དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རྩ་སྲ་རྨང་བརྟན་ཡོང་བ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུན་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་དང་། རིམ་པ་བཞིན་སྐུལ་སློང་། དུས་མཚམས་རང་བཞིན་གྱི་ལས་དོན་གཙོ་གནད་ལ་དམ་པོར་དམིགས་པ། དམིགས་ཚད་དང་ལས་འགན་ཁ་གསལ། བྱེད་ཐབས་ཞིབ་ཚགས་བཟོ་བ། ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་བྱེད་སྒོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་རེད།

        བྱེད་ཐབས་ཞིབ་ཏུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ།

        ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་ལས་དོན་གྱི་ལས་འགན་ནན་ཏན་ངང་བཅོས་སྒྲིག་བྱས་པ་དང་འབྲེལ 《ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་དུས་མཚམས་རང་བཞིན་གྱི་ལས་ཀའི་གཙོ་གནད 》ཞིབ་འཇུག་བྱས་ནས་བཟོས་ཁར་ལོ་ཧྲིལ་པོའི་བྱེད་སྒོ་དུས་མཚམས་བཞིར་དབྱེ་ནས་དུས་མཚམས་སོ་སོའི་ལས་ཀའི་གཙོ་གནད་ཁ་གསལ་ཡོང་བ་བྱས་པ་རེད། ལྷ་ས་གྲོང་ཨུད་ཀྱིས་ལོ་ལྟར་སྒོར་ཁྲི་80ཙམ་བཏང་བ་དེ་དག་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་30%ཡི་བྱ་དགའི་དངུལ་དུ་བྱེད་པ་དང་། ཞིབ་འཇུག་དང་གྲོས་འཆམ་བྱས་པའི 《གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་དང་གྲོང་རྡལ་སྡེ་ཁུལ་གྱི་ལས་ཀ་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་ལག་བསྟར་བསམ་འཆར 》བོད་ཡིག་ཏུ་བསྒྱུར་ནས་གྲོང་ཚོའི ( སྡེ་ཁུལ )ཏང་ཀྲི་པུའུ་ལ་སྤྲད་དེ་གྲོང་གསེབ་དང་གྲོང་རྡལ་སྡེ་ཁུལ་གྱི་ལས་ཀ་མེད་པའི་ཏང་ཡོན་ལ་ལས་གནས་སྤྲོད་ཆེད་དང་ལས་མེད་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་ཆེད་ལས་སྟེགས་བཏོད་པ་དང་། “སྔོན་ལ་ཚོད་ལྟ་བྱེད་པ་དང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི ”བསམ་ཕྱོགས་གཞིར་བཟུང་གོམ་སྟབས་གཉིས་ཀྱི་ཐོག་ནས “གུང་ཁྲན་ཏང་ཡོན་གྱི་གདོང་ལེན་ལས་གནས ”གཏོད་པའི་བྱེད་སྒོ་སྤེལ་བ། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཅིག་སྡུད་ཐོག་གསོ་སྦྱོང་བྱེད་པའི་ལས་དོན་གྱི་ལག་བསྟར་བསམ་འཆར 》ཞིབ་འཇུག་བྱས་ནས་བཟོས་པ་དང་འབྲེལ་གསོ་སྦྱོང་གི་ནང་དོན་དང་སློབ་ཚན་འཁྲིད་མཁན་ཚན་པ་གཏན་འཁེལ་བྱས་ཐོག་གཅིག་སྡུད་ཐོག་སློབ་ཚན་ཁྲིད་པ་དང་ལྟ་སྐོར་དང་སློབ་སྦྱོང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོའི ( སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་ལ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད།

        ལྷ་ས་གྲོང་ཨུད་ཀྱིས 《གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ 》བཀྲམས་ནས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་བཙུགས་ནས་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་དང་རྫོང (ཆུས )གིས་ཀྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པར་བརྟེན་རིམ་པ་གཅིག་གིས་རིམ་པ་གཅིག་ལ་ལྟ་སྐུལ་བྱེད་པ་དང་རིམ་པ་བཞིན་ལྟ་སྐུལ་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

        གཙོ་གནད་མངོན་གསལ་ཡོང་བ་བྱས་ནས་གཞི་རྟེན་གསར་གཏོད་བྱས་པ།

        གྲོང་གསེབ་དང་གྲོང་རྡལ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོའི ( སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་སྡུད་ཐོག་གསོ་སྦྱོང་བྱས་ཤིང་། མིག་སྔར་ལྷུན་གྲུབ་དང་། སྟག་རྩེ། མལ་གྲོ་གུང་དཀར་སོགས་རྫོང་གི་གསོ་སྦྱོང་ལས་འགན་ལེགས་སྒྲུབ་བྱས་པ་རེད།

