དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྒྲིག་གཞི་ལུགས་མཐུན་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་དང་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་བདུན་པའི་རེ་འདུན་དང་ས་གནས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་འཆར་ལ་གཞིགས་ཏེ་རང་ལྗོངས་ཀྱིས་སྲིད་གཞུང་སྒྲིག་གཞི་སྒྱུར་བཅོས་ལས་ཀར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། མིག་སྔར་རང་སྐྱོང་ལྗོངས་སྲིད་གཞུང་གི་སྡེ་ཚན་གྱི་འགན་འཁྲི་གཙོ་བོ་གཏན་འཁེལ་དང་། ནང་འཛུགས་སྒྲིག་གཞི་གཏན་འཁེལ། མི་སྣའི་སྒྲིག་ཁོངས་གཏན་འཁེལ་བཅས་ཀྱི་གཏན་འབེབས་པར་བརྒྱབ་ནས་བཀྲམས་པ་དང་ས་ཁུལ (གྲོང་ཁྱེར )དང་སྲིད་འཛིན་ཀུང་ཧྲུའུ (སྲིད་གཞུང )ཁག་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་གཏན་འཁེལ་ཟིན་ནས་ལག་ལེན་བསྟར་བཞིན་ཡོད་པ་རེད།

        རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ད་རེས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་རིང་ཀྲུང་དབྱང་གིས་ཆོག་མཆན་གནང་བའི་རང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་དང་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ་དང་ཞབས་ཞུའི་སྲིད་གཞུང་དང་། འགན་འཁུར་བའི་སྲིད་གཞུང་། ཁྲིམས་སྐྱོང་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་འཛུགས་སྐྱོང་བྱ་རྒྱུའི་རེ་བ་ལྟར་གཙོ་བོར་འགན་ནུས་འགྱུར་བ་དང་། འབྲེལ་བ་ལེགས་སྒྲིག གྲུབ་ཆ་བཟང་སྒྲིག ཕན་ནུས་མཐོར་གཏོང་བཅས་བྱེད་པ་དང་དབང་ཆ་དང་འགན་འཁྲི་གཅིག་གྱུར་དང་། ལས་བགོས་ལུགས་མཐུན། ཐབས་ཇུས་ཚན་རིག་ལྡན་པ། འཁོན་ཐོགས་མེད་པར་ལག་བསྟར་ཐུབ་པ། ལྟ་སྐུལ་ནུས་པ་ལྡན་པ་བཅས་ཀྱི་སྲིད་འཛིན་དོ་དམ་གྱི་སྒྲིག་སྲོལ་ཞིག་བཙུགས་ནས་རང་ལྗོངས་ཀྱི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལས་ཀ་བདེ་བླག་ངང་བྱེད་ཐུབ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

        སྒྲིག་གཞི་ལུགས་མཐུན་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་གྱུར། རང་སྐྱོང་ལྗོངས་སྲིད་གཞུང་སྡེ་ཚན་གྱི “གཏན་འཁེལ་གསུམ ”གྱི་གཏན་འབེབས་བཟོས་པ་དེ་ལས་རང་སྐྱོང་ལྗོངས་སྲིད་གཞུང་གི་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་འཐུས་ཚང་ཡོང་བ་དང་སྲིད་གཞུང་གི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེ་ཙམ་ཐོན་རྒྱུ་ངེས་ཅན་རེད།

        ད་ལོའི་ཟླ་4ཚེས་7ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ཚོགས་འདུ་འཚོགས་ཚུན་རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་གཞུང་དོན་ཁང་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་བཀོད་སྒྲིག་ལྟར་སྟོབས་ཤུགས་མྱུར་དུ་སྒྲིག་འཛུགས་བྱས་པ་དང་ལས་དུས་འཕར་མ་བརྒྱབ་སྟེ “གཏན་འཁེལ་གསུམ ”གྱི་ཞིབ་དཔྱད་ལས་ཀ་བྱས་པ་རེད།

        སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རེ་འདུན་ལྟར་ཁྱོན་ཡོངས་ལ་དམིགས་ཏེ་སྒྱུར་བཅོས་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཤིང་། སྡེ་ཚན་42ཀྱི “གཏན་འཁེལ་གསུམ ”གྱི་གཏན་འབེབས (ཇུས་གཞི )ཀྱི་འཆར་ཟིན་ཚང་མ་སྡེ་ཚན་ཁག་གིས་ཞིབ་འཇུག་ནན་ཏན་བྱེད་པ་དང་། གྲོས་མོལ་ཡང་ཡང་བྱེད་པ། ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱེད་པ། བཟོ་བཅོས་ཐེངས་མང་རྒྱག་པ་བཅས་བྱས་ནས་གྲུབ་པ་ཞིག་རེད།

