲི་100 བཏང་ནས་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པའི་སྤྱི་པའི་གསང་སྤྱོད་ཁག་89 ཉམས་གསོ་བྱ་རྒྱུར་སྤྲད་པས་གྲོང་ཁུལ་ནང་གི་སྤྱི་པའི་གསང་སྤྱོད་ལེགས་འགྱུར་བྱུང་ཚད་ 100%ཟིན་རྒྱུའི་འགན་ལེན་བྱས་ཡོད་པ་རེད།
“ཆ་སྒྲིག་འདུ་འགོད ”ལག་བསྟར་བྱ་རྒྱུ་དང་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། ཁྲེང་ཀོན་ཆུས་ཀྱིས་ཏང་གི་སྲིད་སྐྱོང་དམིགས་ཡུལ་དང་། མང་ཚོགས་ཀྱི་ལམ་ཕྱོགས། དངོས་ཐོག་གི་སྤྱོད་ཚུལ། དམངས་གཙོའི་སྲོལ་རྒྱུན་བཅས་མཐའ་འཁྱོངས་བྱས་ནས་སྔར་བས་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོའི་ཁྲོད་ཁྱབ་པ་བྱས་ཏེ 《ཁྲེང་ཀོན་ཆུས་ཀྱི “གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་ཆ་སྒྲིག་འདུ་འགོད ”ལག་བསྟར་ཇུས་གཞི 》བཟོས་ནས་གཤམ་འགྲེམས་བྱས་ཏེ་རྫོང་རིམ་པའི་ལས་བྱེད་པ་22 དང་དཀའ་ངལ་ཡོད་པའི་ཏང་ཡོན་22 དབར་དང་། ཁོའོ་རིམ་པའི་ལས་བྱེད་པ་222 དང་དཀའ་ངལ་ཡོད་པའི་མང་ཚོགས་165 དབར་ཆ་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་ལྗོངས་ཐད་གཏོགས་སྡེ་ཚན་35 དང་གྲོང་ཚོ (སྡེ་ཁུལ )44 དབར་འབྲེལ་བ་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་རེད།
བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་སྤེལ་རྒྱུ་དང་ཁྲེང་ཀོན་ཆུས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་པའི་དམིགས་བསལ་གྱི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་བབ་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་རིམ་ཏང་འཛུགས་ལས་ཀའི་ལས་འགན་མངོན་གསལ་དོད་ས་ཞིག་ཏུ་བརྩིས་ནས་དམག་དམངས་ཉེན་བཅས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པ་བརྒྱུད་བློ་སྟོབས་གཅིག་སྒྲིལ་ངང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགོག་རགས་བརྟན་པོ་ཞིག་བསྐྲུན་པ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས 《ཁྲེང་ཀོན་ཆུས་ཀྱི་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི (ཕྱིར་མིག་ལྟ་བའི )ལས་ཀའི་ཇུས་གཞིའི 》བླང་བྱར་ནན་ཏན་ངང་གཞིགས་ནས་ཏང་ཡོན་ལས་བྱེད་པ་དགོན་སྡེའི་ནང་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་ཐེངས་མང་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དགོན་སྡེ་དང་གྲྭ་བཙུན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་རྒྱུའི་འགན་ལེན་བྱས་པ་དང་དགོན་སྡེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་དང་། ཆོས་གཅེས། དགོན་གཅེས། ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་མ་བཏང་བ་རེད།
2008ལོར་བོད་ལྗོངས་མི་རིགས་སློབ་གླིང་ནས་ཐོན་པའི་ཚེ་རིང་སྒྲོལ་དཀར་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་མཁར་རྩེ་ཤང་ལུ་གུ་གྲོང་ཚོའི་ཀྲུའུ་རེན་ལས་རོགས་བྱས། “གྲོང་དཔོན ”དེས་དུས་ཐུང་ནང་ཁུལ་དེའི་མང་ཚོགས་དང་འབྲེལ་འདྲིས་ཡོང་བ་བྱས་ཏེ་ཁོང་ཚོར་དེང་རབས་ཀྱི་ཚན་རྩལ་ཤེས་བྱ་སྦྱོང་རྒྱུའི་སྐུལ་ལྕག་ཧུར་ཐག་བྱེད་ཀྱི་ཡོད་ཅིང་། འདི་ནི་ཚེ་རིང་སྒྲོལ་དཀར (གཡོན་གྱི་དང་པོ )གྱིས་ཞིང་པའི་དཔེ་དེབ་ཁང་ནང་མང་ཚོགས་དང་མཉམ་དུ་ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།