དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷོ་བྲག་རྫོང་གིས་ཏང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ད་ཕན་ལོ་ཤས་རིང་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་གིས “རིམ་གསུམ་མཉམ་གཏོད ”ཀྱི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཏང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གཏོད་པའི་རྣམ་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

        རྫོང་ཨུད་ཀྱི་ཧྲུའུ་ཅིས “རིམ་གསུམ་མཉམ་གཏོད ”བྱེད་སྒོ་དང་ཏང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གི་འགན་འཁུར་བ་གཙོ་བོ་བྱེད་པ་དང་། ཤང (གྲོང་རྡལ )ཏང་ཨུད་ཀྱི་ཧྲུའུ་ཅིས་ཐད་ཀའི་འགན་འཁུར་བ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིས་སྣེ་ཁྲིད་པ་དང་པོ་བྱེད་པ་བཅས་ཀྱི་རྩ་འཛུགས་མ་ལག་བཙུགས་ནས། རིམ་པ་བསྟར་ཆགས་ཀྱིས་ཏང་འཛུགས་སྐྱོང་གི་འགན་ཁྲིའི་ཡི་གེར་མིང་རྟགས་བཀོད་ནས་དམིགས་ཚད་གསལ་པོ་བྱུང་བ་དང་འགན་འཁྲི་དོན་འཁྱོལ་བྱུང་ཡོད། ཏང་འཛུགས་སྐྱོང་གི་ལས་དོན་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལྷོ་བྲག་རྫོང་གིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་བསམ་ཕྱོགས་གསར་གཏོད་བྱས་པས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དུས་ངེས་མེད་དུ་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་འཐུས་མི་གདན་དྲངས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་མྱོང་ཁྲིད་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བའི་ཁོང་ཚོའི་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ཡོད།

        འདྲེན་རྟེན་དམ་འཛིན་དང་གསོན་ཤུགས་ཆེ་རུ་བཏང་ཞིང་། ཞིང་འབྲོག་ཁུལ་གྱི་གཞོན་ནུ་འཇོན་ཐང་ཅན་དུ་འགྱུར་རྒྱུ་དང་ཞིང་འབྲོག་ཁུལ་གྱི་འཇོན་ཐང་ཅན་ཏང་ཡོན་དུ་འགྱུར་རྒྱུ་གསོ་སྐྱོང་དང་། ཏང་ཡོན་གྱིས་སྡེ་ཚོགས་ལ་འབྲེལ་བ་བྱེད་པ་དང་སྡེ་ཚོགས་ཀྱིས་གཞོན་ནུར་འབྲེལ་བ་བྱེད་པ། ཏང་ཡོན་དང་སྡེ་ཚོགས་ཀྱིས་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ་བྱེད་པ་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཟོ་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ནང་དོན་གཙོ་བོ་བྱས་པའི “གསོ་སྐྱོང་གཉིས་དང་། འབྲེལ་བ་གཉིས། སྣེ་ཁྲིད་གཉིས། སྐུལ་འདེད་གཉིས ”བཅས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། “རིམ་གསུམ་མཉམ་གཏོད ”བྱེད་སྒོ་དང་“གསོ་སྐྱོང་གཉིས་དང་སྣེ་ཁྲིད་གཉིས ”ཀྱི་བྱེད་སྒོ་སྤེལ་ཚུན་ལྷོ་བྲག་རྫོང་གི་ཕུལ་བྱུང་ཏང་ཡོན་121ལ་གཟེངས་བསྟོད་ཐོབ་པ་དང་གཞི་རིམ་ཏང་རྩ་འཛུགས་153ལ་གོང་རིམ་གྱི་གཟེངས་བསྟོད་ཐོབ་ནས། ལྷོ་བྲག་རྫོང་འདི་ཉིད་2008ལོར་ལྷོ་ཁ་ས་ཁུལ་གྱིས་ས་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།