དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཕྱུག་འགྱུར་ལམ་བུའི་ཐོག་གི་སྲ་ཞིང་བརྟན་པའི་མཁར་རྫོང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ད་ཕན་ལོ་ཤས་རིང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གི་འགོ་ཁྲིད་འོག་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོའི་ཏང་ཀྲི་པུས་ཞིང་འབྲོག་མང་ཚོགས་ཁྲིད་སྟོན་དང་སྣེ་ཁྲིད་ཧུར་ཐག་བྱས་ནས་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་དང་། འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག སྣོད་བཅུད་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལམ་བུའི་ཐོག་འབད་འབུངས་ལྷོད་མེད་བྱེད་བཞིན་ཡོད་པ་དང་འབྲེལ་གང་སར་སྐད་གྲགས་ཆོད་པའི “རྒུ་གྲོང་ཚོའི་ངོ་མཚར ”བཏོད་ཡོད། རྒུ་གྲོང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཐད་ལའང་དུས་ཐུང་ལོ་གཉིས་རིང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 2008ལོར་རྒུ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་བརྒྱུད་ཡོང་འབབ་ཀྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4123ཟིན་པ་དང་དངུལ་སྨར་ཡོང་འབབ་སྒོར་3107བྱུང་ཡོད།

        ཀྲི་པུའུ་ཧྲུའུ་ཅི་ཡག་པོ་ནི་མང་ཚོགས་སྣེ་ཁྲིད་ཀྱིས་ཕྱུག་འགྱུར་བྱེད་པའི་འགག་རྩ་ཡིན།

        2002ལོར་རྒུ་གྲོང་ཚོའི་གྲོང་མིའི་ཡིད་ཆེས་དང་རེ་སྒུག་ཁྲོད་གྲོང་ཚོ་ཨུ་ལྷན་གྱི་དམངས་གཙོའི་འདེམས་བསྐོ་བརྒྱུད་ཏན་ཏིག་ནན་ཏན་དང་སྤྱང་གྲུང་ལྡན་ལ་འཇོན་ཐང་ཆེ་བའི་བཀྲ་ཤིས་ཚེ་རིང་རྒུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད། དེར་བརྟེན་གྲོང་མི་དཀྱུས་མ་ཞིག་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་འགྱུར་བ་དེ་ནི་བཀྲ་ཤིས་ཚེ་རིང་ལ་གྲོང་མིའི་ཡིད་ཆེས་དང་གཟི་བརྗིད་ཐོབ་པ་མ་ཟད། འགན་འཁྲི་དང་གནོན་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད།

        གྲོང་ཚོའི་ཏང་ཀྲི་པུའུ་ཚན་ཁག་གི་འབད་བརྩོན་འོག་2004ལོར་རྒུ་གྲོང་ཚོའི་གྲོང་ཚོ་ཡོངས་ཀྱིས་མ་རྨོས་ལོ་ཏོག་མུའུ་50ལྷག་ཙམ་བཏབ་པ་དང་སྒོག་པ་མུའུ་5བཏབ་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དེ་སྔའི་གྲོ་དང་ནས་འདེབས་པའི་གོམ་གཤིས་ལ་འགྱུར་ལྡོག་བྱུང་བ་དང་ལོ་དེ་རང་ལ་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་སྒོར་ཁྲི་9.5འཕར་སྣོན་བྱུང་ཡོད།

        ད་ཆ་ཕྱུག་པོར་གྱུར་བའི་རྒུ་གྲོང་ཚོའི་མང་ཚོགས་ལ་འཆར་གཞི་གསར་པ་ཞིག་ཡོད་པ་སྟེ། 2009ལོར་དུད་ཚང་ལྷག་མ་གཉིས་ཀྱི་བདེ་སྡོད་ཁང་གསར་འཛུགས་སྐྲུན་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ད་དུང་རྒུ་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཟོས་ཡོད། 2012ལོར་སླེབས་སྐབས་གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7920མངོན་འགྱུར་བྱ་རྒྱུའི་ནང་དངུལ་སྨར་ཡོང་འབབ་སྒོར་6122ཟིན་པ་བྱ་རྒྱུ་རེད།

        ཀྲི་པུའུ་ཡག་པོ་ནི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགན་ལེན་ཞིག་ཡིན།

        བཀྲ་ཤིས་ཚེ་རིང་དང་ཀྲི་པུའི་ཚན་ཁག་གཅིག་གི་མིས་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཁྲོད་སྤྱོད་གོ་ཆོད་པ་དང “རྒུ་གྲོང་ཚོའི་ཁྱད་ཆོས ”ལྡན་པའི་བསམ་ཕྱོགས་གསར་པ་རིམ་བཞིན་འཚོལ་ཞིབ་ཐུབ་ཡོད།

        ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། “གསོ་སྐྱོང་གསུམ ”མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་བསྣན་ཡོད། 2008ལོར་རྒུ་གྲོང་ཚོས་ཏང་ཡོན་7འཕེལ་རྒྱས་བཏང་བ་དང་། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་4གསོ་སྐྱོང་བྱས་པ། ཕྱུག་འགྱུར་འཇོན་ཐང་ཅན་2ཏང་ཡོན་ནང་བཅུག་པ། ན་གཞོན་ཏང་ཡོན་ལས་བྱེད་པ་2གྲོང་ཚོའི་ལས་བྱེད་པར་བདམས་པ། སྐོར་སྐྱོད་ཏང་སློབ་ཀྱི་སློབ་སྦྱོང་ས་ཚིགས་ཀྱིས་ཏང་ཡོན་མི་ཐེངས་161གསོ་སྦྱོང་བཅས་བྱས་པས་གཞི་རིམ་ཏང་ཡོན་དཔུང་ཁག་གི་བྱང་ཚད་ཧྲིལ་པོ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

        “གཉེན་ཆས་དང་མཁྲེགས་ཆས ”འཛུགས་སྐྱོང་གཉིས་དམ་འཛིན་ཡག་པོ་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ཞིང་། ཕྱོགས་གཅིག་ནས་གྲོང་ཚོ་རིམ་པའི་ཚན་ཁག་གི་ཁོངས་མི་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་ན་གཞོན་དང་འཇོན་ཐང་ལྡན་པ་དང་། གསར་འབྱེད་ཀྱི་སྙིང་སྟོབས་ལྡན་པ། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་ཙམ་ལྡན་པ། རིག་གནས་ཀྱི་རྨང་གཞི་ངེས་ཅན་ལྡན་པ་བཅས་ཀྱི་གྲོང་གསེབ་ཏང་ཡོན་གྲོང་ཚོའི་ལས་བྱེད་པར་གསོ་སྐྱོང་བྱས་ཏེ། གྲོང་ཚོའི་ལས་བྱེད་པའི་བྱང་ཚད་མཐོ་རུ་བཏང་ནས་གཞི་རིམ་རྩ་འཛུགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་བ་དང་དུས་མཚུངས། གཞུང་ལས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམ་འཛིན་ཧུར་ཐག་བྱས་ཁར་མ་དངུལ་སྒོར་ཁྲི་40ལྷག་ཙམ་གྲབས་གསོག་བྱས་ནས་རྒུ་གྲོང་ཚོར་བྱེད་སྒོ་སྤེལ་ས་གསར་བསྐྲུན་བྱས་པ་དང་འབྲེལ་སྒྲོག་ཙེ་སོགས་གཞུང་ལས་སྒྲིག་ཆས་བཀོད་སྒྲིག་བྱས་པར་བརྟེན་གཞུང་ལས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་གྲོང་ཚོའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱུང་ནས་མང་ཚོགས་ཀྱི་རོལ་རྩེད་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་འཐབ་ས་མཁོ་འདོན་བྱས་ཡོད།

        མང་ཚོགས་ནི་གཞི་རིམ་ལས་དོན་གྱི་ལྟེ་བ་ཡིན།

        བཀྲ་ཤིས་ཚེ་རིང་གིས་རྒྱུན་དུ “ང་ནི་ཏང་ཡོན་ཞིག་ཡིན་པས། མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱ་རྒྱུ་ནི་ངའི་འོས་འགན་ཡིན ”ཞེས་ཤོད་ཀྱི་ཡོད་ལ། ཁོང་དང་ཀྲི་པུའུ་ཡི་ཏང་ཡོན་ཚོས་ཀྱང་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་ཀྱི་ཡོད།

        ད་ཕན་ལོ་ཤས་རིང་རྒུ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་དམངས་ཆེད་ཞབས་ཞུའི་བྱེད་སྒོ་ཐེངས་མང་སྤེལ་བས། རྒྱ་ཆེའི་ཏང་ཡོན་ཚོས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་དུས་མཚུངས། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཁར་ཏང་རྩ་འཛུགས་ཀྱི་དབང་གྲགས་དང་འབོད་སྐུལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་སྟེ་རྒུ་གྲོང་ཚོའི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

        “ཏང་ཡོན་ནི་གློག་སྒྲོན་གཅིག་དང་ཀྲི་པུའུ་ནི་དར་ཆ་ཞིག་ཡིན ”རྒུ་གྲོང་ཚོའི་ཏང་ཀྲི་པུའུ་ལོ་དྲུག་བསྟུད་མར་སྤོ་བོ་རྫོང་གིས་སྔོན་ཐོན་གཞི་རིམ་ཏང་ཀྲི་པུའུ་ལ་བདམས་པ་དང་བློ་མཐུན་བཀྲ་ཤིས་ཚེ་རིང་ཡང་ལོ་དྲུག་བསྟུད་མར་སྔོན་ཐོན་ཏང་དོན་ལས་དོན་པར་བདམས་ཡོད། དེང་གི་རྒུ་གྲོང་ཚོའི་གྲོང་མི་རྣམས་བདེ་སྡོད་ལས་བརྩོན་དང་ཡངས་པའི་ཕྱུག་འགྱུར་གྱི་འགྲོ་ལམ་ཐོག་བསྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།