དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞིས་རྩེ་གྲོང་ཁྱེར་གྱི་ཤང་དང་གྲོང་ཚོའི་ཏང་རྩ་འཛུཌ་200 ལྷག་ཙམ“རིམ་གསུམ་མཉམ་གཏོད”ཀྱི་ཚད་གཞི་ལོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཞིས་རྩེ་ས་ཁུལ་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། གཞིས་རྩེ་གྲོང་ཁྱེར་གྱི་ཉ་མོ་ཤང་སོགས་ཤང་དང་གྲོང་རྡལ (དོན་གཅོད་ཁང )45 ཡི་ཏང་ཨུད་དང་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྕང་ར་གྲོང་ཚོ་སོགས་གྲོང་ཚོ (གྲོང་ལྷན )157 གྱི་ཏང་ཀྲི་པུའུ་དེ་དག་གཞིས་རྩེ་ས་ཁུལ་གྱི “རིམ་གསུམ་མཉམ་གཏོད ”བྱེད་སྒོའི་ཚད་གཞི་ལོན་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་གི “རིམ་གསུམ་མཉམ་གཏོད ”བྱེད་སྒོར་སྔར་བས་སྐུལ་འདེད་གཏོང་ཆེད་2005 ལོ་ནས་བཟུང་གཞིས་རྩེས་ས་ཁུལ་དེ་ཡོངས་སུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་ལས་དོན་གྱི་དཔེ་སྟོན་བྱེད་སྒོ་ཐེངས་ 100 སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད། གཞིས་རྩེ་ས་ཁུལ་དུ་ལས་དོན་དེ་སྤེལ་ཚུན་རྫོང (གྲོང་ཁྱེར )ཨུད་ཁག་གིས་མཐོང་ཆེན་བྱས་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མངོན་ཡོད་དང་མངོན་མེད་འཛུགས་སྐྲུན་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།