དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“གྲོང་དྲུག་ མཉམ་གཏོད”ཀྱི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁུལ་གཏོད་པའི་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས “གྲོང་དྲུག་མཉམ་གཏོད ”ཀྱི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁུལ་གཏོད་པའི་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་པ་རེད།

        “གྲོང་དྲུག་མཉམ་གཏོད ”དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁུལ་གཏོད་རྒྱུ་ནི་དུས་ཡུན་རིང་ལ་ཪྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་དེའི་ལས་འགན་ཤིན་ཏུ་ལྕི་པོ་ཡོད། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་རྡོ་རྗེས་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་རང་རེའི་ཆུས་ཀྱི་སྲོལ་གཏོད་ཀྱི་ལས་ཀ་དེའི་རྨང་གཞི་སྐྱོ་བའི་ཁར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་ཁྱེར་དོ་དམ། གྲོང་ཁུལ་གྱི་རིག་གནས་སྒྲིག་བཀོད་བཅས་ཚང་མའི་ཆ་རྐྱེན་དེ་ཙམ་འཛོམས་པོ་མེད་པས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད་པ་དང་། ཁོང་གིས་ཤང་ཁག་དང་ཆུས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་། ངོས་འཛིན་མཐོ་རུ་གཏོང་བ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་གསལ་པོ་བཟོ་བ་བཅས་ཀྱི་ཁར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་ཆོད་སེམས་ཀྱི་ཐོག་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་འགག་སྒྲོལ་དཀའ་སེལ་གྱིས “གྲོང་དྲུག་མཉམ་གཏོད ”དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁུལ་གཏོད་པའི་རྒྱལ་ཁ་གསར་པ་ལེན་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།