        རྫོང ( ཆུས )གིས “མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་ལྟ་བ། ཚང་མའི་ལེགས་སྐྱེས་བསྡུར་བ ”བཅས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ “གཏན་འཁེལ་དང་། ཞིབ་བཤེར། དཔྱད་མོལ། སྒྱུར་བཀོད ”བཅས་བྱེད་ཐབས་བཞི་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིས་འགན་ནུས་སྒྲུབ་པའི་ལྟ་སྐུལ་ལམ་སྲོལ་བཙུགས་པ་རེད། བྱེད་སྒོ་སྤེལ་རིང་རྫོང ( ཆུས )ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་ལྷག་པར་དུ་གྲོང་ཚོའི  ( སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་ལས་གནས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ཚད་མི་ལོན་པའི་གྲོང་ཚོའི  (སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅི་ལེགས་སྒྲིག་བྱེད་པའི་ལམ་ལུགས་བཙུགས་ཏེ་གྲོང་ཚོའི ( སྡེ་ཁུལ )ཏང་ཀྲི་པུའི་ཧྲུའུ་ཅིའི་དོ་དམ་ཐད་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

        ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པའི་ལས་སྟེགས་གཏོད་ཆེད་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའུ་ཁག་གིས་ཏང་ཡོན་གྱི་ཚོགས་ཆེན་སྐོང་ཚོགས་དང་དྲིལ་བསྒྲགས་སྒྲོམ་སྟེགས་གཉེར་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་ལས་མེད་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་དོན་སྙིང་གལ་ཆེན་དང་། བྱེད་ཐབས། བླང་བྱ་ཞིབ་ཕྲ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གྲོང་གསེབ་དང་གྲོང་རྡལ་སྡེ་ཁུལ་གྱི་རྒྱ་ཆེའི་ལས་མེད་ཏང་ཡོན་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པའི་བྱེད་སྒོའི་ནང་ཞུགས་རྒྱུའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་པ་རེད།

        བྱེད་ཐབས་དོན་འཁྱོལ་དང་ཉམས་མྱོང་ཁྱབ་གདལ་བཏང་བ།

        ལྷ་ས་གྲོང་ཁྱེར་རིམ་ཁག་ཏང་རྩ་འཛུགས་ཀྱིས “གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པ་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་ཕན་གསབ། མཐུན་སྦྱོར་འཕེལ་རྒྱས ”དང “གཅིག་རོགས་གཅིག་ཁྲིད ”ཀྱི་བླང་བྱ་གཞིར་བཟུང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་རེར་ཞིང་འབྲོག་མང་ཚོགས་ཏན་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་གཅིག་རྩིས་སྤྲོད་པ་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་རེར་ཤང་གྲོང་ཏང་ཨུད་གཅིག་རྩིས་སྤྲད་ཅིང་། གྲོང་ཁྱེར་ཐད་གཏོགས་ཚན་པ་དང་རྫོང ( ཆུས )ཁག་གིས་ཆ་སྒྲིག་གི་བླང་བྱ་གཞིར་བཟུང “ཏང་ཡོན་གྱི་གཅེས་སེམས་ཚོགས་ཆུང ”དང་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པར་རོགས་སྐྱོར་བྱ་ཡུལ་རྩིས་སྤྲད་པ་རེད།

        གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་སྐབས་ལྷ་ས་གྲོང་ཁྱེར་གྱིས་ད་དུང་དུས་མཚམས་རང་བཞིན་གྱི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ་དུས་མཚམས་ཁག་གི་ཆ་འཕྲིན་འཚོལ་སྒྲིག་གི་གཙོ་གནད་ཁ་གསལ་ཡོང་བ་བྱས་པ་དང་འབྲེལ་ཚགས་པར་དང་བཪྙན་འཕྲིན་སོགས་སྨྱན་སྦྱོར་བརྒྱུད་བྱེད་སྒོ་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་པ་བཟང་པོ་ཞིག་གཏོད་ཐུབ་པ་བྱས་པ་རེད།     

        ཉེ་ཆར་ལྷ་ས་གྲོང་ཁྱེར་ལས་ཁུངས་ཀྱིས་གཡུ་ཐོག་ལམ་དུ་གཞི་རིམ་ཏང་འཛུགས་སྐྱོང་ལོའི་ལས་ཁུངས་ཀྱི་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མི་ཚོས་དེའི་ཐད་ཀྱི་གནས་ཚུལ་ཤེས་ཚད་ཆེ་རུ་བཏང་ཞིང་། འདི་ནི་ལས་ཁུངས་ཀྱི་ཏང་ཡོན་ཚོས་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།