        སྡེ་ཚན་གྱི “གཏན་འཁེལ་གསུམ ”གྱི་གཏན་འབེབས (ཇུས་གཞི )ཀྱི་ནང་གཙོ་བོར་འགན་འཁྲི་གཙོ་བོ་དང་། ནང་འཛུགས་སྒྲིག་གཞི། མི་སྣའི་སྒྲིག་ཁོངས། བྱ་བ་གཞན་དག་སོགས་ཀྱི་ནང་དོན་ཚུད་ཡོད། གསར་དུ་འཛུགས་པའམ་ལེགས་སྒྲིག་བྱས་ནས་རིམ་པ་སྤོར་བའི་སྡེ་ཚན་གྱི་ངོས་ནས་བཤད་ན “གཏན་འཁེལ་གསུམ ”གྱི་ལས་ཀའི་གཙོ་གནད་ནི་ཀྲུང་དབྱང་གིས་ཆོག་མཆན་གནང་བའི་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་སྒྲིག་གཞི་ལེགས་སྒྲིག་ཇུས་གཞི་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་རེད། འགན་འཁྲི་དང་སྒྲིག་གཞིར་ལེགས་སྒྲིག་ཆེ་ཙམ་བྱས་མེད་པའི་སྡེ་ཚན་གྱི་ངོས་ནས་བཤད་ན་གཙོ་བོ་ནི་དུས་བབ་དང་ལས་འགན་གྱི་འགྱུར་བ་དང་ད་རེས་ཀྱི་སྒྱུར་བཅོས་ཀྱི་རེ་འདུན་ལ་གཞིགས་ཏེ་དེ་སྔའི “གཏན་འཁེལ་གསུམ ”གྱི་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་ཡོང་བ་བྱེད་དགོས་པ་དེ་རེད། ཕྱོགས་ཁག་གིས་ཐུན་མོང་ཐོག་རོགས་ལས་དང་འབད་བརྩོན་བྱས་པ་བརྒྱུད་ད་རེས་ཀྱི “གཏན་འཁེལ་གསུམ ”ནང་གཙོ་བོར་གཤམ་གསལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

        འགན་ནུས་བསྒྱུར་རྒྱུར་གཙོ་གནད་དུ་སྐུལ་མ་གཏོང་བ། འགན་ནུས་བསྒྱུར་རྒྱུ་ནི་ད་རེས་ཀྱི་སྒྱུར་བཅོས་ཀྱི་ལྟེ་བ་དེ་ཡིན། གསར་དུ་འཛུགས་པའམ་ལེགས་སྒྲིག་བྱས་ནས་རིམ་འཕར་བྱུང་བའི་སྡེ་ཚན་ཡིན་ནའང་འདྲ་ཡང་ན་སྒྲིག་གཞིར་ལེགས་སྒྲིག་བྱས་མེད་པའི་སྡེ་ཚན་ཡིན་ནའང་འདྲ་ཚང་མས་འགན་ནུས་བསྒྱུར་རྒྱུ་དེ་ད་རེས་ཀྱི “གཏན་འཁེལ་གསུམ ”གྱི་ལས་འགན་ཨང་དང་པོར་བརྩིས་ཏེ་སྡེ་ཚན་གྱི་ད་ཡོད་འགན་འཁྲིར་དབྱེ་ཞིབ་དང་གསེད་བཀྲོལ་བྱས་པའི་རྨང་གཞིའི་ཐོག་སྲིད་གཞུང་གིས་དོ་དམ་བྱེད་མི་དགོས་པའི་བྱ་བ་ཚང་མ་གཞན་སྤྲོད་བྱས་ཏེ་སྲིད་གཞུང་གིས་དོ་དམ་བྱེད་དགོས་པའི་བྱ་བའི་དབྱེ་མཚམས་གཏན་འཁེལ་གསལ་པོ་བྱེད་དགོས།

