1.སྔོན་དུ་སྲུང་སྐྱོང་བྱས་ནས་འཆར་གཞི་ལག་ལེན་བསྟར་དགོས་པ།
དང་ཐོག “སྔོན་དུ་སྲུང་སྐྱོང ”བྱ་རྒྱུའི་རྩ་དོན་ལྟར་གནའ་གྲོང་གི་ལེགས་ཆ་དང་སྲང་ལམ་གྱི་ཁྱད་ཆོས་མངོན་པར་བྱེད་དགོས་པ་དང་། དེ་རྗེས་ 2004 ལོའི 《ལྷ་སའི་བར་སྐོར་སྲུང་སྐྱོང་གི་འཆར་གཞི 》བཟོ་བཅོས་བརྒྱབ་ནས་ལག་ལེན་ཡག་པོ་བསྟར་དགོས་པ། གཞན་ཡང་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་དང་གསར་སྤེལ་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མཉམ་འགུལ་ཐུབ་པ་བཅས་བྱེད་དགོས།
2.འདུ་ཤེས་ལ་འགྱུར་བ་བཏང་ནས་ཡུལ་སྐོར་གྱི་ནུས་པ་མང་དུ་གཏོང་དགོས།
ལྷ་ས་གྲོང་ཁུལ་སྲུང་སྐྱོང་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་སྐབས་གཅིག་ནས་ཇི་མ་ཇི་བཞིན་ལད་མོ་བྱེད་པའི་བརྗེད་དཀའ་བའི་སྣ་སུན་མི་ཐོན་པ་བྱེད་དགོས་པ་དང་། གཉིས་ནས་དཔལ་འབྱོར་ཁེ་ཕན་ཁོ་ན་བསམ་བའི་སྐྱོན་ཆ་སེལ་དགོས་པ། གསུམ་ནས་ལོ་རྒྱུས་དེ་རིག་གནས་དང་། ནང་དོན། རྣམ་པ། གྲུབ་ཆ། ནུས་པ་བཅས་དང་གཅིག་གྱུར་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཡུན་རིང་དང་ངོ་མཚར་ཆེ་བའི་གནའ་གྲོང་གི་ཤེས་དཔལ་དེ་ཡུལ་སྐོར་ཡོང་སའི་རིག་གནས་ཁྲོད་ཁྱབ་པ་བྱེད་དགོས་པ། ལྔ་ནས་ལྟ་སྐོར་དང་ཡུལ་སྐོར་ཁོ་ནའི་ཐོན་ཟོག་ལ་འགྱུར་ལྡོག་བཏང་ནས་ནུས་པ་མང་བའི་ཡུལ་སྐོར་ཐོན་ཟོག་གསར་སྤེལ་བྱེད་སྟངས་ལེགས་སུ་གཏོང་དགོས་པ་བཅས་ཡིན།
3.ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁྱད་ཆོས་མངོན་པ་བྱེད་དགོས།
གྲོང་ཁུལ་ཪྙིང་པའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་གྱི་སྤྲོ་གསེང་ལྟེ་གནས་བསྐྲུན་རྒྱུ་ནི་ལྷ་ས་གྲོང་ཁུལ་ཪྙིང་པའི་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་སྟངས་གཙོ་བོ་དེ་ཡིན། གྲོང་ཁུལ་ཪྙིང་པར་ཡུལ་སྐོར་གསར་སྤེལ་བྱེད་སྐབས་ཕྱོགས་གཅིག་ནས་ལོ་རྒྱུས་ལྡན་པའི་སྲང་ལམ་གྱི་སྤྲོ་གསེང་ནུས་པ་འདོན་སྤེལ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་ཕྱོགས་གཞན་ཞིག་ནས་ཁྱད་ལྡན་རིག་གནས་ར་བའི་སྤྲོ་གསེང་ནུས་པ་འདོན་སྤེལ་བྱ་ཤུགས་ཆེ་རུ་གཏོང་དགོས་པ།
4. ཞབས་འདེགས་ཡག་པོ་ཞུས་ནས་ཁྱད་ལྡན་ལ་གཞི་ཚུགས་དགོས།
དང་པོ། གྲོང་ཁུལ་ཪྙིང་པའི་ཡུལ་སྐོར་དྲ་ཚིགས་ཆེད་མངགས་འཛུགས་དགོས་པ་དང་ཕྱོགས་མཚུངས་སྐད་རིགས་མང་བའི་དྲ་ཤོག་བཟོས་ཏེ་རྒྱལ་ཁབ་མི་འདྲ་བའི་ཡུལ་སྐོར་བའི་དགོས་མཁོ་སྐོང་དགོས་པ་དང་།
གཉིས་པ། ཡུལ་སྐོར་ཆ་འཕྲིན་གྱི་ཞབས་ཞུ་ལྟེ་གནས་འཛུགས་དགོས་པ།
གསུམ་པ། འགྲིམ་འགྲུལ་གྱི་འགག་མདོ་གལ་ཆེན་དང་མི་མང་བསྡུ་འགྲེམས་ཁུལ་དུ་ཡུལ་སྐོར་ཆ་འཕྲིན་གྱི་འདྲི་རྩད་མ་ལག་འཛུགས་དགོས་པ།
བཞི་པ། ཡུལ་སྐོར་ཆ་འཕྲིན་ཞབས་ཞུའི་ལག་དེབ་བཟོས་ནས་དེ་སྣ་མང་ཅན་དང་བརྗོད་དོན་གཙོ་བོར་རིམ་གྱིས་སྒྱུར་བ་བཅས་བྱེད་དགོས།