དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཕྱོགས་མིའི་ཏང་ཡོན་ཚོས་དྭ་ཕྲུག་ཁང་དུ་དངུལ་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་མཚོན་པའི་གོས་དར་ཐོབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        སི་ཁྲོན་ཨན་གཡོད་རྫོང་མའོ་ཆ་གྲོང་རྡལ་གྱི་ཤའོ་ཧན་ནི་ཞིང་པ་འཁྲུལ་མེད་ཅིག་ཡིན། ལོ་30 ལ་སླེབས་ཙམ་གྱི་ཁོང་ཁྱིམ་དུ་ལྟོ་གོས་འཛོམས་ཙམ་གྱི་འཚོ་བ་བསྐྱལ་ནས་བསྡད་འདོད་མེད་པར་ལོ་གཉིས་ཀྱི་གོང་དུ་ཁོང་བོད་དུ་ཡོང་ནས་རང་ཉིད་ལ་བདག་པའི་འཚོ་བ་ཞིག་སྐྱེལ་དགོས་བསམ། འོན་ཀྱང་ལྷ་སར་སླེབས་མ་ཐག་མ་དངུལ་མེད་པ་དང་། སློབ་རྒྱུས་མེད་པ། རྩལ་ནུས་མི་ཤེས་པ་བཅས་ཀྱིས་ལས་ཀ་འཚོལ་བར་དཀའ་གནད་ཆེན་པོ་འཕྲད།

        ཤའོ་ཧན་སེམས་ཤུགས་ཆག་པའི་སྐབས་དེར་ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་གྱི་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའུ་ལྕགས་པོ་རིའི་ཚལ་ཁྲོམ་གྱི་ཀྲི་པུའི་ཧྲུའུ་ཅི་ཐུང་ཁྲའོ་ཤིས་ཤའོ་ཧན་གྱི་གནས་ཚུལ་ཤེས་རྗེས་ཆེད་མངགས་ཤའོ་ཧན་འཚོལ་བར་ཡོང་ནས་ཁོང་ལ་བྱ་གཞག་གསར་གཏོད་བྱ་ཆེད་མ་དངུལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་རང་འགུལ་ངང་བཤད་པ་དང་ད་དུང་ལྕགས་པོ་རིའི་ཚལ་ཁྲོམ་ནང་ཤའོ་ཧན་ལ་ཁྲོམ་སྟེགས་ཤིག་འཛུགས་རོགས་བྱས། ཐུང་ཧྲུའུ་ཅིའི་རོགས་སྐྱོར་འོག་ཤའོ་ཧན་གང་མགྱོགས་ལས་ཀ་བྱ་རྒྱུ་ཡོད་པ་མ་ཟད་ཡོང་འབབ་ཀྱང་ངེས་ཅན་ཞིག་ཡོད།

        ཕ་ཡུལ་ཙེ་དབྱང་ནས་ཡིན་པའི་བོད་དུ་ལས་ཀ་བྱེད་མཁན་དང་ཚོང་པ་ཁྱོན་ཁྲི་6 ལྷག་ཙམ་ཡོད་པ་དེའི་ནང་ལྷ་སར་ལས་ཀ་བྱེད་མཁན་དང་ཚོང་རྒྱག་མཁན་ཁྲི་2 ལྷག་ཙམ་ཡོད། ཤའོ་ཧན་དང་འདྲ་བར་ཏང་རྩ་འཛུགས་ཀྱི་རོགས་སྐྱོར་འོག་ལས་ཀ་རག་པའི་ཙེ་དབྱང་གི་ཞིང་པ་ལས་མི་ད་དུང་ཧ་ཅང་མང་པོ་ཡོད། འཐབ་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་མིར་མི་སྤྱོད་ཚན་པ་འོས་འཚམས་ཤིག་ངོ་སྤྲོད་བྱེད་པ་དང་བྱ་གཞག་གསར་གཏོད་བྱེད་བསམ་མཁན་ལ་འབྲེལ་ཟམ་ཞིག་འཛུགས་ཆེད་རོགས་སྐྱོར་བྱ་རྒྱུ་ནི་ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའི་ལས་ཀ་གཙོ་བོ་ཞིག་ཡིན། ལོ་དེ་དག་རིང་ཕྱོགས་མིའི་ཏང་ཀྲི་པུས་ལས་མིར་ལས་ཀ་ངོ་སྤྲོད་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་དང་ཏང་རྩ་འཛུགས་ཀྱི “ཁྱིམ་ལྟ་བུའི ”དྲོ་སྐྱིད་ལའང་ཙེ་དབྱང་ནས་བོད་དུ་ལས་ཀ་བྱེད་པར་ཡོང་མཁན་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད། ལུང་ཐའེ་གྲོང་རྡལ་གྱི་ཀྲོའུ་ཁའེ་ཤུས་ནི་ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའི་བཤས་རའི་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་། ཁོང་བོད་དུ་ཚོང་བརྒྱབ་ནས་ལོ་མང་སོང་བ་དང་བོད་དུ་ལས་ཀ་བྱེད་པར་ཡོང་མཁན་ཕ་ཡུལ་གཅིག་པ་བ་10ལ་སྔ་རྗེས་སུ་ལས་ཀ་བཙལ་རོགས་བྱས་ཡོད། ཁོང་གིས་གསར་འགོད་པར་ཞིང་པ་ལས་མིར་ཡོན་ཏན་མེད་པ་དང་རྩལ་ནུས་མེད་པས་ལས་ཀ་འཚོལ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ང་ཚོའི་ཀྲི་པུའུ་དང་སྤྱི་ཁྱབ་ཏང་ཀྲི་པུས་སླད་ཕྱིན་བོད་དུ་ལས་ཀ་བྱེད་པར་ཡོང་མཁན་ཙེ་དབྱང་བར་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་འབྲེལ་ཟམ་ཧུར་ཐག་བཙུགས་ནས་ཁོང་ཚོར་ལས་ཞུགས་ཐག་གཅོད་སྔར་བས་ཡག་པ་བྱེད་རོགས་བྱ་རྩིས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།