དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཕ་ཡུལ་ནས་ཁ་བྲལ་ཡང་ཏང་དང་ཁ་མི་འབྲལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2006 ལོའི་ཟླ་ 3 པར་སི་ཁྲོན་ཞིང་ཆེན་ཙེ་དབྱང་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་ཐུན་མོང་རོགས་སྐྱོར་དང་མཛུབ་ཁྲིད་འོག་ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་གྱི་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའུ་ལྷ་སར་བཙུགས་པ་དང་ཙེ་དབྱང་གྲོང་ཨུད་དང་དེ་བཞིན་ལྷ་ས་གྲོང་ཨུད་ཀྱིས་ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ཙེ་དབྱང་གི་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུར་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་ས་གནས་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་གྲོས་མོལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཡིས་སྤེལ་བའི་ལས་དོན་ཁག་ལ་རོགས་སྐྱོར་གང་ལེགས་བྱས་ཡོད། ལོ་3 ནང་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུས་ཕྱོགས་མིའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་ལས་བཀུར་ལས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། རང་འགུལ་ངང་ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་སྐྱོང་ནང་བཞུགས་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཙེ་དབྱང་གྲོང་ཁྱེར་ལྟར་ཕུའུ་ཅན་ཕུའུ་ཐན་དང་། སི་ཁྲོན་ཆུང་ལའེ། མའེ་ཧྲན་སོགས་ཀྱིས་ཀྱང་བོད་དུ་ཕྱོགས་མིའི་ཏང་ཀྲི་པུའུ་འམ་ཏང་ཡོན་གྱི་འབྲེལ་གཏུག་ས་ཚིགས་བཙུགས་ནས་དུས་བཀག་ཐོག་རྩ་འཛུགས་ཀྱི་འཚོ་བའི་བྱེད་སྒོ་སྤེལ་ཏེ་ཞིང་པ་ལས་མི་ཏང་ཡོན་ཕ་ཡུལ་ནས་ཁ་བྲལ་ཡང་ཏང་དང་ཁ་མི་བྲལ་བའི་འགན་ལེན་བྱས་ཡོད། ཕྱོགས་མིའི་ཏང་ཀྲི་པུའུ་ཡོད་པ་དེས་ཞིང་པ་ལས་མི་ཏང་ཡོན་ལ་ཡང “ཁྱིམ་ཚང ”ཡོད་པས་ཁོང་ཚོར་ཏང་ཀྲི་པུའི་ཐུགས་ཁུར་ཡོད་པ་མ་ཟད། རྟག་ཏུ་ཕ་ཡུལ་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱང་བྱེད་ཐུབ། མ་གཞི་ས་ཕྱོགས་གཞན་ནས་ཡིན་རུང་བོད་དུ་རྩ་འཛུགས་ཡོད་པས་ཁོང་ཚོ་ཕ་ཡུལ་དུ་ལས་ཀ་བྱེད་པ་དང་གཅིག་པ་ཡིན།

        ཡུལ་བབ་དང་བསྟུན་པ་དང་ཚན་རིག་ལ་བརྟེན་ནས་བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་ཕྱོགས་མིའི་ཏང་ཡོན་གྱིས་ལྷ་སར་ཁྱིམ་བཙུགས་ལས་གཉེར་བྱས་ཡོད། ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་གྱི་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུས་ས་ཁོངས་ཉེ་བ་དང་། ལས་རིགས་ཁོངས་སྒྲིལ། བྱེད་སྒོ་སྤེལ་བདེ་བ་དང་དོ་དམ་བྱེད་བདེ་བའི་རྩ་དོན་ལ་གཞིགས་ནས་བོད་དུ་ལས་མི་བྱེད་བཞིན་ཡོད་པའི་ཙེ་དབྱང་ཡིན་པའི་ལས་མི་ཏང་ཡོན་གྱིས་ཏང་ཀྲི་པུའུ་4 བཙུགས་པ་དང་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའུ་དང་དེ་བཞིན་དེའི་གཤམ་འོག་ཏུ་བཙུགས་པའི་ཏང་ཀྲི་པུའུ་4 ཡིས་དམངས་གཙོའི་འདེམས་བསྐོ་བྱས་པ་བརྒྱུད་ཀྲི་པུའུ་ཚན་ཁག་ཐོན་པ་དང་ས་གནས་ཁག་གི་ཕྱོགས་མིའི་ཏང་ཡོན་རྣམས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་ནས་འཚོ་གནས་ཐུབ་པ་མ་ཟད་བྱ་གཞག་གསར་གཏོད་ཀྱང་བྱས་ཡོད། དེ་དང་ཆབས་ཅིག་ད་དུང་ཕྱོགས་མིའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱིར་ལས་ཀ་བྱེད་པར་བསྐྱོད་མཁན་མི་སྣའི་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་རང་འགུལ་ངང་ཧུར་ཐག་སྒྲུབ་ཐུབ་པ་དང་ཕུལ་བྱུང་མི་སྣ་ཏང་རྩ་འཛུགས་ཀྱི་དཔུང་ཁག་ནང་དུས་ཐོག་ཏུ་བཅུག་ཡོད།

