དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སོག་རྫོང་གིས་ཏང་ནང་གི་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་བྱ་ཆེད། ཉེ་ཆར་སོག་རྫོང་གིས་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་བྱས་ནས “དྲོ་སྐྱིད་ལྡན་པའི་ལག་གཉིས་བརྐྱངས་ནས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་སེམས་ཁུར་བྱེད་པའི ”ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད། ད་རེས་ཀྱི་རོགས་སྐྱོར་གྱི་བྱེད་སྒོའི་ནང་ཁྱོན་བསྡོམས་རོགས་སྐྱོར་གྱི་མ་རྩ་སྒོར་14641གྲབས་གསོག་བྱས་པ་དེ་དག་ཚང་མ་རྫོང་དེ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་སྐྱོབ་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་པ་རེད།

        དཀའ་ངལ་ཡོད་པའི་ཏང་ཡོན་དེ་བས་མང་བ་ཞིག་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཐོབ་པ་བྱ་ཆེད། རྫོང་དེའི་རྩ་འཛུགས་སྡེ་ཚན་གྱིས་ད་དུང་མ་དངུལ་གྲབས་གསོག་བྱེད་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། རོགས་སྐྱོར་གྱི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་ཆེད་རྫོང་དེས་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་རྩིས་ཁྲ་བཟོས་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་འཚོ་བའི་གནས་ཚུལ་ལ་རྗེས་སྙེགས་བརྟག་དཔྱད་བྱས་ནས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་རམ་བྱེད་པའི་ཕུགས་ཕན་ཟུངས་ནུས་འཛུགས་ཆེད་རྨང་གཞི་བཟང་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།