        “ཐ་དད་དུ་དབྱེ་བ་བཞི ”(སྲིད་འཛིན་དང་ཁེ་ལས་ཐ་དད་དུ་དབྱེ་བ་དང་། སྲིད་འཛིན་དང་བྱ་གཞག་སྡེ་ཚན་ཐ་དད་དུ་དབྱེ་བ། སྲིད་འཛིན་དང་གཞུང་ཁོངས་དངུལ་རྩའི་སྡེ་ཚན་ཐ་དད་དུ་དབྱེ་བ། སྲིད་གཞུང་དང་ཁྲོམ་རའི་བར་སྦྲེལ་རྩ་འཛུགས་ཐ་དད་དུ་དབྱེ་བ་བཅས )ཡི་རྩ་དོན་དང་ལམ་ལུགས་ཐད་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ལེགས་པ་འདོན་པ་དང་སྤྱི་ཚོགས་ཀྱི་སྤྱི་པའི་བྱ་བ་དོ་དམ་བྱེད་རིང་གི་སྤྱི་དམངས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ལེགས་པ་བཏོན་ནས་ཞིབ་ཕྲའི་དོ་དམ་བྱ་བ་སྔར་ལས་ཉུང་དུ་གཏོང་བ་དང་གཤམ་སྤྲོད་བྱེད་དགོས་པའི་རེ་འདུན་ལྟར་ད་རེས “གཏན་འཁེལ་གསུམ ”ནང་སྡེ་ཚན་42ཀྱིས་ཁྱོན་བསྡོམས་འགན་ནུས་ཁག་87མེད་པར་བཟོས་པ་དང་། གཤམ་སྤྲོད་བྱས་པ། གཞན་ལ་བསྒྱུར་ཡོད། གཙོ་བོར་བྱེ་བྲག་དོ་དམ་དང་། སྲིད་འཛིན་གྱི་ཞིབ་མཆན། ལྟ་བསྡུར་གཟེངས་བསྟོད་སོགས་བྱ་བ་ཁ་ཤས་མེད་པར་བཟོས་པ་དང་རིམ་པ་འོག་མའི་སྲིད་གཞུང་གིས་འགན་འཁུར་ཐུབ་པའི་བྱ་བ་ཡིན་ན་གཤམ་སྤྲོད་བྱེད་པ་དང་ལག་རྩལ་རང་བཞིན་དང་ཞིབ་ཕྲའི་ལས་ཀ་ཁ་ཤས་བྱ་གཞག་ཚན་པ་དང་ཡང་ན་སྤྱི་ཚོགས་ཀྱི་བར་སྦྲེལ་རྩ་འཛུགས་སོགས་ལ་སྤྲོད་ཆོག་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་སྤྱི་ཁོག་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གིས་དོ་དམ་བྱེད་དགོས་པའི་བྱ་བ་ཡིན་ཕྱིན་དངོས་འབྲེལ་དོ་དམ་ཡག་པོ་བྱེད་དགོས་པའི་རེ་འདུན་ལྟར་སྡེ་ཚན་42ཀྱིས་འགན་ནུས་ཁག་97འཕར་མ་བརྒྱབ་པ་དང་ཤུགས་སྣོན་བརྒྱབ་ཡོད (རྣམ་གྲངས་28འཕར་མ་བརྒྱབ་པ་དང་རྣམ་གྲངས་69ལ་ཤུགས་སྣོན་བརྒྱབ་པ )གཙོ་བོ་ནི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ལས་ཀའི་ཕྱོགས་བསྡུས་དོ་དམ་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བཟོ་ལས་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་གི་འགན་འཁྲི་ཆེ་རུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་བ། ལས་ཞུགས་དང་། ངལ་རྩོལ་ལྟ་ཞིབ། སྤྱི་ཚོགས་འགན་ལེན་བཅས་ལ་སྐུལ་མ་གཏོང་བའི་གཅིག་གྱུར་འཆར་འགོད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞི་གཅིག་གྱུར་ཐོག་འགོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྡོད་ཁང་འགན་ལེན་མ་ལག་འཛུགས་སྐྱོང་གི་འགན་འཁྲི་བཟོ་མགྱོགས་སུ་གཏོང་བ། སྲིད་གཞུང་གི་ཁྲིམས་ལུགས་དང་། སྲིད་ཇུས་ཞིབ་འཇུག ཡིག་འབུལ་ངོ་བཅར། མི་འབོར། འཆར་ལྡན་བུ་བཙའ་སོགས་ཀྱི་འགན་འཁྲི་སྔར་ལས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་འགན་འཁྲི་ཆེ་རུ་བཏང་སྟེ་བཟའ་བཅའ་དང་སྨན་རྫས་རིམ་དབྱེའི་དོ་དམ་ལམ་སྲོལ་ལག་ལེན་བསྟར་བ་བཅས་རེད།

