དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས “ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཐུན་སྦྱོར་ལྡན་པའི་འཕེལ་རྒྱས། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས ”བཅས་ལས་ཀའི་བརྗོད་བྱ་གཙོ་བོར་བརྩིས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཟམ་མི་ཆད་པར་གསར་གཏོད་བྱས་ཐོག “བཟོ་ལས་ལ་བརྟེན་ནས་རྫོང་ཕྱུག་པོ་ཆགས་པ་དང་། རྣམ་གྲངས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། ཞིང་འབྲོག་ལ་བརྟེན་ནས་རྫོང་བརྟན་དུ་གཏོང་བ། འདུ་ཤེས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བ ”བཅས་ཀྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཡོད།

        འགོག་རྐྱེན་མེད་པ་བཟོས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ།

        འདི་ལོ་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རང་ངོས་ཀྱི་ས་བབ་ལེགས་ཆ་དང་། ཐོན་ཁུངས་ལེགས་ཆ། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་བཅས་ལ་གཞི་ཚུགས་ནས་བརྟག་ཞིབ་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པའི་རྨང་གཞིའི་ཐོག “གཙོ་སྣེ་གཅིག་མངོན་གསལ་དོད་པོ་བྱེད་པ ”(ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར )དང་། “སྟོབས་ཤུགས་གཉིས་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ ”(ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་ནང་ངོས་ཀྱི་སྟོབས་ཤུགས་འཕེལ་བ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ )ལག་བསྟར་བྱེད་པ། “རྨང་གཞི་ཆེན་པོ་གསུམ ”(རྨང་གཞིའི་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད་། རྨང་གཞིའི་ལས་ཀ་བཅས་གསུམ )བརྟན་དུ་གཏོང་བ། “ནུས་པ་རིགས་བཞི ”(ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་། ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་ནུས་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ནུས་པ། ཁྲིམས་ལུགས་ལྟར་སྲིད་སྐྱོང་གི་ནུས་པ་བཅས་གོང་མཐོར་གཏོང་དགོས་པ )གོང་མཐོར་གཏོང་བ། དཔལ་འབྱོར་ཁུལ་ལྔ་བསྐྲུན་པ་བཅས་ཀྱི “12345”ཡི་འཕེལ་རྒྱས་བསམ་ཕྱོགས་བཏོན་ཡོད།

        དངོས་ཤུགས་སྟོབས་ཆེར་བཏང་ནས་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ།

        ཟངས་རི་རྫོང་ལ་ཧང་སངས་དགོས་པའི་འཕེལ་རྒྱས་འདི་ལྟ་བུ་ཐོབ་པར་གལ་འགངས་ཆེ་ཤོས་ཤིག་ནི་ཟངས་རི་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བཟོ་ལས་མངོན་གསལ་དོད་པོས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཧྭ་ཤིན་ཨར་འདམ་བཟོ་གྲྭ་སྣེ་འདྲེན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷོ་ཁ་ས་ཁུལ་གྱི་འཛུགས་སྐྲུན་རྒྱུ་ཆའི་བཟོ་ལས་ལྡུམ་ཁུལ་འཛུགས་སྐྲུན་བྱས་པ་དེ་རེད།

        ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས་རྣམ་གྲངས་གཞིས་ཆགས་ཐད “བབ་ཚུགས་གཅིག་རྣམ་པའི ”ཞིབ་མཆན་དང “གཞི་གཅིག ”གི་ཞབས་ཞུ་ལག་བསྟར་བྱས་ཏེ་ལས་སྒྲུབ་ལས་ཕྱོད་གོང་མཐོར་གཏོང་གང་ཐུབ་བྱས་ཐོག་ཁེ་ལས་ཁག་ལ་དེ་བས་མང་བ་དང་དེ་བས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ་རྣམ་གྲངས “ནང་འདྲེན་ཐུབ་པ་དང་། གནས་ཐུབ་པ། ཡག་པོ་སྒྲུབ་ཐུབ་པ ”བཅས་ཀྱི་འགན་ལེན་བྱས་ཡོད།

        ཕྱི་ཕྱོགས་ནས་ཚོང་འགུག་མ་འདྲེན་བྱས་པ་བརྒྱུད་ཟངས་རི་རྫོང་གིས་ཧྭ་ཤིན་ཨར་འདམ་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཐན་ཡོན་ཉི་ནུས་གློག་ཤུགས་ཚད་ཡོད་ཀུང་སི། ཀྲི་ཁྲེང་གཏེར་ལས། ནུབ་རྒྱུད་ཡར་ཀླུང་གཙང་པོའི་གཏེར་ལས། ཧུང་ཧྥ་སོ་ཕག་བཟོ་གྲྭ་སོགས་ཁེ་ལས་གྲུབ་འབྲས་ཐོན་པའི་ངང་ནང་འདྲེན་བྱས་པར་སྤྱིའི་མ་འཇོག་སྒོར་ཁྲི་34090ལོན་པ་རེད།

        གསོན་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་གཏོད་བྱེད་པ།

        ཟངས་རི་རྫོང་གིས “ཀྲི་པུའུ་དང་མཐུན་ཚོགས་ཟུང་འབྲེལ ”གྱི་འཕེལ་རྒྱས་དཔེ་དབྱིབས་འཛུགས་རྒྱུ་ཧུར་ཐག་ངང་འཚོལ་ཞིབ་བྱས་པས་གྲོང་གསེབ་གསར་པའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། ཟངས་རི་རྫོང་རོང་ཤང་ལོ་མ་གྲོང་ཚོའི་གངས་ལྗོངས་བོད་ཕག་རྟགས་ཅན་གྱི་བོད་ཕག་གསོ་སྤེལ་རྟེན་གཞི་ནི་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ་སྤུས་རྟགས་ཐོ་འགོད་བྱས་པ་ཞིག་ཡིན་པ་དང་། རྩེད་ཐང་དང་ལྷ་སའི་ཨར་ཁང་དང་མགྲོན་ཁང་ཆེན་མོ་ཁག་དང་འབྲེལ་གཏུག་ཧུར་ཐག་བྱས་ཐོག་དུས་ཡུན་རིང་ལ་བརྟན་པའི་མཁོ་འཚོང་འབྲེལ་བ་ཞིག་བཙུགས་ཡོད།

        ཟངས་རི་གྲོང་རྡལ་ནུབ་མཁར་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་མཐུན་ཚོགས་ཀྱི་འགན་འཁུར་བ་ནོར་བུས། ནུབ་མཁར་གྲོང་ཚོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ནི་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་དང་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་གྲུབ་པའི་སྔོ་ཚལ་འདེབས་འཛུགས་མཐུན་ཚོགས་ཀྱིས་བཙུགས་པ་ཞིག་རེད་ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།