དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷུན་གྲུབ་རྫོང་གིས་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་ཏང་ཨུད་ཀྱིས་ཤང་དང་གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་སྟེ། གྲོང་ཚོའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་པ་དང་དུས་མཚུངས། བསམ་བློའི་ལས་ཀ་ཞིབ་ཚགས་དང་གཏིང་ཟབ་བྱས་པ་བརྒྱུད་ཏང་ནང་ཞུགས་རྒྱུའི་ཆ་རྐྱེན་འཛོམས་པའི་དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མི་དང་། 2008ལོའི་སློབ་ཐོན་སློབ་མ། ཕྱུག་འགྱུར་འཇོན་ཐང་ཅན། ཕྱིར་གླ་པར་འགྲོ་མཁན་ཕུལ་བྱུང་གཞོན་ནུ་བཅས་ཏང་ཡོན་དཔུང་ཁག་ནང་བསྡུ་རྒྱུར་དོ་སྣང་བྱས་ཏེ་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་རྒྱུན་ཆད་མེད་པ་བྱས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་བ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།