        འགན་འཁྲིའི་འབྲེལ་བ་གཙོ་གནད་དུ་ལེགས་སྒྲིག་བྱེད་ཅིང་། ད་རེས “གཏན་འཁེལ་གསུམ ”ནང་སྡེ་ཚན་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དབར་མཐུན་སྦྱོར་དང་འབྲེལ་བ་ཐེངས་མང་བྱས་པ་བརྒྱུད་སྡེ་ཚན་གྱི་འགན་འཁྲི་སྔར་ལས་ཁ་གསལ་ཡོང་བ་བྱས་ཏེ་འགན་འཁྲི་འབྲེལ་འཛིངས་དང་འབྲེལ་བ་མཐུན་སྦྱོར་མེད་པའི་གནད་དོན་ཁག་55གཅིག་སྡུད་ཐོག་ཐག་གཅོད་དང་ལེགས་སྒྲིག་བྱས་ཡོད།

        གཅིག་ནི་འགན་འཁྲི་འབྲེལ་འཛིངས་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་པ་དང་།

        གཉིས་ནི་སྡེ་ཚན་མང་པོས་དོ་དམ་བྱེད་དགོས་ངེས་ཀྱི་བྱ་བ་ཡིན་ཕྱིན་སྣེ་ཁྲིད་སྡེ་ཚན་གསལ་པོ་བཟོས་པ།

        གསུམ་ནི་འབྲེལ་ཡོད་སྡེ་ཚན་དབར་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཏེ་ལས་ཀར་མཉམ་ཤུགས་ཆགས་པ་བྱས་པ།

        བཞི་ནི་གློག་ཤུགས་བཟོ་ལས་དང་། ཚོང་འགུག་མ་འདྲེན། ཤང་གྲོང་ཁེ་ལས་དོ་དམ་སོགས་མེད་པ་བཟོ་བའི་སྡེ་ཚན་གྱི་འགན་འཁྲི་མཉམ་སྒྲིག་བྱས་ནས་འབྲེལ་ཡོད་སྡེ་ཚན་ནང་འཇུག་རྒྱུ་ཁ་གསལ་ཡོང་བ་བྱས་པ་བཅས།

        སྡེ་ཚན་གྱི་འགན་འཁྲི་གཙོ་གནད་དུ་ཆེ་རུ་གཏོང་བཞིན་སྡེ་ཚན་གྱི་འགན་འཁྲི་ཁ་གསལ་ཡོང་བ་བྱས་པ་དང་ཆེ་རུ་གཏོང་བ་ནི་ད་རེས་ཀྱི “གཏན་འཁེལ་གསུམ ”ནང་གཙོ་གནད་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡིན་སྟབས་འབྲེལ་ཡོད་སྡེ་ཚན་གྱིས་ཁྱོན་བསྡོམས་འགན་འཁྲི་ཁག་45ཁ་གསལ་བཟོས་པ་དང་ཆེ་རུ་བཏང་ཡོད།

        “གཏན་འཁེལ་གསུམ ”གྱི་གཏན་འབེབས་བཟོས་པ་ནི་རང་ལྗོངས་སུ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་ལག་ལེན་བསྟར་བའི་ལྟེ་བའི་ལྷུ་ཚིགས་ཡིན་ལ་སྒྱུར་བཅོས་ཀྱི་གྲུབ་འབྲས་གཏན་དུ་གཏོང་བའི་ལྡོག་མེད་ཀྱི་རེ་འདུན་ཡང་རེད། “གཏན་འཁེལ་གསུམ ”བཟོས་པ་བརྒྱུད་དོ་དམ་བྱེད་རིང་གི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་གཅིག་སྡུད་ཐོག་ཐག་གཅོད་བྱས་ཏེ་སྒྱུར་བཅོས་ཀྱི་གཞི་རྩའི་རེ་འདུན་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྲིད་གཞུང་གི་འགན་ནུས་ལ་འཕེལ་རིམ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འབྲེལ་བ་ལེགས་སྒྲིག་བྱས་ཏེ་ཚད་བརྒལ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྡེ་ཚན་གྱི་འགན་འཁྲི་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་པ། སྒྲིག་གཞིའི་སྒྲིག་ཁོངས་ཚོད་འཛིན་ནུས་ལྡན་ཡོང་བ་བཅས་བྱ་རྒྱུ་དེར་སྲིད་གཞུང་གི་ལས་ཀའི་ཕན་ནུས་ཧྲིལ་པོ་ཆེ་རུ་གཏོང་བ་དང་ཞབས་ཞུའི་སྲིད་གཞུང་དང་། འགན་འཁུར་སྲིད་གཞུང་། ཁྲིམས་སྐྱོང་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་འཛུགས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།