ཤིན་ཧྭ་གསར་འགྱུར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་རྩྭ་ཧྲེང་གྲོང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོའི་ཁྲོད་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང “དམ་འཛིན་བདུན་དང་ཤུགས་སྣོན་བདུན ”གྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བས་གྲོང་ཚོ་དེ་ཡོངས་ཀྱི་གོང་འོག་ཚང་མར་ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་དམ་འཛིན་གྱིས་འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེ་རུ་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱེད་པ་དང་ཞིང་འབྲོག་པ་སྐུལ་སློང་གིས་མ་དངུལ་གྲབས་གསོག་དང་ངལ་རྩོལ་ནང་ཞུགས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། མ་དངུལ་སྒོར་ཁྲི་ 211.98 སྔ་རྗེས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྤྱད་དེ་གྲོང་ཚོའི་དབར་གྱི་ཨར་འདམ་ལམ་ 3 བསྐྲུན་པས་གྲོང་ཚོའི་དབར་གྱི་འགྲོ་ལམ་ཆ་ཚང་ཨར་འདམ་ལམ་དུ་འགྱུར་བ་དང་། ཆུ་ཡུར་2 གསར་དུ་བསྐྲུན་པས་ས་ཞིང་ལ་ཕན་པ་ཐོབ་ཁྱོན་མུའུ་1200 མང་དུ་ཕྱིན་པ། ཆུ་འཐེན་ས་ཚིགས་ 1 དང་སྤྱིའི་རིང་ཚད་སྤྱི་ཁྲེ་ 226 ཟིན་པའི་ལེ་ལག་ཚང་བའི་ཆུ་གཤོངས་ཡུར་བུ་གསར་སྐྲུན་བྱས་ཡོད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་དམ་འཛིན་གྱིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། སེང་གེ་ཁ་འབབ་རྒྱུག་ཁུལ་རྒྱ་ཆེ་བའི་ལེགས་ཆ་སྤྱད་དེ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལས་རིགས་འཕེལ་རྒྱས་བཏང་བ་དང་། 2009 ལོར་གྲོང་ཚོ་དེ་ཡོངས་ཀྱིས་གཟན་རྩྭ་རྒྱ་ཁྱོན་མུའུ་ཁྲི་ 1.03 འདེབས་འཛུགས་བྱས་པར་ལོར་གཟན་རྩྭ་རྩེ་གྲ་ཏུན་100 ཐོན་ནས་རྩྭ་མདའ་རྫོང་གི་གཟན་རྩྭ་རྩེ་གྲ་ཐོན་སྐྱེད་ཀྱི་རྟེན་གཞི་གཙོ་བོར་གྱུར་ཡོད། ངལ་ལས་དཔལ་འབྱོར་ལ་བརྟེན་ནས་ཡོང་འབབ་གཏོད་པ་དང་། གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་པ་ 100 ལྷག་ཙམ་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་མཐུན་ཚོགས་ནང་ཞུགས་ཤིང་། མིག་སྔའི་བར་ངལ་ནུས་ཕྱིར་གཏོང་མི་སྣ་རེར་ཆ་སྙོམས་ཡོང་འབབ་སྒོར་1251 འཕར་ཡོད།
ཚན་རྩལ་གསོ་སྦྱོང་འདུ་འགོད་ལ་དམ་འཛིན་གྱིས་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཚོས་ཚན་རྩལ་གསོ་སྦྱོང་འདུ་འགོད་གང་མགྱོགས་འཛུགས་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས་ལོ་ལྟར་ཚན་རྩལ་དཔེ་སྟོན་དུད་ཚང་ 3 འཛུགས་རྒྱུ་མཐའ་འཁྱོངས་བྱས་ཡོད། རྫོང་ནས་ཚན་རྩལ་ཁྱབ་གདལ་པ་གདན་དྲངས་ནས་གྲོང་ཚོ་དེ་ཡོངས་ཀྱི་གསོ་ཚགས་དུད་ཚང་ཆེ་མོར་ཚན་རིག་དང་མཐུན་པའི་སྒོ་ནས་ཕག་པ་གསོ་བ་དང་། དྲོད་ཁང་ཆེ་མོར་བརྟེན་ནས་བྱ་དེ་གསོ་བ། བཞོན་མའི་རྒྱུད་པ་ལེགས་བཅོས་སོགས་ཀྱི་ལག་རྩལ་གསར་ཤོས་བརྒྱུད་ཁྲིད་བྱས་ཡོད།
བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་དམ་འཛིན་གྱིས་ཡུལ་སྲོལ་བཟང་པོ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མ་དངུལ་སྒོར་ཁྲི་25 བཏང་སྟེ་ཏང་ཡོན་ལས་བྱེད་པའི་བྱེད་སྒོ་ཁང་དང་། “ཞིང་པའི་དཔེ་དེབ་ཁང ”གྲོང་མིའི་བྱེད་སྒོ་ལྟེ་གནས། ལུས་སྦྱོང་ཁང་སོགས་བཙུགས་ཡོད། ཞིང་དལ་དང་སྲོལ་རྒྱུན་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་ནས་གྲོང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།
གྲོང་ཚོའི་རྣམ་པ་བཅོས་སྐྱོང་བྱ་རྒྱུར་དམ་འཛིན་གྱིས་ལྟ་ན་སྡུག་པའི་གྲོང་ཚོ་ཞིག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། རྩྭ་ཧྲེང་གྲོང་ཚོས་གྲོང་ཚོ་བཀོད་གཙང་ལ་བཅོས་སྒྲིག་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གད་སྙིགས་བཤོ་ས་བསྐྲུན་པ་དང་མ་དངུལ་སྒོར་ཁྲི་ 1.3 བཏང་སྟེ་གད་སྙིགས་དབོར་འདྲེན་བྱེད་པའི་རླངས་འཁོར་ཉོས་ནས་དུས་ཚོད་ངེས་གཏན་གྱིས་དུད་ཚང་གི་སྒོ་འགྲམ་དུ་གད་སྙིགས་བསྡུ་བར་ཡོང་སྟེ་གཅིག་སྡུད་ཐོག་བཤོ་གི་ཡོད།
གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་དོན་དོ་དམ་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། “བདག་གཉེར་དམངས་གཙོའི ”བླང་བྱ་གཞིར་བཟུང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་གིས་ཐབས་ཇུས་གཏན་འབེབས་དང་གཞུང་དོན་གྲོས་མོལ་དང་། གྲོང་སྲོལ་དམངས་ཆིངས། གྲོང་དོན་ཡོངས་བསྒྲགས་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། “བྱ་བ་གཅིག་ལ་གྲོས་མོལ་རེ་བྱེད་པའི ”མ་དངུལ་གྲབས་གསོག་དང་ངལ་ཞུགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དམངས་གཙོར་བརྟེན་ནས་གཞུང་དོན་གྲོས་མོལ་བྱེད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཏང་ཡོན་དང་གྲོང་མི་མང་ཚོགས་ཀྱི་ཐེ་ཞུགས་བྱེད་དབང་དང་གནས་ཚུལ་ཤེས་རྟོགས་བྱེད་དབང་འགན་ལེན་བྱས་ཡོད། གྲོང་གསེབ་ཀྱི་ཏང་ཡོན་གྱིས་དམངས་གཙོའི་ངང་དཔྱད་མོལ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་སྔོན་བརྩོན་ལེགས་གཏོད་བྱེད་པའི་ཏང་ཡོན་གྱི་སེམས་ཤུགས་འཕེལ་བར་བྱས་ཡོད།
བརྟན་ལྷིང་གི་སྟེགས་བུ་བསྐྲུན་རྒྱུར་དམ་འཛིན་གྱིས་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། རྩྭ་ཧྲེང་གྲོང་ཚོས་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་དང་ཟུང་འབྲེལ་གྱིས “དུས་བདེའི་གྲོང་ཚོ ”ཧུར་ཐག་གཏོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཡོད། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་དང་བཀོད་སྒྲིག་འོག་ཞེ་རེན་གྲོང་ཚོའི་ལས་བྱེད་པའི་མཐུན་ཚོགས་བཙུགས་པ་དང་དེར་ཁྱོན་ཚོགས་མི་ 11 ཡོད་པ་དང་མིག་སྔར་དཔུང་ཁག་དེ་རྩྭ་ཧྲེང་གྲོང་ཚོའི་འགལ་བ་དང་རྩོད་གཞི་སེལ་བ་དང་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།