        ས་གནས་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་ཕྱོགས་མིའི་ཏང་ཀྲི་པུའུ་ཡི་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་དུས་ཐོག་ཏུ་བྱས་ཡོད། ལྷ་སར་བཅའ་སྡོད་ཙེ་དབྱང་གྲོང་ཁྱེར་གྱི་ཕྱོགས་མིའི་སྤྱི་ཁྱབ་ཏང་ཀྲི་པུའུ་བཙུགས་རྗེས་ཙེ་དབྱང་གྲོང་ཁྱེར་དང་ཨན་གཡོད་རྫོང་སོགས་ཀྱི་འགོ་ཁྲིད་གཙོ་བོས་བོད་དུ་ཐེངས་མང་བལྟ་བར་ཡོང་ནས་ས་གནས་ས་ཐོག་ཏུ་ཞིང་པ་ལས་མི་ཏང་ཡོན་གྱི་ལས་དོན་སྤེལ་ཚུལ་ལ་མཛུབ་ཁྲིད་བྱས་ཡོད། ཕྱིར་ལས་ཀ་བྱེད་པར་བསྐྱོད་མཁན་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ཐེངས་གཉིས་པར་ཪྙོག་དྲ་ཡོད་པའི་གནད་དོན་ལ་དམིགས་ནས་ཙེ་དབྱང་གྲོང་ཁྱེར་གྱིས་ལྷ་སའི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཕྱིར་ལས་ཀ་བྱེད་པར་བསྐྱོད་མཁན་མི་སྣ་གཅིག་སྡུད་ཁུལ་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ཐེངས་གཉིས་པའི་ཞབས་ཞུའི་ས་ཚིགས་བཙུགས་པ་དང་ལྷ་ས་གྲོང་ཨུད་རྩ་འཛུགས་པུས་ཀྱང་ལྷ་སར་བཅའ་སྡོད་ཕྱོགས་མིའི་ཏང་ཀྲི་པུའུ་ཁག་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་གཏུག་བྱ་ཡུལ་དུ་བརྩིས་ཏེ་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ཕྱོགས་མིའི་ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་འགན་ལེན་ཐུབ་པ་མ་ཟད་སླད་ཕྱིན་མཉམ་འབྲེལ་ཐོག་ཕྱོགས་མིའི་ཏང་ཀྲི་པུའུ་བཙུགས་ནས་ཕྱོགས་མིའི་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན།

        ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་དང་འཐབ་ནུས་ཀྱི་རྨང་གཞི་ཞིག་དང་ཏང་གི་སྲིད་སྐྱོང་གི་རྨང་གཞི་ཞིག་ཀྱང་ཡིན། ད་ཕན་ལོ་ཤས་རིང་རང་ལྗོངས་སུ་ཕྱི་ཕྱོགས་ནས་ཡོང་བའི་ཞིང་པ་ལས་མི་དཔུང་ཁག་འཕེལ་རྒྱས་འགྲོ་མགྱོགས་པ་དང་ཕྱོགས་མིའི་ཏང་ཀྲི་པུའུ་ཡི “ཐུན་མོང་ཐོག་འཛུགས་པ་དང་ཐུན་མོང་ཐོག་དོ་དམ ”བྱས་པ་བརྒྱུད་ཞིང་པ་ལས་མི་ཏང་ཡོན་ལ་གདོང་ལེན་དཔེ་བཟང་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་ཐུབ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ནས་ཞིང་པ་ལས་མི་དེ་བས་མང་བ་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་འཁོར་ཐུབ་པ་དང་མཐུན་སྒྲིལ་ཡོང་བ་བྱས་པས་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད།

        ཕྱོགས་མིའི་ཏང་ཡོན་ཞིག་གིས་ཞིང་པ་ལས་མི་ཁག་གཅིག་ལ་སྣེ་ཁྲིད་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།